མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་གནང་གཏན་འཁེལ་ཡོད་འདུག 

བོད་ཀྱི་དུས་བབ།
༢༠༢༢/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ཇེ་ནེཌ་ར་ཡེ་སི་ལགས་ཀྱིས་ཡུལ་དེའི་གྲོས་ཚོགས་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་གྲུབ་དོན་ངོ་སྤྲོད་དང་འབྲེལ་འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་གནང་གཏན་འཁེལ་ཡོད་སྐོར་གསུངས་འདུག

Australian Greens Senator Janet Rice

 ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་དུ། ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེ་ནེཌ་ར་ཡེ་སི་ (Janet Rice) ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༢ དང་ ༢༣ ཉིན་གཉིས་ཀྱི་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་པའི་སྐོར་གླེང་སློང་གནང་བ་དང་། ཕྱི་ཟླ་ ༩ པའི་ནང་བོད་ཀྱི་ཞུ་གཏུག་ཉིན་མོར་བོད་མི་ཁག་ཅིག་ཨོ་གླིང་གི་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་གནང་གཏན་འཁེལ་ཡོད་པར་བརྟེན། སྐབས་དེ་དུས་ཨོ་གླིང་གི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་ལ་ཞི་བདེ་དང་དྲང་བདེན་ཐོབ་ཐབས་སུ་ཨོ་གླིང་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་མི་ཞུ་གཏུག་པ་རྣམས་ཐུག་འཕྲད་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་ཡོད་འདུག

ལྕམ་སྐུ་ཇེ་ནེཌ་ལགས་ཀྱིས། རང་ཉིད་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བཅར་བའི་སྐལ་བ་བཟང་པོ་བྱུང་བ་དང་། དོ་དགོང་གཏམ་བཤད་འདིའི་ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་བསྒྲགས་གཏམ་སྐོར་གཏམ་བཤད་བྱ་རྒྱུའི་ཐག་བཅད་པ་ཡིན། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་དེའི་ནང་རྒྱལ་ཁབ་ ༢༨ ཀྱི་གྲོས་ཚོགས་འཐུས་མི་མཉམ་ཞུགས་ཀྱིས། བོད་ནང་གི་གནས་སྟངས་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སྐོར་གྲོས་བསྡུར་གནང་ཡོད་པ་དང་། ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པ་དང་། དུས་དེ་ནས་བཟུང་ཁྲིམས་འགལ་གྱི་བྱ་སྤྱོད་མང་པོ་སྤེལ་ཡོད་པ་རེད། ཅེས་གསུངས་འདུག

ཡང་ལྕམ་སྐུ་ལགས་ཀྱིས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམས་དང་བོད་མི་མང་སྤྱི་འཐུས་རྣམས་མཉམ་སྦྲེལ་གྱིས་བོད་དོན་སྐོར་ལས་འགུལ་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་སླད་གྲོས་གཞི་གྲོས་ཆོད་གཏན་འབེབ་དང་། རྒྱལ་སྤྱིའི་ཁྲིམས་གཞི་ལ་བཞག་པའི་ཐོག འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། དམངས་གཙོའི་ལམ་ལུགས་སོགས་གོང་འཕེལ་གཏང་རྒྱུ་དང་། རྒྱ་ནག་གིས་བོད་ཐོག་བདག་དབང་ཡོད་སྐོར་རྗོད་བཞིན་པར་ངོས་ལེན་གནང་རྒྱུ་མེད་པ། དེ་བཞིན་བོད་ནི་རྒྱ་ནག་གིས་དབང་བསྒྱུར་བྱས་པ་ཞིག་ཡིན་པ་ལས་རྒྱ་ནག་གི་ཆ་ཤས་མིན་པ་ངོས་འཛིན་གནང་དགོས་སྐོར་དང་། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་མཉམ་རུབ་གནང་དགོས་སྐོར་དང་། ༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་ཆེན་རྣམས་ཀྱི་མ་འོངས་པའི་ཡང་སྲིད་དེ་བོད་མི་དང་བོད་བརྒྱུད་ནང་པའི་ཚོགས་སྡེ་ཁོ་ནར་འདེམས་སྒྲུག་དང་བསྐོ་བཞག་གནང་དུ་འཇུག་དགོས་པ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ཀྱིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཞེས་རྗོད་བཞིན་པར་ངོས་ལེན་གནང་རྒྱུ་མེད་ཅིང་། རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་གཏོར་བཤིག་གཏོང་བཞིན་ཡོད་པ་དེ་འགོག་ཐབས་དང་། དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ནས་མུ་མཐུད་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་བཞིན་ཡོད་པ་དེ་ལ་རྒྱབ་སྐྱོར་གནང་རྒྱུ། རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཡུ་གུར་དང་ལྷོ་སོག ཧོང་ཀོང་། ཐའེ་ཝན་སོགས་ཀྱི་མི་མང་། དེ་བཞིན་རྒྱ་རིགས་མང་གཙོ་ལས་འགུལ་བ་བཅས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་རྒྱབ་སྐྱོར་གནང་རྒྱུའི་བསྒྲགས་གཏམ་སྤེལ་ཡོད་པ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་འདུག

ལྕམ་སྐུ་ཇེ་ནེཌ་ཨེ་ལི་ཛ་བྷི་ཐི་ར་ཡེ་སི་ (Janet Elizabeth Rice) ལགས་ནི། ཕྱི་ལོ་ ༡༩༦༠ ཟླ་ ༡༡ ཚེས་ ༡༨ ཉིན་ཨོ་སི་ཊོ་ལི་ཡའི་ལྷོ་རྒྱུད་ཀྱི་ཝེ་ཊོ་རེ་ཡ་མངའ་སྡེའི་གྲོང་ཁྱེར་མེལ་བྷོན་ (Melbourne) དུ་སྐྱེས་ཤིང་། ཨོ་གླིང་གི་མེལ་བྷོན་གཙུག་ལག་སློབ་གྲྭ་ཆེན་མོ་ (University of Melbourne) ནས་རྩིས་རིག་དང་གནམ་གཤིས་རིག་པའི་ཐོག་སློབ་སྦྱོང་གནང་ཡོད་འདུག ཁོང་མོ་ནི་ཨོ་གླིང་གི་ལྗང་ཁུ་ཚོགས་པའི་ཚོགས་མི་ཟུར་པ་ཞིག་དང་། ཁོར་ཡུག་འཐབ་རྩོད་པ་ཞིག་ཡིན་ཞིང་། ཨོ་གླིང་གི་ (Australian Greens Victoria) ཚོགས་པ་གསར་འཛུགས་གནང་ཡོད་པ་རེད། ཕྱི་ལོ་ ༢༠༡༣ ལོར་ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་ཆགས། ཕྱི་ལོ་ ༢༠༢༠ ལོར་ཕྱི་སྲིད་དང་ཤིང་ནགས། སྐྱེལ་འདྲེན་དང་འཛུགས་སྐྲུན་ (Transport & Infrastructure)། ཚན་རིག་དང་ཉམས་ཞིབ། ལེགས་བཅོས་ (Science, Research & Innovation) སོགས་ཀྱི་མགྲིན་ཚབ་པའི་ཕྱག་ལས་གནང་།

ཕྱི་ལོ་ ༢༠༢༠ ལོར་ཁོང་མོས་རྒྱ་ནག་གིས་བོད་དང་ཡུ་གུར་མི་མང་རྣམས་བཙན་གྱིས་ངལ་རྩོལ་གྱི་ལས་ལ་བཅུག་པ་དང་། རྒྱ་ནག་གི་བཙན་གནོན་འོག་བོད་མི་རྣམས་ནས་སྡུག་པོ་མྱངས་དང་མྱོང་བཞིན་ཡོད་པ། དེ་བཞིན་བོད་མི་རྣམས་ལ་སྨྲ་བརྗོད་དང་ཆོས་དད་ཀྱི་རང་དབང་འཕྲོག་པ་སོགས་ཀྱི་གནད་དོན་ཐེར་འདོན་གནང་བ་དང་སྦྲགས། རྒྱ་ནག་གཞུང་གིས་མགོ་འཁྲིད་དང་གསར་འགོད་པ་ཚོར་གནད་དོན་དེར་ལྟ་ཞིབ་བྱེད་དུ་འཇུག་དགོས་སྐོར་འབོད་སྐུལ་གནང་ཡོད་འདུག་ལ། འདི་ལོར་ཨ་རིའི་རྒྱལ་སར་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ནང་དུའང་མཉམ་ཞུགས་གནང་ཡོད་འདུག 

གསར་འགོད་པ་བསྟན་འཛིན་ཕུར་བུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༠ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༡ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༤ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese