མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་ཐའེ་ཝན་ནང་བདེ་ལེགས་ངང་ཕེབས་འབྱོར་བྱུང་།  

བོད་ཀྱི་དུས་བབ།
༢༠༢༢/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རང་ཐའེ་པའེ་ཡི་དགོང་མོའི་ཆུ་ཚོད་ ༡༠།༥༤ ཐོག་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་ཐའེ་ཝན་གྱི་རྒྱལ་ས་ཐའེ་པའེ་སོང་ཧྲན་གནམ་ཐང་དུ་བདེ་ལེགས་ངང་འབྱོར་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་ཐའེ་ཝན་ནང་ཕེབས་འཆར་ཡོད་པའི་གནས་ཚུལ་བརྒྱུད་ལམ་དུ་ཐོན་རྗེས། རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིང་སོགས་ཀྱིས་གལ་སྲིད་ལྕམ་སྐུ་མཆོག་ཐའེ་ཝན་ནང་ཕེབས་པ་ཡིན་ན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འགལ་ཟླ་ཆེན་པོ་འབྱུང་རྒྱུ་ཡིན་པ་མ་ཟད། ཨ་རིས་མེ་ཡིས་རྩེད་མོ་བརྩེས་ན་རང་ཉིད་འཚིག་ངེས་ཡིན་པའི་གནས་ལུགས་རྟོགས་དགོས་ཤིང་། རྒྱ་ནག་བཅིངས་གྲོལ་དམག་གིས་ལྟད་མོ་བལྟས་ནས་སྡོད་མི་སྲིད་པའི་དྲག་པོའི་ཉེན་བརྡ་བཏང་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ནས་ཀྱང་ད་ལན་གྱི་གཟིགས་སྐོར་གྱིས་ཉེན་ཁ་དང་དཀའ་རྙོག་ཆེན་པོ་བཟོ་སྲིད་པའི་གླེང་སློང་བྱུང་མིན་ལ་མ་ལྟོས་པར། ཐོག་མའི་འཆར་གཞི་ལྟར་དེ་རིང་ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོར་མཱ་ལེ་ཞི་ཡའི་རྒྱལ་ས་ཁཱ་བྷོལ་གནམ་ཐང་ནས་ལྕམ་སྐུ་མཆོག་གིས་དབུ་འཁྲིད་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དེ། ཐའེ་ཝན་གྱི་རྒྱལ་ས་ཐའེ་པའེ་སོང་ཧྲན་གནམ་ཐང་དུ་ད་ལྟ་རང་ཆུ་ཚོད་ ༡༠།༥༤་ཐོག་བདེ་ལེགས་ངང་འབྱོར་འདུག

 ཁ་སང་ཕྱི་ཚེས་ ༡ ཉིན་ནས་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་ནས་ཨེ་ཤ་ཡའི་རྒྱལ་ཁབ་སིང་གྷ་པོར་ (Singapore) དང་མཱ་ལེ་ཤི་ཡཱ་ (Malaysia)། ལྷོ་ཀོ་རི་ཡ། ཉི་ཧོང་བཅས་ལ་གཞུང་འབྲེལ་གཟིགས་སྐོར་མགོ་འཛུགས་གནང་ཡོད་པ་ལྟར། ། ཕྱི་ཟླ་ ༧ ཚེས་ ༣༠ ཉིན་མཁའ་ལམ་བརྒྱུད་ནས་སིང་གྷ་པོར་ནང་ཕེབས་འབྱོར་བྱུང་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོར་མཱ་ལེ་ཤི་ཡཱའི་རྒྱལ་ས་ཀོ་ལ་ལམ་པུར་ (Kuala Lumpur) འབྱོར་ཡོད་འདུག ཐེངས་འདིའི་ལྕམ་སྐུ་མཆོག་གི་ཨེ་ཤ་ཡའི་ཁུལ་གྱི་གཞུང་འབྲེལ་གཟིགས་སྐོར་སྐབས་ཨ་རིའི་གྲོས་ཚོགས་འཐུས་མི་གྷེར་གྷོར་མེག་ (Gregory Meeks) དང་ཊ་ཀཱ་ནོ་ (Mark Takano)། སུ་ཛན་ (Suzan DelBene)། རཱ་ཇ་ (Raja Krishnamoorthi)། ཀིམ་ (Andy Kim) བཅས་ཨ་རིའི་གྲོས་ཚོགས་འཐུས་མི་ལྔ་ཕེབས་ཡོད་འདུག

ཕེབས་བསུར་བཅར་བའི་ཐའེ་ཝན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་སོགས། ༢༠༢༢།༠༨།༠༢  འབྲེལ་མཐུད་ཁང་གི་པར།

འདས་པའི་ལོ་ངོ་ ༢༥ ནང་ཨ་རིའི་ཆེས་མཐོའི་དཔོན་རིགས་ཤིག་གིས་ཐའེ་ཝན་དུ་གཞུང་འབྲེལ་སྐོར་སྐྱོད་གནང་བ་ཐོག་མ་དེ་ཆགས་ཡོད་འདུག་ལ། ལྕམ་སྐུ་མཆོག་གི་འཚམས་གཟིགས་སྐོར་གནས་ཚུལ་ཐོན་པ་ནས་བཟུང་རྒྱ་ནག་གཞུང་ནས་ཉེན་བརྡ་ནན་པོ་བཏང་ཡོད་པ་མ་ཟད། འདས་པའི་ཉིན་ཤས་ནས་བཟུང་འཐབ་འཛིང་གནམ་གྲུ་སྔར་ལས་མང་པོ་བཏང་སྟེ་འཇིགས་སྐུལ་བྱས་ཡོད་ཀྱང་། ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་ཨེན་ཊོ་ནི་བྷི་ལིན་ཀན་ (Antony Blinken) མཆོག་གིས། ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ཐའེ་ཝན་ནང་ཕེབས་དང་མི་ཕེབས་ཁོང་མོ་རང་ནས་ཐུགས་གཏན་འཁེལ་དགོས་པ་ཞིག་ཡིན་ལ། གྲོས་ཚོགས་འོག་མ་ནི་རང་དབང་དང་འདྲ་མཉམ་ལྡན་པའི་ལས་ཁུངས་ཤིག་ཆགས་ཡོད། སྔོན་མའང་གྲོས་ཚོགས་ཚོགས་གཙོ་ཐའེ་ཝན་ནང་ཕེབས་མྱོང་ཡོད་ལ། ད་ལོ་ཚུད་པའི་གྲོས་ཚོགས་འཐུས་མི་མང་པོའང་ཐའེ་པའེ་ནང་ཕེབས་ཡོད་པ་རེད། ད་ལན་ལྕམ་སྐུ་མཆོག་ཕེབས་པ་ཡིན་ན་རྒྱ་ནག་ཕྱོགས་ནས་ཛ་དྲག་གི་གནས་བབ་ག་རེ་བཟོས་པ་ཡིན་ནའང་། རྒྱ་ནག་རང་ནས་འགན་འཁུར་དགོས་པ་རེད། ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༨ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༩ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese