མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་དུ་སྤྲེའུའི་འབྲུམ་ནད་འགོས་མཁན་ཇེ་མང་དུ་འགྲོ་ཡི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་སྤྲེའུའི་འབྲུམ་ནད་འགོས་ཁྱབ་ཏུ་འགྲོ་ཡི་ཡོད་པ་དང་རྒྱ་གར་ནང་དུའང་འབྲུམ་ནད་དེ་ཕོག་མཁན་ཇེ་མང་དུ་འགྲོ་ཡི་ཡོད་ཀྱང་རྒྱལ་སྤྱིའི་ནང་འདས་གྲོངས་སུ་གྱུར་བ་ཧ་ཅང་ཉུང་ཉུང་རེད་འདུག

Health workers screen passengers arriving from abroad for Monkeypox symptoms at Anna International Airport terminal in Chennai. (Photo: AFP)

ཉེ་ལམ་ནས་སྤྲེའུའི་འབྲུམ་ནད་(Monkeypox)ཅེས་པ་དེ་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་མགྱོགས་མྱུར་ངང་ཁྱབ་མུས་ཡིན་པ་ལྟར། ད་ལྟ་བར་དུ་འཛམ་གླིང་རྒྱལ་ཁབ་ ༧༥ ལྷག་ནང་མི་གྲངས་ ༡༦༠༠༠ ལྷག་ལ་འབྲུམ་ནད་དེ་འགོས་ཡོད་པ་དང་། རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་བསྐྱར་དུ་རང་ལོ་ ༣༠ ལྷག་ཡིན་པའི་རྒྱ་གར་གྱི་སྐྱེས་པ་ཞིག་ལ་སྤྲེའུའི་འབྲུམ་ནད་འགོས་པའི་གནས་ཚུལ་ཐོན་ཡོད་སྟབས། ད་ལྟ་རྒྱལ་ས་ལྡི་ལིའི་(LNJP)སྨན་ཁང་དུ་ཟུར་བཀག་ལ་བསྡད་དེ་སྨན་བཅོས་བྱེད་བཞིན་ཡོད་འདུག་ལ། ཁོང་ནི་རྒྱ་གར་ནང་སྤྲེའུའི་འབྲུམ་ནད་འགོས་མཁན་གྱི་ནད་པ་ལྔ་པ་དེ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱ་གར་གྱི་ཀེ་ར་ལ་( Kerala )མངའ་སྡེ་ནས་སྤྲེའུའི་འབྲུམ་ནད་འགོས་པའི་ནད་པ་དང་པོ་དེ་ཐོན་ཡོད་པ་དང་། རང་ལོ་ ༣༥ ཙམ་ཡིན་པའི་སྐྱེས་པ་དེ་ནི་ཉེ་སྔོན་ཨེ་ཤ་ཡའི་དཀྱིལ་ཤར་རྒྱལ་ཁབ་ཅིག་ནས་ཡོང་བ་ཡིན་འདུག  ད་ལྟའི་བར་དུ་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་ ( Kerala ) མངའ་སྡེ་ནས་སྤྲེའུའི་འབྲུམ་ནད་འགོས་མཁན་ ༣ དང་། ལྡི་ལི་ཁུལ་ནས་མི་ ༢ བྱུང་ཡོད་པ་མ་ཟད། ལྡི་ལི་ནས་ཡིན་པའི་རང་ལོ་ ༣༤ ཅན་གྱི་ནད་པ་དེ་ཉེ་སྔོན་ཧི་མ་ཅལ་མངའ་སྡེའི་མ་ན་ལི་སོགས་སུའང་འགྲུལ་བཞུད་བྱས་ཡོད་འདུག

རྒྱ་གར་ནང་དུའང་འབྲུམ་ནད་དེ་འགོས་མཁན་ཇེ་མང་དུ་འགྲོ་མུས་ཡིན་པར་བརྟེན། འཕྲོད་བསྟེན་ཆེད་མཁས་པ་ཚོས་རྒྱ་གར་རྒྱལ་ཡོངས་སུ་འབྲུམ་ནད་དེ་ཁྱབ་གདལ་དུ་མི་འགྲོ་བའི་ཆེད་སྔོན་འགོག་དང་དོགས་ཟོན་ནན་པོ་དགོས་པའི་འབོད་སྐུལ་བྱེད་མུས་ཡིན་ཡང་། རྒྱ་གར་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་འགས་སྤྲེའུའི་འབྲུམ་ནད་འགོས་མཁན་ཇེ་མང་དུ་འགྲོ་མུས་ཡིན་ཡང་། གཞུང་འབྲེལ་གྱི་ཐོག་ནས་འགོག་ཁབ་རིགས་བཟོ་འཆར་མེད་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

WHO Director-General Dr Tedros Adhanom Ghebreyesus gives an opening statement during the first meeting of the International Health Regulations (2005) Emergency Committee regarding the multi-country monkeypox outbreak. The meeting was held on 23 June 2022 at WHO Headquarters in Geneva, Switzerland

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ནས་སྤྲེའུའི་འབྲུམ་ནད་ཐད་ཛ་དྲག་ཚོགས་འདུ་བསྡུས་ཡོད་པ་དང་། ཕྱི་ཚེས་ ༢༤ ཉིན་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་སླ་བའི་སྤྲེའུའི་འབྲུམ་ནད་ཁྱབ་གདལ་འགྲོ་མུས་ཡིན་སྟབས། རྒྱལ་སྤྱིའི་གཞུང་སྒེར་ཚང་མས་འཚོ་གནས་སོགས་སུ་དོ་ཕོག་མི་འགྲོ་སླད་སྔོན་འགོག་དང་འགོག་སྡོམ་སོགས་བྱ་དགོས་པའི་སྔོན་བརྡ་བཏང་འདུག་པ་མ་ཟད། འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་ཊེ་ཌོ་སུ་(Tedros Adhanom Ghebreyesus) ལགས་ཀྱིས། སྤྲེའུའི་འབྲུམ་ནད་དེ་འགོས་ཁྱབ་ཇེ་ཆེར་འགྲོ་དུས་མང་ཚོགས་ཀྱི་འཕྲོད་བསྟེན་ལའང་ཉེན་ཚབས་ཆེན་པོ་ཡོད་པར་བརྟེན། ནད་རིགས་དེ་འགོག་སྡོམ་བྱ་རྒྱུར་རྒྱལ་སྤྱིའི་སྤྱི་སྒེར་ཚང་མས་མཉམ་རུབ་བྱ་དགོས་སྐོར་དང་། འབྲུམ་ནད་དེ་ལུས་འབྲེལ་ལས་འགོས་པ་མང་པོ་འབྱུང་གི་ཡོད་སྐོར་བརྗོད་འདུག

 ད་ལྟ་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་གསར་དུ་འགོས་ཁྱབ་བྱུང་བཞིན་པའི་སྤྲེའུ་འབྲུམ་ནད་དེ་ནི། ཕྱི་ལོ་ ༡༩༥༨ ལོར་ཡུ་རོབ་རྒྱལ་ཁབ་ཌན་མག་ནང་ཐོག་མར་ངོས་འཛིན་བྱུང་བ་དང་། ཕྱི་ལོ་ ༡༩༧༠ ལོར་དབུས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁོན་གྷོ་ནང་ཐོག་མར་མི་ལ་འགོས་ཁྱབ་བྱུང་བ་ནས་ད་བར་རྒྱལ་ཁབ་ ༧༥ ནང་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་ཀྱང་། ད་བར་ནད་པ་ ༡༦༠༠༠ བྱུང་བ་ནས་མི་ ༥ འདས་གྲོངས་སུ་ཕྱིན་འདུག འབྲུམ་ནད་དེ་མི་དང་མིའི་བར་གྱི་ཐུག་རེག་དང་། འབུ་སོགས་སེམས་ཅན་གྱིས་སོ་བརྒྱབ་པ། ཟུངས་ཁྲག་འགོས་པ་སོགས་ནས་འབྲུམ་ནད་དེ་ཁྱབ་ཀྱི་ཡོད་འདུག་ལ། འབྲུམ་ནད་དེ་འགོས་པའི་ནད་རྟགས་ནི་གཟུགས་པོའི་རུས་ཚིགས་སོགས་ལ་ཟུག་གཟེར་རྒྱག་པ་དང་། གཟུགས་པོར་འབྲུམ་འབུར་ཐོན་པ་དང་ཟ་འཕྲུག་ལངས་བ། ཚ་བ་རྒྱས་པ། མགོ་ན་བ་དང་ཐང་ཆད་པ། པགས་མདོག་འགྱུར་བ་སོགས་ཡོང་གི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༥ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 4 སྔོན།

    ཧཧཧ་ད་ལྟས་མོ་འདུག་སྤྲེའུ་གི་འབྲུམ་ནད་།
    ནད་རིགས་བཞི་རྩ་བཞི་ངོས་མ་ཟིན་ནས་ཀོ་ཝིད་༡༩ ་
    ད ཡང སྤྲེའུའི་འབྲུམ་ནད་། དེ་རྗེས་ནས་ཁྱི་གི་འབྲུམ་ནད་།
    སྟག་གི་འབྲུམ་ནད་སོགས་མིང་འདྲ་མིན་རྟགས་ནས་དངུལ་ཡག་བཟོ་རོགས་ཚན་རྩལ་རིག་པ་ཚོ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese