མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གློག་བརྙན་གཅིག་དང་བཞི་ཞེས་པ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བསྟན་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱི་བུ་འཇིགས་མེད་འཕྲིན་ལས་ཀྱིས་ཕབ་སྐྲུན་བྱས་པའི་གཅིག་དང་བཞི་ཞེས་པའི་གློག་བརྙན་དེ་ནེའུ་ཡོག་གློག་བརྙན་དུས་སྟོན་ཐེངས་ ༢༠ པའི་ཐོག་བསྟན་རྒྱུ་ཡིན་འདུག

Courtesy of Mani Stone Pictures

ཕྱི་ལོ་ ༢༠༢༢ ལོའི་ནེའུ་ཡོག་གློག་བརྙན་དུས་སྟོན་ཐེངས་ཉི་ཤུ་པ་ ( 20th Anniversary New York Film Festival ) དང་བསྟུན། ཟླ་འདིའི་ཕྱི་ཚེས ༡༦ ཉིན་དགོང་མོའི་ཆུ་ཚོད་ ༨ ཐོག བོད་ཀྱི་ན་གཞོན་གློག་བརྙན་འཁྲབ་འཁྲིད་པ་འཇིགས་མེད་འཕྲིན་ལས་ལགས་ཀྱིས་འཁྲབ་འཁྲིད་བྱས་པའི་བོད་ཀྱི་གློག་བརྙན་གཅིག་དང་བཞི་ཞེས་པ་དེ་ཨ་རིའི་ནེའུ་ཡོག་གི་ཝོལ་ཊར་རེའུ་ཊི་གློག་བརྙན་ཁང་( Walter Reade Thaeter) དུ་བསྟན་རྒྱུ་ཡིན་འདུག

བོད་ཀྱི་གློག་བརྙན་གཅིག་དང་བཞི་ནི་རྩོམ་པ་པོ་འཇམ་དབྱངས་ཚེ་རིང་ལགས་ཀྱིས་བརྩམས་པའི་གཅིག་དང་བཞི་ཞེས་པའི་བརྩམས་སྒྲུང་དེར་གཞི་བཅོལ་ནས་ཕབ་སྐྲུན་བྱས་པ་ཞིག་ཡིན་ཞིང་། གློག་བརྙན་དེ་ ༢༠༡༩ ལོའི་ཟླ ༡༢ ནས་ཕབ་སྐྲུན་བྱེད་མགོ་བཙུགས་འདུག་ཀྱང་། ནད་ཡམས་ཀྱི་རྐྱེན་གྱིས་རྒྱུན་མཐུད་ཐུབ་མེད་འདུག  ཕྱི་ལོ་ ༢༠༢༠ ལོར་བསྐྱར་དུ་མགོ་འཛུགས་བྱས་ཏེ་ལོ་དེའི་ལོ་མཇུག་ཏུ་ཕབ་སྐྲུན་ལེགས་པར་གྲུབ་སྟེ། འདས་ལོའི་ཟླ ༡༠ ཚེས ༣༠ ནས་ཟླ ༡༡ ཚེས ༨ བར་ཉི་ཧོང་དུ་འཚོགས་པའི་ཊོག་ཡོའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་སོ་བཞི་པའི་( 34th  Tokyo International Film Festival ) སྟེང་བསྟན་ཡོད་འདུག

གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། གློག་བརྙན་དེ་ནི་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པས་ཕབ་སྐྲུན་བྱས་པའི་གློག་བརྙན་གཞན་དག་ལས། སྒྱུ་རྩལ་གསལ་སྟོན་གྱི་ནུས་པ་གཅིག་པུར་དམིགས་པ་ཙམ་མ་ཡིན་པར་གློག་བརྙན་བརྩམས་ཆོས་ཀྱི་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ་དང་། གློག་བརྙན་དེའི་ནང་བོད་ནས་བྱུང་བའི་ཁུངས་མེད་དང་། དོགས་གཞི་རང་བཞིན་ཅན་གྱི་གཏམ་རྒྱུད་ཅིག་བརྗོད་ཐབས་བྱས་ཡོད་དེ། ནགས་ཚལ་སྤྱི་གླིང་ཞིག་གི་ནང་དུ་གར་ཡོང་མི་ཤེས་པའི་མི་གསུམ་བསླེབས་ཡོད་པ་དང་། ནགས་ཚལ་སྤྱི་གླིང་དེའི་ལྟ་སྲུང་བ་དེའང་ཅི་ཡིན་འདི་ཡིན་མེད་པར་ཇག་པའི་ལས་ལ་ཞུགས་པའི་འཇིགས་རུང་གི་གཏམ་རྒྱུད་ཅིག་ཡིན་འདུག་ལ། གློག་བརྙན་དེ་ནི་ཆུ་ཚོད་༡ དང་སྐར་མ་ ༢༠ ལྷག་ཡོད་པའི་གཏམ་རྒྱུད་ཅིག་ཡིན་པ་མ་ཟད། དེར་དབྱིན་རྒྱ་གཉིས་ཀྱི་གཤམ་ཡིག་(subtitle )ཀྱང་ཡོད་འདུག

གློག་བརྙན་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས།

བོད་ཀྱི་ན་གཞོན་གློག་བརྙན་འཁྲབ་འཁྲིད་པ་འཇིགས་མེད་འཕྲིན་ལས་ལགས་ནི་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱི་བུ་ཡིན་ཞིང་། ཁོང་གིས་པེ་ཅིན་གློག་བརྙན་སློབ་གླིང་གི་འཁྲབ་ཁྲིད་སྡེ་ཚན་ནང་ཆེད་ལས་སློབ་སྦྱོང་བྱས་ཡོད་པ་དང་།  དེ་སྔོན་ཁོང་གིས་སློབ་གྲྭའི་གུང་སེང་དང་བསྟུན་ནས་བོད་ཀྱི་གློག་བརྙན་དབུགས་ལྒང་དང་། རྒྱ་ནག་གི་གློག་བརྙན་འཁྲབ་ཁྲིད་པ་ཀོམ་ཧོའི་འཁྱག་པ་སོགས་ཀྱི་གློག་བརྙན་ཕབ་སྐྲུན་གྱི་ལས་གཞིར་མཉམ་ཞུགས་བྱས་མྱོང་ཡོད་པ་དང་། ཁོང་གིས་ ༢༠༡༧ ལོར་ཁོང་ཚོས་མཐོ་སྒང་ན་གློག་བརྙན་ལས་བཞིན་འདུག་ཅེས་པའི་དངོས་བྱུང་གློག་བརྙན་ཐུང་གྲས་ཤིག་ཕབ་སྐྲུན་བྱས་ཡོད་པ་དང་། ད་ལན་གྱི་གཅིག་དང་བཞི་ཞེས་པའི་གློག་བརྙན་དེ་ནི་ཁོང་གིས་ཕབ་སྐྲུན་བྱས་པའི་གློག་བརྙན་རིང་གྲས་ཀྱི་བརྩམས་ཆོས་ཐོག་མ་དེ་ཡིན་འདུག་ལ། གློག་བརྙན་དེར་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱིས་ལམ་སྟོན་གནང་ཡོད་ཅིང་། གློག་བརྙན་དེའི་བརྙན་ལེན་པའང་པདྨ་ཚེ་བརྟན་གྱི་བརྙན་ལེན་པ་ལིས་སུང་ཡེ་ཡིན་འདུག

            གསར་འགོད་པ་དཔལ་ལྡན་གྱིས་ལ་དྭགས་ཀྱི་རྒྱལ་ས་གླེ་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

ཆུ་ཚོད་ ༡༨ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese