རྒྱལ་སྤྱིའི་དྲང་བདེན་ཉིན་མོར་བོད་ནང་གི་ཆབ་སྲིད་བཙོ ན་པ་ཚོ་ཀློད་གྲོལ་དགོས་པའི་བསྒྲ གས་གཏམ་སྤེལ་སོང་།
དེ་རིང་སྔ་དྲོར་བོད་ཀྱི་བུད་མེདེ་བཞིན་བསྒྲགས་གཏམ་ནང་མུ་མཐུད་ གཞིས་བྱེས་བོད་མི་རྣམས་རང་གི་ཡུ ལ་དུ་བཞུགས་ཡོད་ཀྱང་འགྲོ་བ་མིའི ་གཞི་རྩའི་ཐོབ་ཐང་སྨྲ་བརྗོད་རང་ དབང་སོགས་དང་ཡོངས་སུ་བྲལ་ནས་རྡོ ་ལེབ་སྐམ་པོའི་སྟེང་གི་གྲོག་མ་ ལྟར་ཞི་བདེ་ལྷིང་འཇགས་ཀྱི་འཚོ་ བ་གཏན་ནས་མེད་པར་གྱུར། དེ་ཡང་རང་གི་ལུས་ངག་ཡིད་གསུམ་གྱི ་རང་དབང་མེད་པ་༧ཀུན་གཟིགས་པཎ་ཆེ ན་རིན་པོ་ཆེ་གཙོས་པའི་གར་སོང་ཆ་ མེད་པ་རྣམས་དང་། ཆབ་སྲིད་བཙོན་པ། དེ་བཞིན་ཉེ་ཆར་འདས་གྲོངས་སུ་ཕྱི ན་པའི་དཔའ་བོ་བླ་བྲང་འཇིགས་མེད་ རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཞི་ བའི་ལས་འགུལ་བ་རྣམས་ལ་དྲང་བདེན་ མ་ཡིན་པའི་སྡུག་སྦྱོང་མནར་གཅོད་ ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་ ཡོད་པར་བརྟེན། བོད་མི་བགྲེས་གཞོན་གྲངས་ ༡༥༩ ལྷག་གིས་རང་ལུས་མེར་བསྲེགས་ཀྱི་ ཐོག་ནས་ཞི་བའི་ངོ་རྒོལ་གྱི་ལས་ འགུལ་སྤེལ་གྱི་ཡོད་པ་རེད། ཅེས་བརྗོད་འདུག

མཇུག་ཏུ། རང་མི་རིགས་ཀྱི་སྐད་དང་ཡི་གེའི་ ཐད་འདྲ་མཉམ་གྱི་རང་དབང་ཁོར་ཡུག་ མེད་པ་རེད། དེ་ཡང་སྔོན་འགྲོའི་སློབ་གྲྭ་ཚུ ན་ཆད་ཀྱི་ནང་དུའང་རྒྱའི་སྐད་ཡི ག་གཞི་རྩར་བྱས་པའི་སློབ་ཚན་རྣ མས་མི་འདོད་བཞིན་དུ་སྦྱོང་དགོས་ པ་དང་། རང་གི་དད་མོས་བྱ་ཡུལ་རྩ་བའི་བླ་ མའི་སྐུ་པར་ཙམ་དད་རྟེན་དུ་ཉར་ ཚགས་ཞུས་ཀྱང་འཛིན་བཟུང་བཙོན་འཇུ ག་བྱས་དང་བྱེད་མུས་ཡིན་ཞིང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུ ལ་བ་ཀརྨ་བསམ་གྲུབ་ལགས་དང་ཨ་ཉག་ སེང་སྒྲ་ལགས་ལ་སོགས་པའི་ཞི་བའི་ ལས་འགུལ་བ་མང་དག་ཅིག་དྲང་བདེན་ མ་ཡིན་པའི་སྡུག་སྦྱོང་འོག་མནར་གཅོད་ མྱངས་དང་མྱོང་བཞིན་ཡོད་པ་རེད། མདོར་ན། བོད་ས་ཡོངས་སུ་དྲང་བདེན་མེད་པའི ་སྡུག་སྦྱོང་མནར་གཅོད་བཏང་དང་ གཏོང་བཞིན་པ་རྣམས་མྱུར་དུ་མཚམས་ འཇོག་གིས། དྲང་བདེན་དང་འདྲ་མཉམ་སོགས་བདེ་ སྐྱིད་ལྡན་པའི་ཞི་བདེའི་ཉི་མ་མྱུ ར་དུ་འདྲེན་དགོས་པའི་འབོད་སྐུལ་ ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།
གསར་འགོད་པ། བསྟན་འཛིན་ཕུར་བུ།





![Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]](https://tibettimes.net/wp-content/uploads/2026/05/Screen-Shot-2026-05-14-at-5.25.22-PM-360x180.png)