མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་དམངས་གཙོའི་ལས་འགུལ་བར་སྲོག་ཁྲིམས་བཅད།

བོད་ཀྱི་དུས་བབ།
༢༠༢༢/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་འབར་མ་དྲག་དམག་སྲིད་གཞུང་གིས་གྲོས་ཚོགས་འཐུས་མི་ཟུར་པ་གཅིག་བཅས་དམངས་གཙོའི་ལས་འགུལ་བ་གཙོ་བོ་ ༤ ལ་སྲོག་ཁྲིམས་བཅད་ཡོད་པ་དང་དེ་ནི་འདས་པའི་ལོ་ངོ་ ༣༠ ནང་འབར་མ་གཞུང་གིས་སྲོག་ཁྲིམས་ལག་བསྟར་བྱས་པ་ཐོག་མ་དེ་ཡིན་ཚུལ་བསྒྲགས་འདུག

Prominent activist Kyaw Min Yu (Ko Jimmy), left, and former NLD lawmaker Phyo Zayar Thaw.

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། འབར་མ་དྲག་དམག་སྲིད་གཞུང་ནས་དམངས་གཙོའི་ལས་འགུལ་བ་བཞི་དེས་གདུག་རྩུབ་དང་དྲག་པོའི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་སྲོག་ཁྲིམས་བཅད་ཡོད་པར་བརྟེན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨེན་ཊོ་ནིའོ་གུ་ཊེ་རེ་སི་ (Antonio Guterres) ཡིས། དྲག་དམག་སྲིད་གཞུང་གིས་དམངས་གཙོ་ལས་འགུལ་བ་ ༤ སྲོག་ཐོག་བཅད་པའི་ཐག་གཅོད་དེ་ནི་མིའི་རང་དབང་དང་ཚེ་སྲོག་སོགས་རྩིས་མེད་རྡོག་རོལ་བཏང་ཡོད་སྐོར་བརྗོད་འདུག་ལ། དེ་བཞིན་དྲག་དམག་སྲིད་གཞུང་གིས་ཁྲིམས་འགལ་དང་དྲག་སྤྱོད་པར་ངོས་འཛིན་བྱས་པའི་རྒྱལ་ཁབ་ཀྱི་གཅིག་སྒྲིལ་གཞུང་ (National Unity Government) གི་མགྲིན་ཚབ་པ་ཁེའོ་ཛོ་ (Kyaw Zaw) ཡིས། དམངས་གཙོའི་ལས་འགུལ་བ་དམར་གསོད་བཏང་བར་སྐྱོན་བརྗོད་དང་སྦྲགས། གནས་ཚུལ་དེར་ཧང་སངས་པ་དང་སེམས་སྐྱོ་དགོས་བྱུང་ཡོད་སྐོར་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་དྲག་དམག་སྲིད་གཞུང་གི་གདུག་རྩུབ་ཅན་གྱི་བྱ་སྤྱོད་དང་མི་བསད་པར་ངན་ལན་སློག་དགོས་པའི་རེ་སྐུལ་བྱས་སྐོར་བརྗོད་འདུག་ལ། འབར་མའི་མི་མང་གིས་ལས་འགུལ་བ་དེ་བཞི་ལ་མྱ་ངན་དང་གུས་འདུད་མཚོན་ཆེད་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཚོན་མདོག་ནག་པོ་དང་དམར་པོའི་པར་རིས་སྣ་ཚོགས་འཇོག་གི་ཡོད་འདུག

རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ (Amnesty International) དབུ་འཛིན་ཨཱར་ཝིན་ (Erwin Van Der Borght) གྱིས། དྲག་དམག་སྲིད་གཞུང་གིས་སྲོག་ཁྲིམས་བཅད་པ་དེ་འབར་མའི་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་དང་། མི་མང་ལ་གདུག་རྩུབ་ལག་བསྟར་བྱས་པ་ཞིག་ཡིན་ལ། དྲག་དམག་སྲིད་གཞུང་གིས་དམངས་གཙོའི་ལས་འགུལ་བ་བཞི་ལ་དྲང་བདེན་མ་ཡིན་པའི་ཁྲིམས་བཤེར་དང་གསང་བའི་ཐོག་ནས་ནག་ཉེས་བཙུགས་ཡོད་སྐོར་དང་། མི་མང་ ༡༠༠ ལྷག་ལ་ནག་ཉེས་བཙུགས་སྟེ་འདས་གྲོངས་སུ་ཕྱིན་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁྲིམས་ཀྱི་ཉེས་ཆད་གཅོད་དགོས་སྐོར་བརྗོད་འདུག

གཞན་ཡང་། ནེའུ་ཡོག་ལ་རྟེན་གཞི་བྱས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ (Human Rights Watch) གིས། སྲོག་ཁྲིམས་བཅད་པའི་དམིགས་ཡུལ་ནི་དྲག་དམག་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་རྣམས་ཀྱིས་ལས་འགུལ་མཚམས་འཇོག་བྱེད་པའི་ཆེད་དུ་ཡིན་སྐོར་དང་། ཨེ་ཤ་ཡ་ཚོགས་པའི་ཚོགས་གཙོ་ཨེ་ལིན་པིར་སོན་ (Elaine Pearson)གྱིས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་དང་ཨ་རི། རྒྱལ་སྤྱིའི་གཞུང་དག་ནས་འབར་མ་དྲག་དམག་སྲིད་གཞུང་གི་བྱས་ཉེས་ལ་རྒོལ་ལན་སློག་དགོས་སྐོར་དང་། བཙོན་འཇུག་བྱས་པའི་འབར་མའི་ཆབ་སྲིད་པ་རྣམས་ཀློད་གྲོལ་དགོས་པའི་དགོས་འདུན་འདོན་དགོས་སྐོར་བརྗོད་ཡོད་འདུག

NLD leader Aung San Suu Kyi (R) and Member of Parliament Phyo Zeya Thaw leave after attending a lower house of parliament meeting at Naypyitaw, Myanmar March 11, 2016. REUTERS/Soe Zeya Tun/File Photo

སྲོག་ཁྲིམས་བཅད་པའི་དམངས་གཙོའི་ལས་འགུལ་བ་རང་ལོ་ ༥༣ ཡིན་པའི་མིཎ་ཡུ་ (Kyaw Min Yu) ཡིས། ཕྱི་ལོ་ ༡༩༨༨ ལོར་དྲག་དམག་སྲིད་གཞུང་ལ་ངོ་རྒོལ་དང་དམངས་གཙོའི་ལས་འགུལ་སྤེལ་བར་བརྟེན་བཙོན་འཇུག་ཐེངས་མང་བྱས་ཏེ། ཕྱི་ལོ་ ༢༠༡༢ ལོར་ཀློད་གྲོལ་བཏང་ཡོད་པ་རེད། འོན་ཀྱང་འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་ཁོང་གིས་གོ་མཚོན་སོགས་སྦས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག དེ་བཞིན་རང་ལོ་ ༤༡ ཡིན་པའི་ཛེ་ཡ་ཐཱོ་ (Phyo Zeya Thaw) ནི་ལྕམ་ཨང་སན་སུའུ་སྐྱིད་ (Aung San Suu Kyi) ཀྱི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་ཞིག་དང་། གླུ་གཞས་སྒྱུ་རྩལ་བ་ཞིག་ཀྱང་ཡིན་འདུག  ཁོང་གིས་དྲག་དམག་སྲིད་གཞུང་ལ་ངོ་རྒོལ་ཆེད་གཞས་ཚིག་བརྩམས་པ་སོགས་ཀྱི་ཉེས་མིང་འོག འདས་ལོའི་ཕྱི་ཟླ་ ༡༡ ནས་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག གཞན་ཡང་། ལས་འགུལ་བ་མཱ་ཡོ་ཨང་ Hla Myo Aung དང་ཨང་ཐུ་རཱ་ Aung Thura Zaw གཉིས་ཀྱིས་དྲག་དམག་སྲིད་གཞུང་གི་སོ་མྱུལ་བ་བུད་མེད་གཅིག་བསད་པའི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་འདུག འདི་ལོའི་ཕྱི་ཟླ་ ༡ པོའི་ནང་དམངས་གཙོའི་ལས་འགུལ་བ་དེ་བཞི་ལ་སྲོག་ཁྲིམས་གཅོད་རྒྱུའི་ཐག་གཅོད་བྱས་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༢ པའི་ནང་འབར་མའི་དྲག་དམག་ཕྱོགས་ཀྱིས་ཡུལ་དེའི་འོས་བསྡུའི་གྲུབ་འབྲས་རྩིས་མེད་བཏང་སྟེ། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་སྣེ་འཁྲིད་པའི་དམངས་གཙོའི་སྲིད་གཞུང་མགོ་རྟིང་བསླགས་ཡོད་པ་མ་ཟད། ལྕམ་ཨང་སན་སུའུ་སྐྱིད་ལགས་རྒྱལ་ཁབ་ཀྱི་སློབ་སྟོན་པའི་གོ་གནས་ནས་གནས་དབྱུང་བཏང་ཏེ་རང་ཁྱིམ་ལ་བཟང་བཙོན་དུ་བཅུག་ཡོད་པ་དང་། མི་མང་གིས་དྲག་དམགགི་བཙན་བཟུང་ལ་ངོ་རྒོལ་ལས་འགུལ་སྣ་མང་སྤེལ་བར་བརྟེན། ད་བར་མི་གྲངས་ ༡༤༨༤༠ ལྷག་འཛིན་བཟུང་དང་། མི་མང་ ༡༡༧༥༩ ལྷག་བཀག་ཉར། མི་ ༢༡༡༤ ཙམ་གྱིས་ཚེ་སྲོག་ཤོར་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese