མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོར་སློབ་མ་ ༤༥ ལ་དགའ་ལྡན་ཕོ་བྲང་གི་སློབ་ཡོན་ཐོབ་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

དགའ་ལྡན་ཕོ་བྲང་དགེ་རྩ་ནས་འདི་ལོའི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་གཙུག་ལག་སློབ་ཐོན་གྱི་བོད་རིགས་སློབ་མ་ ༤༥ ལ་འདི་ལོའི་དགའ་ལྡན་ཕོ་བྲང་གི་སློབ་ཡོན་གནང་གཏན་འཁེལ་ཡོད་འདུག

Exile Tibetan Children perform in celebration of the Dalai Lama’s 80th birthday at Tsuglakhang temple in McLeod Ganj, India, on 6 July 2015. Photo: Tibet Sun/Lobsang Wangyal

དེ་རིང་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༢ ལོའི་ཏཱ་ལའི་བླ་མའི་གཙུག་ལག་སློབ་ཐོན་སློབ་ཡོན་ཆེད་སྙན་ཞུ་འབུལ་མཁན་སློབ་མ་ ༧༥ བྱུང་བ་ལས་སློབ་ཕྲུག་ ༤༥ བདམས་ཐོན་བྱུང་ཡོད་པ་དང་། ཨ་རི་དང་ཁེ་ན་ཌ། ཡོ་རོབ། ཨེ་ཤ་ཡ་བཅས་ཀྱི་ནང་ཆེས་མཐོའི་གཙུག་ལག་སློབ་ཁང་ཁག་ཏུ་གཙུག་ལག་རབ་འབྱམས་པ་དང་། འབུམ་རམས་པའི་སློབ་སྦྱོང་གནང་བཞིན་པའི་སློབ་མ་དེ་དག་གིས། ཕྲ་སྲིན་སྐྱེ་ལྡན་རིག་པ་དང་མཁའ་འགྲུའི་འཕྲུལ་ལས་རིག་པ། མི་རིགས་རིག་པ། སྤྱི་ཚོགས་འཕྲོད་བསྟེན། ཁྲིམས་དང་སྨན། སྒྲ་སྙན་བཟོ་རིག་པ་ལ་སོགས་པའི་ཐོག་ལ་ཆེད་སྦྱོང་གནང་བཞིན་ཡོད་འདུག

གཞན་ཡང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་འདི་ལོའི་སློབ་ཡོན་དང་འབྲེལ་བའི་གསལ་བསྒྲགས་ནང་དུ། འདི་ལོའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཡོན་དང་ཟུར་བཅད་ས་མིག དེ་བཞིན་ཤེས་རིག་སློབ་ཡོན་ཆེད་འཛིན་གྲྭ་བཅུ་པའི་ཚད་མཉམ་བོད་ཡིག་ཡིག་རྒྱུགས་གཏོང་རྒྱུའི་དུས་ཚེས་ཕར་འགྱངས་གནང་འདུག ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཡོན་དང་ཟུར་བཅད་ས་མིག་གི་དུས་ཚེས་ཟླ་འདིའི་ཕྱི་ཚེས་ ༣༡ ལ་དུས་འགྱངས་གནང་ཡོད་པ་དང་། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་འཛིན་རིམ་བཅུ་པའི་ཚད་མཉམ་བོད་ཡིག་ཡིག་རྒྱུགས་གཏོང་འཆར་ཡོད་པ་དེ་ཕྱི་ཟླ་ ༨ ཚེས་ ༣ ལ་དུས་འགྱངས་གནང་འདུག

དགའ་ལྡན་ཕོ་བྲང་གི་མཐོ་རིམ་སློབ་ཡོན་དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན། ཕྱི་ལོ་ ༢༠༡༡ ལོར་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ནས་མགོ་འཛུགས་གནང་ཞིང་། ད་བར་བོད་རིགས་སློབ་མ་ཁྱོན་ ༢༥༠ ལ་ཨ་སྒོར་ས་ཡ་ ༢།༥ ཙམ་གྱི་སློབ་ཡོན་གནང་ཡོད་པ་དང་། དེ་ཡང་སློབ་ཚན་བྱེ་བྲག་པའི་ཐོག་གྲུབ་འབྲས་འབུར་ཐོན་གྱི་སློབ་མ་རྣམས་ལ་སློབ་ཡོན་དེ་འབུལ་བཞིན་ཡོད་འདུག་ལ། སློབ་ཡོན་ལས་གཞིའི་དགོས་དམིགས་ནི། བོད་པའི་སློབ་མ་རྣམས་ལ་སློབ་ཡོན་གྱི་མཐུན་རྐྱེན་སྦྱར་ཏེ་གཙུག་ལག་རབ་འབྱམས་པའི་སློབ་ཚན་ལ་ཆེད་སྦྱོང་བྱས་པ་བརྒྱུད་བོད་མིའི་ནུས་པ་གོང་འཕེལ་དུ་གཏོང་ཆེད་དང་། འགྲོ་བ་མིའི་རིགས་དང་ཤེས་ཡོན་ལ་རམ་འདེགས་སྒྲུབ་ཐུབ་པའི་ཆེད་དུ་དམིགས་པ་ཞིག་ཡིན་འདུག

སྤྱིར་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ནི། ༧གོང་ས་སྐྱབས་ཆེན་པོ་མཆོག་གིས་གཞི་རྩའི་འགྲོ་བ་མིའི་རིན་ཐང་དང་། ཆོས་ལུགས་མཐུན་སྒྲིལ། ཞི་བདེ་དང་། འཚེ་མེད་ཞི་བ། ཁོར་ཡུག་སྲུང་སྐྱོབ་སོགས་ལ་གཙོ་བོར་དམིགས་ནས་བཙུགས་པ་ཞིག་ཡིན་ཞིང་། ཚོགས་པའི་ངོས་ནས་བོད་ཀྱི་ཆོས་རིག་ལ་སྲུང་སྐྱོབ་དང་བོད་མིར་རོགས་སྐྱོར། དེ་བཞིན་མི་རིགས་དང་ཆོས་ལུགས།  སྐྱེས་ཁུངས་སོགས་ལ་དབྱེ་བ་མེད་པར་མཁོ་ངེས་ཅན་ཚོར་རོགས་སྐྱོར་ཆེན་པོ་གནང་མུས་ཡིན་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མིས་བཟོས་རིག་ནུས་ཀྱི་བསྒྲིགས།
Editorials

མི་རབས་གསར་པའི་ངར་ཤུགས།

ཆུ་ཚོད་ ༨ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན།

༢༠༢༦/༡༠/༠༩
Mobile App

འཐབ་རྩོད་གཉིས།

༢༠༢༦/༡༠/༠༨
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༠༨
ཨ་མ་རྗེ་བཙུན་པདྨའི་གཟེངས་རྟགས་བཞེས་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ།

༢༠༢༦/༡༠/༠༧
TTTT
Mobile App

ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད།

༢༠༢༦/༡༠/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese