མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ལྕམ་ནེན་སི་པི་ལོ་སི་མཆོག་ཐའེ་ཝན་དུ་ཕེབས་རྒྱུར་ཉེན་བརྡ་དྲག་པོ་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ཐའེ་ཝན་དུ་ཕེབས་འཆར་ཡོད་པ་དེར་རྒྱ་ནག་གཞུང་གིས་འགོག་རྒོལ་ནན་པོ་བྱ་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་སྐོར་བསྒྲགས་ཡོད་འདུག

US House of Representatives Speaker Nancy Pelosi speaks during a weekly news conference on Capitol Hill in Washington, DC on June 9.

 འདི་ལོའི་ཕྱི་ཟླ ༨ པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི (Nancy Pelosi) མཆོག་གཞུང་འབྲེལ་གྱི་ཐོག་ནས་ཐའེ་ཝན་ནང་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་ལྟར། ཁ་སང་རྒྱ་ནག་གཞུང་ཕྱོགས་ནས་འཚམས་གཟིགས་དེ་ལ་མོས་མཐུན་གཏན་ནས་མེད་པས་རྒྱ་ནག་ཕྱོགས་ནས་འགོག་རྒོལ་ནན་པོ་བྱེད་པར་གྲ་སྒྲིག་ཨང་གསར་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག

 འདི་ལོའི་ཕྱི་ཟླ་ ༤ པའི་ནང་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ནས་ཐའེ་ཝན་ནང་གཟིགས་སྐོར་གནང་འཆར་ཡོད་ཀྱང་། ཁོང་མོར་ཏོག་དབྱིབས་རིམས་ནད་འགོས་པའི་རྐྱེན་གྱིས་ཐོག་མའི་འཆར་གཞི་ལྟར་བྱུང་མེད་པ་རེད། ད་ལྟའི་ཆར་ཨ་རིའི་གཞུང་ཕྱོགས་ནས་འཚམས་གཟིགས་དེའི་སྐོར་ཡོངས་ཁྱབ་གསལ་བསྒྲགས་གནང་མེད་ཀྱང་།  འདི་ལོའི་ཕྱི་ཟླ་ ༨ པའི་ནང་ཕེབས་འཆར་ཡོད་པ་དང་། དེ་ནི་ཏག་ཏག་རྒྱ་ནག་བཅིངས་གྲོལ་དམག་གི་རྒྱལ་ཡོངས་དམག་སྟོན་ཟླ་བར་ཁེལ་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་དང་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིང་གཉིས་ནས་ཕྱི་ཟླ་བརྒྱད་པ་དགུ་པའི་ནང་དུ་བརྙན་ལམ་བརྒྱུད་རྒྱལ་དོན་ཚོགས་འདུ་ཞིག་ཀྱང་བསྡུ་འཆར་ཡོད་པ་རེད།

 གསར་འགོད་པས་སྲིད་འཛིན་བྷའེ་ཌིན་མཆོག་ལ་ལྕམ་སྐུ་མཆོག་གི་གཟིགས་སྐོར་ཐད་བཀའ་འདྲི་ཞུས་པར་ཁོང་གིས། ཨ་རིའི་དམག་ཕྱོགས་ནས་ད་ལན་གྱི་གཟིགས་སྐོར་དེ་བསམ་འཆར་ཡག་པོ་ཞིག་མིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། དེའི་སྐོར་ལ་སྔར་གྱི་གནས་སྟངས་མཁྱེན་རྟོགས་མེད་སྐོར་གསུངས་འདུག་ལ། ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གིས། སྲིད་འཛིན་མཆོག་གི་སྐད་ཆ་དེའི་ནང་དོན་ནི། ཨ་རིའི་དམག་ཕྱོགས་ནས་ང་ཚོའི་གནམ་གྲུར་རྒྱ་ནག་གིས་གཏོར་རྒོལ་དང་ཡང་ན་དེ་རིགས་ཀྱི་གནས་ཚུལ་བཟོ་སྲིད་པའི་སེམས་འཚབ་གནང་གི་ཡོད་པ་གསུངས་པ་ཡིན་ཡང་། ད་ལྟའི་ཆར་སྲིད་འཛིན་མཆོག་ནས་དེའི་སྐོར་ལ་ཁོང་མོར་གོ་བསྡུར་གནང་མེད་སྐོར་གསུངས་འདུག

  ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲོ་ལི་ཅན་( Zhao Lijian) གྱིས་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས། རྒྱ་ནག་གཞུང་ཕྱོགས་ནས་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ཐའེ་ཝན་དུ་ཕེབས་འཆར་ཡོད་པར་མོས་མཐུན་གཏན་ནས་མེད་པ་མ་ཟད། གལ་ཏེ་ཨ་རིའི་གཞུང་འབྲེལ་མི་སྣ་རྣམས་ཐའེ་ཝན་ལ་དངོས་སུ་ཕེབས་ཚེ། རྒྱ་ནག་ཕྱོགས་ནས་ས་ཁོངས་བདག་དབང་གི་ཐད་ནས་འགོག་སྲུང་ནན་མོ་བྱ་རྒྱུ་ཡིན་པ་མ་ཟད།  ཨ་རིའི་གཞུང་གིས་གནད་དོན་དེའི་ཐད་ནས་འགན་ཆ་ཚང་བླང་དགོས་སྐོར་བརྗོད་འདུག

Foreign Ministry Spokesperson Zhao Lijian.

 དེ་བཞིན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གཞུང་གི་མགྲིན་ཚབ་པ་ཝང་ཝིན་པེན( Wang Wenbin) གྱིས། ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ཐའེ་ཝན་དུ་ཕེབས་ཚེ། དེས་རྒྱ་ནག་གཅིག་གི་ལམ་ལུགས་ལ་རྩིས་མེད་རྡོག་རོལ་བཏང་ཡོད་པ་མ་ཟད། རྒྱ་ནག་གི་ས་ཁོངས་བདག་དབང་ལ་གཏོར་བརླག་གཏོང་གི་ཡོད་སྟབས། ཨ་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་འབྲེལ་ལམ་ལ་ཕོག་ཐུག་གཏོང་བ་དང་། ཐའེ་ཝན་རང་བཙན་དུ་འདོད་མཁན་རྣམས་ལ་བརྡ་ལན་ངན་པ་ཞིག་ཀྱང་སྤྲོད་ངེས་ཡིན་པས། རྒྱ་ནག་གཞུང་ཕྱོགས་ནས་འགོག་རྒོལ་ནན་མོ་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

 ཕྱི་ལོ་ ༡༩༩༧ ལོར་སྐབས་དེའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྤྱི་མཐུན་ཚོགས་པའི་འཐུས་མི་ནེའུ་ཊི་རྗིན་རིག་(Newt Gingrich)ལགས་ཀྱང་ཐའེ་ཝན་ནང་ཕེབས་མྱོང་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༥ ཉིན་ཧྥོག་སི་གསར་ཁང་(Fox News) གིས་ནེའུ་ཊི་རྗིན་རིག་ལགས་སུ་དེའི་སྐོར་བཅར་འདྲི་ཞུ་སྐབས། རྗིན་རིག་ལགས་ནས་ལྕམ་སྐུ་མཆོག་གི་གཟིགས་སྐོར་དེ་ཁོང་མོ་རང་ནས་ཐག་གཅོད་གནང་རྒྱུ་ཞིག་ཡིན་སྟབས། དེའི་ཐད་སྲིད་འཛིན་བྷའེ་ཌིན་གྱི་སྲིད་གཞུང་སོགས་ནས་བྱུས་གཏོགས་མེད་སྐོར་གསུངས་འདུག

རྒྱ་ནག་གཞུང་ནས་ཐའེ་ཝན་ནི་རྒྱ་ནག་གཞུང་གི་ཆ་ཤས་སུ་གྱུར་བའི་གླིང་ཕྲན་ཞིག་ཡིན་པར་ངོས་འཛིན་བྱེད་མུས་ཡིན་པ་མ་ཟད། ཐའེ་ཝན་གྱི་མཁའ་ཁུལ་དུ་རྒྱ་ནག་གཞུང་གི་དམག་དོན་གནམ་གྲུ་རྒྱུན་ཆད་མེད་པར་ཆེད་གཏོང་བྱས་ཏེ། འཇིགས་སྐུལ་ཡང་ཡང་བྱེད་མུས་ཡིན་པ་ལྟར། ད་ལན་ལྕམ་སྐུ་མཆོག་ཐའེ་ཝན་ནང་ཕེབས་པ་ཡིན་ན། རྒྱ་ནག་གཞུང་གིས་གནམ་གྲུ་མངག་གཏོང་བྱས་ཏེ་འགོག་རྐྱེན་བཟོ་སྲིད་པ་མ་ཟད། རྒྱ་ནག་གཞུང་གིས་ཐེངས་འདིའི་འཚམས་གཟིགས་ལ་འགོག་རྐྱེན་བཟོ་ཆེད་ཐའེ་ཝན་གྱི་མཁའ་ཁུལ་དུ་འཕུར་སྐྱོད་མི་ཆོག་པའི་གསལ་བསྒྲགས་སྤེལ་ཉེན་ཡོད་འདུག་ལ། ཡང་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། གལ་སྲིད་ལྕམ་སྐུ་མཆོག་ཐའེ་ཝན་ནང་ཕེབས་ཚེ། ཕྱི་ལོ་ ༡༩༩༦ ལོའི་ཐའེ་ཝན་མཚོ་འགག་གི་དམག་དོན་ཛ་དྲག་གི་གནས་བབ་བྱུང་རྗེས་ལས་ཉེན་ཚབས་ཆེ་བའི་གནས་སྟངས་ཤིག་འབྱུང་སྲིད་སྐོར་ཡང་རྗོད་ཀྱི་འདུག

ད་ལན་གྱི་གཞུང་འབྲེལ་ཕྱོགས་སྐྱོད་སྐབས་ལྕམ་སྐུ་མཆོག་གིས་ཐའེ་ཝན་གཅིག་པུ་ཙམ་མིན་པར་ཉི་ཧོང་དང་། སིངྒ་པུར། ཨིན་ཌོ་ནེ་ཤི་ཡ། མ་ལི་ཤེ་ཡ་སོགས་སུ་ཕེབས་འཆར་ཡོད་འདུག་ལ། གལ་སྲིད་ཐའེ་ཝན་ནང་ཕེབས་ཐུབ་པ་བྱུང་ཚེ་དེ་ནི་མི་ལོ ༢༥ རྗེས་ཀྱི་ཨ་རི་གཞུང་གི་ཆེས་མཐོའི་དབུ་འཁྲིད་ཅིག་གཞུང་འབྲེལ་ཐོག་ཐའེ་ཝན་དུ་ཕེབས་པ་དང་པོ་ཆགས་ཡོད་འདུག མི་གྲངས་ས་ཡ་ ༢༣ ལྷག་ལས་མེད་པའི་ཐའེ་ཝན་མཚོ་འགག་ནི་ཨ་རྒྱ་གཉིས་འཐབ་རྩོད་ཁྲོད་ཧ་ཅང་གནད་འགག་ཅན་ཞིག་ཆགས་ཡོད་ཅིང་། ཐའེ་ཝན་མཚོ་འགག་ཁུལ་དུ་དབང་ཤུགས་རྒྱ་སྐྱེད་ཐུབ་པ་ཡིན་ན།  ནུབ་ཞི་བདེ་རྒྱ་མཚོའི་ཁུལ་དུ་འགུལ་སྐྱོད་བྱེད་པར་སྟབས་བདེ་བ་མ་ཟད།  ནུབ་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཡོད་པའི་གྷུ་ཝམ (Guam ) མཚོ་གླིང་དང་ཨ་རིའི་ཧཱ་ཝའེ་( Hawaii) མངའ་སྡེར་ཡོད་པའི་ཨ་རིའི་དམག་སྒར་ལ་དམག་རྒོལ་བྱ་བདེ་བོ་ཡོད་པ་སོགས། མཚོ་གླིང་དེ་ཨ་རྒྱ་གཉིས་ཀྱི་བར་དམག་དོན་དང་རྒྱལ་སྲུང་བདེ་འཇགས། ཚོང་དོན། ཆབ་སྲིད་སོགས་ཀྱི་ཐོག་ནས་ཧ་ཅང་གནད་འགག་ཅིག་ཆགས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese