མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེངྒ་ལའི་སྲིད་འཛིན་གསར་པས་དམ་བཅའ་ཕུལ།

བོད་ཀྱི་དུས་བབ།
༢༠༢༢/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སེངྒ་ལའི་གྲོས་ཚོགས་ཀྱིས་སྲིད་བློན་ཟུར་པ་ར་ཎིལ་ཝི་ཁེ་རེ་མེ་སིང་སྲིད་འཛིན་དུ་བདམས་ཏེ་དམ་བཅའ་ཕུལ་ཡོད་ཀྱང་ཡུན་རིང་ནས་བྱུང་བའི་མི་མང་གི་གཞུང་རྒོལ་ལས་འགུལ་ད་དུང་མཇུག་སྒྲིལ་ཐུབ་མེད་འདུག

Ranil Wickremesinghe sworn in as the new president of Sri Lanka by the Chief Justice Jayantha Jayasuriya at the parliament, amid the country’s economic crisis, in Colombo, Sri Lanka July 21, 2022. (Reuters)

ཁ་སང་ཕྱི་ཚེས་ ༢༠ ཉིན་སིངྒ་ལའི་གྲོས་ཚོགས་ཀྱིས་ཡུལ་དེའི་སྲིད་འཛིན་གྱི་འོས་བསྡུ་བྱས་ཡོད་པ་ལྟར། ཆབ་སྲིད་པ་ (Dullas Alahapperuma) ལ་འོས་གྲངས་ ༨༢ དང་། སྲིད་བློན་ཟུར་པ་ར་ཎིལ་ཝི་ཁེ་རེ་མེ་སིང་ (Ranil Wickremesinghe) ལ་འོས་གྲངས་ ༡༣༤ ཐོབ་སྟེ་ཁོང་སྐབས་དགུ་པའི་སྲིད་འཛིན་དུ་བདམས་ཐོན་བྱུང་སྟེ། དེ་རིང་སྔ་དྲོར་ལས་འཁུར་དམ་བཅའ་ཕུལ་ཡོད་འདུག

ཐེངས་འདིའི་སྲིད་འཛིན་གྱི་འོས་བསྡུའི་གྲུབ་འབྲས་ལ་བློ་ཕམ་དང་འདོད་བློ་མ་ཁེངས་བའི་མི་མང་གིས། བདམས་ཐོན་སྲིད་འཛིན་ཁོང་ནི་སྲིད་འཛིན་ཟུར་པ་གྷོ་ཏ་བྷ་ཡ་ར་ཇ་པག་ས་ (Gotabaya Rajapaksa) ཡི་རྗེས་འབྲང་བ་ཡིན་ལ། ཁོང་གིས་ལྐོག་ཟ་རུལ་སུངས་དང་བཙན་གནོན། དེ་བཞིན་དཔལ་འབྱོར་སྟངས་འཛིན་ཡག་པོ་བྱེད་ཀྱི་མེད་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་ཏེ། སིངྒ་ལའི་རྒྱལ་ས་ཁོ་ལོམ་བྷོ་རུ་ངོ་རྒོལ་བྱེད་བཞིན་འདུག ད་དུང་ངོ་རྒོལ་བ་འགས་རྒྱལ་ཁབ་ཀྱི་ལམ་ལུགས་ལ་དྲང་བདེན་མེད་པ་དང་ལྐོག་ཟ་རུལ་སུངས་ཀྱི་ཐབས་ཇུས་ལ་བློ་ཕམ་ཡོད་སྐོར་རྗོད་ཀྱི་འདུག་ཀྱང་། དེ་རིང་སྲིད་འཛིན་གྱི་དམ་འབུལ་མཛད་སྒོའི་གཏམ་བཤད་སྐབས། ར་ཎིལ་ཝི་ཁེ་རེ་མེ་སིང་གིས་ཁོང་རང་མི་མང་གི་གྲོགས་པོ་ཡིན་པ་ལས་སྲིད་འཛིན་ཟུར་པ་ར་ཇ་པག་ས་ཡི་གྲོགས་པོ་མིན་སྐོར་དང་།ཁོང་གི་གཞུང་དང་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྣམས་མཉམ་རུབ་ཀྱིས་ཕྱག་ལས་གནང་སྟེ། སིངྒ་ལའི་ནང་ད་ལྟ་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དེ་སེལ་ཐབས་སུ་ཐབས་ལམ་གསར་པ་བེད་སྤྱོད་གཏང་སྟེ་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

རང་ལོ་ ༧༣ ཡིན་པའི་ར་ཎིལ་ཝི་ཁེ་རེ་མེ་སིང་ནི་ཕྱི་ལོ་ ༡༩༤༩ ཟླ་ ༣ ཚེས་ ༢༤ ཉིན་སིངྒ་ལའི་རྒྱལ་ས་ཁོ་ལོམ་བྷོ་རུ་ཁྲིམས་རྩོད་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཁྲིམས་ཀྱི་ཐོག་ཆེད་ལས་སློབ་སྦྱོང་ཐོན་རྗེས་ཁྲིམས་རྩོད་པའི་ཕྱག་ལས་གནང་ཡོད་འདུག ཁོང་ནི་རྒྱལ་ཁབ་མཉམ་འབྲེལ་སྲིད་དོན་ཚོགས་པ་ (United National Party) ཚོགས་མི་ཞིག་ཡིན་ཞིང་། ཕྱི་ལོ་ ༡༩༧༧ ལོར་གྲོས་ཚོགས་འཐུས་མིར་བདམས། ཕྱི་ལོ་ ༡༩༧༨ ལོར་སྐབས་དེའི་སྲིད་འཛིན་ (J. R. Jayewardene) གྱིས་ཁོང་ཕྱི་སྲིད་བློན་ཆེན་གཞོན་པར་བསྐོ་གཞག་བྱས། ཁོང་གིས་གཞོན་སྐྱེས་མང་པོར་ལས་རིགས་ཀྱི་སྦྱོང་བརྡར་སྤྲད་ཡོད་པ་དང་། ཕྱི་ལོ་ ༡༩༨༠ ལོར་ཤེས་རིག་བློན་ཆེན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༨༩ ལོར་བཟོ་གྲྭའི་བློན་ཆེན་གྱི་ཕྱག་ལས་གནང་ཡོད་པ་རེད། འོན་ཀྱང་བློན་ཆེན་གྱི་ཕྱག་ལས་གནང་སྐབས། དབང་ཆ་བེད་སྤྱོད་ལོག་པར་བཏང་སྟེ་ཁྲིམས་འགལ་གྱིས་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག

Sri landka former president Gotabaya Rajapaksa and his brother Mahinda Rajapaksa. photo:AP

ཕྱི་ལོ་ ༡༩༩༤ ལོར་རྒྱལ་ཁབ་མཉམ་འབྲེལ་སྲིད་དོན་ཚོགས་པ་དང་ཕྱོགས་འགལ་ཚོགས་པའི་ཚོགས་གཙོའི་ཕྱག་ལས་གནང་། དེ་ནས་ཕྱི་ལོ་ ༡༩༩༩ ལོར་རྒྱལ་ཁབ་མཉམ་འབྲེལ་སྲིད་དོན་ཚོགས་པས་སྲིད་འཛིན་གྱི་འོས་མིར་བསྐོ་གཞག་བྱས་ཡོད་ཀྱང་འོས་ཐོབ་མེད་པ་རེད། ཕྱི་ལོ་ ༢༠༠༡ ནས་ ༢༠༠༤ དང་  ༢༠༡༥ ནས་ ༢༠༡༨ ། ཕྱི་ལོ་ ༢༠༡༨ ནས་ ༢༠༡༩ བཅས་ལ་སྲིད་བློན་གྱི་ཕྱག་ལས་གནང་སྟེ། ཕྱིའི་རྒྱལ་ཁབ་དང་འབྲེལ་ལམ་ཡག་ཏུ་བཏང་ནས་ཕྱིའི་རྒྱལ་ཁབ་ཀྱི་རོགས་སྐྱོར་འོག་སིང་གྷ་ལའི་དཔལ་འབྱོར་གྱི་དཀའ་ངལ་དང་རྩོད་རྙོག་མང་པོ་བྱུང་གི་ཡོད་པ་རྣམས་སེལ་ཐབས་བྱས། ཕྱི་ལོ་ ༢༠༠༤ ལོར་སྲིད་འཛིན་གྱི་འོས་མིར་ལངས་ཡོད་ཀྱང་འོས་ཕམ་བྱུང་། ཁོང་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་གནང་སྐབས། དམངས་གཙོ་ཚོགས་པའི་ཚོགས་གཙོ་མིན་པར་སྲིད་དབང་སྒེར་འཛིན་པ་ཡིན་པའི་སྐྱོན་བརྗོད་བྱས་ཏེ། རྒྱལ་ཁབ་མཉམ་འབྲེལ་སྲིད་དོན་ཚོགས་པའི་ནང་སྲིད་དབང་སྒེར་འཛིན་པ་མི་དགོས་པའི་སྐྱོན་བརྗོད་ཡོད་པ་མ་ཟད། འདས་པའི་ཟླ་ཤས་རིང་མི་མང་གིས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན། ཡུལ་དེའི་སྲིད་འཛིན་གྷོ་ཏ་བྷ་ཡ་ར་ཇ་པག་ས་ (Gotabaya Rajapaksa)དང་། ཁོང་གི་གཅུང་པོ་སྲིད་བློན་མ་ཧིན་དྷ་རཱ་ར་ཇ་པག་ས། སྲིད་བློན་ར་ཎིལ་བཅས་ཀྱིས་སྔ་གཞུག་ཏུ་ལས་གནས་ནས་རྩ་དགོངས་ཞུ་དགོས་བྱུང་བ་མ་ཟད། སྲིད་འཛིན་ཟུར་པ་ར་ཇ་པག་ས་ཡུལ་གཞན་ལ་བྲོས་བྱོལ་དུ་ཕྱིན་པ་དང་། ཁོང་གི་གཅུང་པོ་མི་མང་གི་རྟོག་ཞིབ་འོག་གནས་དགོས་བྱུང་།

སྲིད་འཛིན་ཟུར་པ་(Gotabaya Rajapaksa)དང་སྲིད་བློན་ཟུར་པ་ (Mahinda Rajapaksa)གཅེན་གཅུང་གཉིས་ནི་སེངྒ་ལའི་ར་ཇ་པག་ས་ཁྱིམ་བརྒྱུད་དུ་སྐྱེས་ཤིང་། དཔོན་ཁྱིམ་དེ་ཉིད་ཡུལ་དེའི་ལོ་རྒྱུས་ཁྲོད་ཧ་ཅང་གལ་འགངས་ཆེ་ལ་དབང་ཤུགས་ལྡན་པའི་ཁྱིམ་བརྒྱུད་ཅིག་ཡིན་ལ། ལྷག་པར་དུ་རྒྱལ་སྤྱིའི་ཐོག་གཅེན་གཅུང་གཉིས་ལ་དམག་དོན་དྲག་སྤྱོད་སྤེལ་བའི་ཉེས་འཛུགས་བྱེད་མཁན་ཡོད་མེད་ལ་མ་ལྟོས་པར། ད་བར་སེངྒ་ལའི་ནང་པའི་མི་མང་ཤོས་ཀྱིས་ཁོང་གཉིས་ནི་ཡུལ་དེའི་ལོ་ངོ་ ༣༠ ལྷག་གི་ནང་འཁྲུག་ཞི་འཇགས་བཟོ་མཁན་གྱི་དཔའ་བོ་ཞིག་ལ་ངོས་འཛིན་བྱས་ཡོད་ནའང་། ཕྱི་ལོ་ ༢༠༡༩ ལོར་གཞུང་གིས་ཁྲལ་ལ་ཆག་ཡང་བཏང་བའི་རྐྱེན་གྱིས་མ་དངུལ་ལ་གྱོང་གུད་ཆེན་པོ་ཤོར་བའི་ཐོག འདས་པའི་ལོ་གཉིས་ནང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་སྒོ་བརྒྱབ་པ་སོགས་ཀྱིས། ཡུལ་དེའི་ནང་སྣུམ་དང་གློག སྨན་རྫས་སོགས་ཀྱི་ཐོག་ནས་དཀའ་ངལ་ཆེན་པོ་འཕྲད་དེ་ཛ་དྲག་གི་གནས་བབ་འོག་ལྷུང་བར་བརྟེན། མི་མང་གིས་ངོ་རྒོལ་ཡར་ལངས་གཞི་རྒྱ་ཆེན་པོ་བྱས་ཏེ་སྲིད་འཛིན་དང་སྲིད་བློན་གཅེན་གཅུང་གཉིས་ནས་སྔ་གཞུག་ཏུ་རྩ་དགོངས་ཞུ་དགོས་བྱུང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༨ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༡༣ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese