མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མ་འོངས་ལོ་ལྔའི་ནང་བསམ་ཡས་གླིང་བོད་མིའི་གཞིས་སྒར་ཟས་རིགས་ཀྱི་ལྟེ་གནས་ཞིག་ཏུ་བསྒྱུར་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

ལྡི་ལི་གཞུང་ནས་བསམ་ཡས་གླིང་བོད་མིའི་གཞིས་སྒར་ཁུལ་དེ་མ་འོངས་ལོ་ལྔའི་ནང་རྒྱ་གར་རྒྱལ་ས་ལྡི་ལིའི་ཟས་རིགས་ཀྱི་ལྟེ་གནས་ཤིག་ཏུ་བསྒྱུར་བའི་ལས་གཞི་འགྲུབ་པ་བྱ་རྒྱུ་ཡིན་འདུག

ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར། པར་ཁུངས་མི་གསལ།

ཟླ་འདིའི་ཚེས་ ༢༤ ཉིན་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཨར་ཝེ་ད་ཀེ་ཇེ་བལ་(Arvind Kejriwal )ལགས་ཀྱིས། མན་ཇུ་ཊ་ལ ( Majnu Ka Tila) བོད་མིའི་གཞིས་སྒར་ཁུལ་དང་ཅན་ཏ་ནི་ཅོཀ་( Chandni Chowk ) གཉིས་ལྡི་ལི་གྲོང་ཁྱེར་གྱི་གཞི་རྒྱ་ཆེ་བའི་ཟས་རིགས་ཀྱི་ལྟེ་གནས་ཤིག་ཏུ་འཛུགས་སྐྲུན་བྱ་རྒྱུ་ཡིན་སྟབས།  མ་འོངས་ཉིན་ ༤༠ ལྷག་ནང་ས་གནས་སུ་འཆར་འགོད་ཀྱི་ལས་དོན་བྱ་རྒྱུ་ཡིན་འདུག ལས་གཞི་དེའི་ཁྲོད་ནས་ལས་མེད་མི་མང་འབུམ་ ༢༠ ལྷག་ལ་ལས་ཀའི་གོ་སྐབས་བསྐྲུན་ཏེ། རྒྱ་གར་གྱི་གཞི་རྒྱ་ཆེ་བའི་ཟས་རིགས་གྲོང་ཁྱེར་ཞིག་བསྐྲུན་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

དེའི་ཐད་འདི་གའི་གསར་འགོད་པས་ལྡི་ལི་བསམ་ཡས་གླིང་གི་ས་གནས་མགོ་འཛིན་རྡོ་རྗེ་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་ས་གནས་མི་མང་གིས་དེའི་ཐད་ལ་དགོངས་ཚུལ་ག་འདྲ་ཡོད་མེད་ཐད་དྲིས་པར་ཁོང་གིས། ས་གནས་མི་མང་གི་ངོས་ནས་དེ་དྭང་ལེན་བྱེད་ཀྱི་ཡོད་པ་རེད། དེ་ནི་ས་གནས་མགོ་ཁྲིད་དང་མངའ་སྡེ་གཞུང་གི་བློན་ཆེན་གཞོན་པས་ཚོགས་འདུ་རིམ་པ་མང་པོ་འཚོགས་ནས་ཐག་གཅོད་བྱུང་བ་ཞིག་ཡིན་པ་ལས། མངའ་སྡེ་གཞུང་ནས་མར་བཀའ་ཕབ་ཏེ་ཐག་གཅོད་བྱུང་བ་ཞིག་རེད་མི་འདུག ཅེས་བརྗོད་བྱུང་།

འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་ཁྲོད་བསམ་ཡས་གླིང་གི་བོད་མི་ཚོར་དཀའ་ངལ་དང་གདོང་ལེན་དགོས་པའི་གནད་དོན་རིགས་འབྱུང་སྲིད་མིན་དྲིས་པར་ཁོང་གིས། གནས་སྟངས་དེའི་ཐད་ལ་དམིགས་བསལ་དཀའ་ངལ་ཅི་ཡང་འབྱུང་གི་མ་རེད་བསམ་གྱི་འདུག འཛུགས་སྐྲུན་བྱེད་སའི་ས་ཁུལ་དེའི་ལམ་ཁ་དང་ཆུ་རྐ་སོགས་ལ་མངའ་སྡེ་གཞུང་གི་མཐུན་འགྱུར་འོག་གང་ཡོད་པ་དེ་ཡར་རྒྱས་གཏང་རྒྱུ་ཡིན་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། མངའ་སྡེ་གཞུང་གིས་ལམ་ཁ་དང་ཆུ་རྐ་སོགས་ཡར་རྒྱས་གཏང་རྒྱུ་ཡིན་པ་མ་ཟད། ཐེངས་འདིའི་ལས་གཞི་ནི་ལྡི་ལི་ཁུལ་དེར་ཟས་རིགས་ཀྱི་ལྟེ་གནས་སྐད་གྲགས་ཅན་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དང་།  ལས་མེད་ན་གཞོན་རྣམས་ལ་ལས་ཀ་སྤྲོད་རྒྱུའི་དམིགས་ཡུལ་ཡོད་པ་མ་ཟད།  ཟས་རིགས་ལྟེ་གནས་ཀྱི་ལས་གཞི་འདི་ཁྱབ་ཆེ་བར་གྱུར་ན་བོད་མིའི་ཚོང་ལས་དང་མཉམ་དུ་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་སོགས་ཁྱབ་བསྒྲགས་བྱེད་པར་ཕན་ཐོགས་འབྱུང་གི་ཡོད་སྐོར་དང་། རྒྱ་གར་མངའ་སྡེ་གཞུང་ནས་བདུན་ཕྲག་དྲུག་གི་རིང་ལ་འཆར་བཀོད་བྱས་རྗེས་དངོས་སུ་འཛུགས་སྐྲུན་ལག་བསྟར་བྱ་རྒྱུ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

ཟས་རིགས་ལྟེ་གནས་ཀྱི་འཛུགས་སྐྲུན་འདི་ནི་རྒྱ་གར་རྒྱལ་ཡོངས་ཀྱི་གཞི་རྒྱ་ཆེ་བའི་ལས་གཞི་ཞིག་ཡིན་པ་མ་ཟད། མ་འོངས་པར་རྒྱ་གར་གྱི་ཟས་རིགས་ཚོང་ལས་ཀྱི་རིམ་པ་དང་པོའི་ཁོངས་སུ་ཚུད་རྒྱུ་དང་། ཟས་རིགས་ལྟེ་གནས་ཀྱི་འཛུགས་སྐྲུན་ལས་གཞི་འདིའི་འོག་ནས་ལས་མེད་མང་པོར་ལས་ཀ་སྤྲོད་རྒྱུའི་འཆར་གཞི་ཡོད་འདུག

བྱམས་པ་ཚེ་རིང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist