མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིང་གིས་ཨ་རི་ལ་མེ་ཡིས་རྩེད་མོ་བརྩེས་ན་རང་ཉིད་འཚིག་རྒྱུ་ཡིན་པའི་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་དང་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིང་རྣམ་གཉིས་ཀྱིས་ཞལ་པར་བརྒྱུད་འབྲེལ་མོལ་གནང་སྐབས་ཞི་ཅིན་ཕིང་གིས་ཨ་རིའི་གཞུང་ནས་མེ་ཡིས་རྩེད་མོ་བརྩེས་ན་རང་ཉིད་འཚིག་རྒྱུ་ཡིན་པ་གསལ་པོ་ཤེས་དགོས་སྐོར་བརྗོད་འདུག


China described the exchange between Joe Biden and Xi Jinping as ‘candid’. Photograph: Mandel Ngan/AFP/Getty

ཁ་སང་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་དང་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིང་གཉིས་ཀྱིས་ཞལ་པར་བརྒྱུད་ཆུ་ཚོད་ ༢ ལྷག་རིང་བཀའ་མོལ་གནང་ཡོད་པ་དང་། སྐབས་དེར་གླེང་གཞི་ཆེན་པོར་གྱུར་བའི་ཐའེ་ཝན་གྱི་གནད་དོན་དང་། གནམ་གཤིས་འགྱུར་ལྡོག འཕྲོད་བསྟེན་བདེ་འཇགས། ཟས་རིགས་དང་ནུས་ཤུགས་ཀྱི་དཀའ་ངལ། དེ་བཞིན་ཨུ་རུ་སུ་དང་ཡུག་ཁི་རིན་གྱི་གནད་དོན་སོགས་ཀྱི་ཐོག་བཀའ་མོལ་གནང་ཡོད་འདུག་ལ། མ་འོངས་པར་སྲིད་འཛིན་གཉིས་སུ་ཐུག་འཕྲད་གནང་རྒྱུར་མོས་མཐུན་བྱུང་ཡོད་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་ཐའེ་ཝན་ནང་དུ་ཕེབས་འཆར་ཡོད་པའི་གནས་ཚུལ་གྱིས་ཨ་རྒྱ་གཉིས་བར་སྔར་ལས་རྩོད་རྙོག་ཆེན་པོ་ཡོང་གི་ཡོད་པའི་ཐད། ཁ་སང་གི་འབྲེལ་མོལ་སྐབས་ཞི་ཅིན་ཕིང་གིས། ཐའེ་ཝན་གྱི་གནད་དོན་ཐད་ནས་མཚོ་འགག་གཉིས་རྒྱ་ནག་གཅིག་ཏུ་གཏོགས་པའི་ལོ་རྒྱུས་ཀྱི་དོན་དངོས་དང་ད་ལྟའི་གནས་བབ་གསལ་གསལ་ཐིང་ཐིང་ཡིན་ལ། རྒྱ་ཨ་གཉིས་ཀྱི་མཉམ་འབྲེལ་གསུམ་ཆིངས་ནི་དེའི་ཐད་ཀྱི་ཆབ་སྲིད་དམ་བཅའ་དང་། རྒྱ་ནག་གཅིག་གི་རྩ་དོན་ནི་རྒྱ་ཨ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་ཡིན་པར་བརྟེན། ང་ཚོས་མཐའ་གཅིག་ཏུ་ཐའེ་ཝན་རང་བཙན་གྱི་ཁ་བྲལ་དང་ཕྱིའི་ཇུས་གཏོགས་ལ་ངོ་རྒོལ་བྱེད་ཀྱི་ཡོད། རྣམ་པ་ག་འདྲ་ཞིག་གི་ཐོག་ནས་ཡིན་ནའང་ཐའེ་ཝན་རང་བཙན་ལ་སྐུལ་སློང་བྱེད་པའི་བར་སྟོང་ཞིག་འཇོག་རྒྱུ་མིན། རྒྱ་ནག་གཞུང་དང་རྒྱ་ནག་མི་མང་གིས་ཐའེ་ཝན་གནད་དོན་ཐོག་བཟུང་བའི་ལངས་ཕྱོགས་ནི་གཅིག་གྱུར་ཡིན། རྒྱ་ནག་གི་བདག་དབང་དང་མངའ་ཁོངས་ཆིག་སྒྲིལ་ནི་རྒྱ་ནག་མི་མང་དུང་ཕྱུར་ ༡༤ ཡི་འགྱུར་བ་མེད་པའི་ལངས་ཕྱོགས་ཡིན་པས། མང་གི་མངོན་འདོད་ལ་རྒྱབ་འགལ་བྱ་མི་རུང་། མེ་དང་རྩེད་མོ་བརྩེས་ན་རང་ཉིད་འཚིག་འགྲོ་ངེས་རེད། ཨ་རིའི་ཕྱོགས་ནས་དོན་འདིར་ཤེས་རྟོགས་གསལ་པོ་དགོས་ཞེས་བརྗོད་འདུག

དེ་ལ་ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་གིས། ད་ལྟ་འཛམ་གླིང་འདི་གནད་འགག་གི་དུས་ཚོད་ཅིག་ཏུ་བསླེབས་ཡོད་པ་དང་། ཨ་རྒྱ་གཉིས་ཀྱི་མཉམ་འབྲེལ་གྱིས་རྒྱལ་ཁབ་གཉིས་ཀྱི་མི་མང་ཙམ་མིན་པར་རྒྱལ་ཁབ་སོ་སོའི་མི་མང་ལ་ཁེ་ཕན་སྐྲུན་གྱི་ཡོད་པར་བརྟེན། ཨ་རིའི་ཕྱོགས་ནས་རྒྱ་ནག་གིས་མུ་མཐུད་འབྲེལ་མོལ་རྒྱུན་འཁྱོངས་དང་། ཕན་ཚུན་རྒྱུས་ལོན་གཏིང་ཟབ་ཏུ་གཏང་སྟེ། གོ་ལོག་འཁྲུལ་ཤེས་རྣམས་སེལ་བར་བྱས་ཏེ། ཁེ་ཕན་མཉམ་སྤྱོད་ཀྱི་ཁོར་ཡུག་འོག་མཉམ་ལས་ཡོང་ཐབས་བྱེད་པ་དང་དུས་མཉམ་དུ། དབྱེ་འབྱེད་སྟངས་འཛིན་ལེགས་བཅོས་བྱེད་དགོས། ཨ་རིའི་རྒྱ་ནག་གཅིག་གི་སྲིད་ཇུས་ལ་འགྱུར་བ་ཕྱིན་མེད་ལ། འགྱུར་བ་འགྲོ་མི་སྲིད། ཨ་རིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་གསུངས་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་ཐའེ་ཝན་ནང་དུ་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་དེས་ཨ་རྒྱ་གཉིས་བར་ལ་འགལ་ཟླའི་ཚ་རླབས་གསར་པ་ཞིག་འཕྱུར་བཞིན་ཡོད་པ་དང་། སྲིད་འཛིན་གཉིས་ཀྱི་འབྲེལ་མོལ་འདིས་ལྕམ་སྐུ་མཆོག་གི་གཟིགས་སྐོར་ལ་འགྱུར་བ་ཐེབས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་ལྟར། རྒྱ་ནག་གཞུང་གི་ཉེན་བརྡ་ནན་པོ་ལ་བརྟེན་ནས་ལྕམ་སྐུ་མཆོག་ཐའེ་ཝན་ནང་དུ་ཕེབས་མ་ཐུབ་པ་ཡིན་ན། རྒྱ་ནག་གཞུང་གིས་འཛམ་གླིང་ཁྱོན་ཡོངས་ལ་བཙན་སྐུལ་དང་དབང་ཤུགས་རྒྱ་སྐྱེད་གཏོང་བཞིན་པ་སྔར་ལས་ཆེ་རུ་འགྲོ་རྒྱུའི་རྐྱེན་རྩ་ཞིག་ཏུ་འགྱུར་རྒྱུ་ཡིན་ལུགས་དང་། ཡང་དེ་ལས་ལྡོག་སྟེ་ལྕམ་སྐུ་མཆོག་ཕེབས་པ་ཡིན་ན་རྒྱ་ནག་གཞུང་གིས་ཐའེ་ཝན་ལ་དྲག་པོའི་བཙན་བཟུང་དང་འཛམ་གླིང་ནང་སྔར་ལས་དཀའ་རྙོག་མང་དུ་བཟོ་ཉེན་ཡོད་པ་སོགས་ཀྱི་རྩོད་གླེང་ཡོང་གི་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༨ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༩ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese