མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཧིན་ས་མཚམས་སུ་ཨ་རི་དང་རྒྱ་གར་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༢༢/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་གར་དང་ཨ་རི་གཉིས་ཀྱིས་རྒྱ་གར་གྱི་མངའ་སྡེ་ཨུ་ཏ་ར་ཁཱན་ (Uttarakhand) གྱི་བོད་ཧིན་མཐའ་མཚམས་ཤིག་ཏུ་ཚད་མཐོའི་དམག་སྦྱོང་བྱ་རྒྱུ་ཡིན་འདུག

The Indo-US joint training exercise concluded at Elmendorf Richardson joint base in Alaska.

ཁ་སང་ཕྱི་ཚེས་ ༤ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༤ ཙམ་ནས་ ༣༡ བར་ཨ་རི་དང་རྒྱ་གར་གཉིས་ཀྱིས་རྒྱ་གར་བྱང་ཕྱོགས་ཨུ་ཏ་ར་ཁཱན་གྱི་ཅ་མོ་ལི་རྫོང་ (Chamoli District) གི་ཨའོ་ལི་ (Auli) ཞེས་པའི་རི་ཁུལ་བོད་ཧིན་ས་མཚམས་སུ། རྒྱ་གར་གྱིས་ས་མཐོའི་འཐབ་ཇུས་ངོ་སྤྲོད་དང་ཨ་རིས་དམག་འཁྲུག་སྐབས་འཕྲུལ་རིག་བཀོལ་སྤྱོད་བྱེད་ཐབས་བཅས་ཕྱོགས་གཉིས་ནས་བདུན་ཕྲག་གཉིས་ཡས་མས་རིང་ཉམས་མྱོང་བརྗེ་ལེན་གྱི་དམག་སྦྱོང་བྱ་རྒྱུ་ཡིན་འདུག

ཨ་རི་དང་རྒྱ་གར་གཉིས་ཀྱི་འཆར་ཅན་དམག་སྦྱོང་དེ་ནི་རྒྱལ་ཁབ་གཉིས་ཀྱི་དམག་དོན་འབྲེལ་ལམ་སྲ་བརྟན་དུ་གཏོང་ཆེད་དང་། ལྷག་པར་དུ་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་གནས་སྟངས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༠ ནས་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་ཀྱི་དཀའ་རྙོག་ཆེ་རུ་ཕྱིན་ཏེ། རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་རྒྱ་སྐྱེད་ཀྱི་སྲིད་ཇུས་ལག་བསྟར་བྱེད་མུས་ཡིན་པ་དེར་ཁ་གཏད་གཅོག་པ་སོགས་ཀྱི་ཆེད་དུ་ཡིན་འདུག

ཐེངས་འདིའི་དམག་སྦྱོང་བྱ་འཆར་ཡོད་པ་ནི་ཐེངས་དང་པོ་མ་རེད། ཕྱི་ལོ་ ༢༠༠༢ ནས་རྒྱལ་ཁབ་གཉིས་ཀྱི་དམག་དོན་འབྲེལ་ལམ་ཡར་རྒྱས་དང་། འཐབ་ཇུས་མཉམ་སྤྱོད་སླད་དམག་སྦྱོང་བྱས་ཡོད་ཅིང་། འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༥ ནས་ ༣༠ བར་ཨ་རི་དང་རྒྱ་གར་གཉིས་ཀྱིས་ཨ་རིའི་མངའ་སྡེ་ཨ་ལ་སི་ཀ་ (Alaska) ནང་ཡོད་པའི་དམག་སྒར་དང་། འདས་ལོའི་ཕྱི་ཟླ་ ༢ ཚེས་ ༨ ནས་ ༢༡ བར་རྒྱ་གར་གྱི་རཱ་ཇི་སི་ཐན་ (Rajasthan) ནང་གི་མེ་མདའ་སྦྱོང་བརྡར་བྱ་སའི་ཁུལ་དུ་དམག་སྦྱོང་བྱས་ཡོད་འདུག དེ་བཞིན་འདས་ལོའི་ཕྱི་ཟླ་ ༣ པའི་ནང་དྷ་རམ་ས་ལའི་བྷག་ལོ་ (Bakloh) ཞེས་པའི་རི་ཁུལ་དང་། ཕྱི་ལོ་ ༢༠༡༩ ཟླ ༡༠ ཚེས་ ༡༣ ནས་ ༢༨ བར་ཨ་རིའི་སི་ཊལ་ (Seattle) ནང་དུ་ཡོད་པའི་དམག་སྒར་དུ་དམག་སྦྱོང་བྱས་ཡོད་པ་རེད།

རྒྱ་ནག་གིས་མཚོ་དམག་སྟོབས་ཤུགས་ཇེ་ཆེར་བཏང་དང་གཏོང་བཞིན་ཡོད་པའི་རྐྱེན་གྱིས། ཨེ་ཤ་ཡའི་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད་པར་བརྟེན། འདས་ལོའི་ཕྱི་ཟླ་ ༡ པའི་ནང་རྒྱ་མཚོའི་མཐའ་མཚམས་སྲུང་སྐྱོབ་སླད་མཚོ་དམག་སྦྱོང་བརྡར་བྱས། ད་དུང་འདས་ལོའི་ཕྱི་ཟླ་ ༨ པའི་ནང་ནུབ་ཞི་བདེ་རྒྱ་མཚོའི་ཁུལ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༡༡ པའི་ནང་རྒྱ་གར་དང་ཉི་ཧོང་། ཨོ་གླིང་། ཨ་རི་བཅས་ཀྱིས་རྒྱ་གར་གྱི་མཚོ་རྒྱུད་བྷ་ཡེ་ཨོ་ཧྥི་བྷན་གྷལ་ (Bay of Bengal) ཁུལ་དུ་མཚོ་དམག་སྦྱོང་བརྡར་བྱས། གཞན་ཡང་། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༠ ཉིན་ནས་བདུན་ཕྲག་གཅིག་གི་རིང་རྒྱ་གར་དང་ཨ་རི། ཉི་ཧོང་གསུམ་གྱིས་རྒྱ་གར་རྒྱ་མཚོའི་ཁུལ་དུ་མཚོ་དམག་གི་སྦྱོང་བརྡར་བྱས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༢ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese