མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ལ་ལ་དྭགས་མི་མང་ནས་ལ་དྭགས་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་མཛད།

བོད་ཀྱི་དུས་བབ།
༢༠༢༢/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ལ་དྭགས་དཔལ་རྔམ་དུས་སྟོན་གྱི་མཛད་སྒོ་དང་བསྟུན། ༸གོང་ས་མཆོག་ལ་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་མཛད་པ་དང་ལ་དྭགས་རང་སྐྱོང་ས་ཁུལ་གྱི་གནད་ཡོད་མི་སྣ་དང་དགེ་སློབ། དེ་བཞིན་མི་མང་བརྒྱ་ཕྲག་བརྒལ་བར་༸གོང་ས་མཆོག་གིས་བཀའ་ཆོས་མཛད་འཕྲིན་བསྐྱངས་གནང་སོང་།

༸གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག པར་དབང་། བོད་ཀྱི་དུས་བབ།

དེ་རིང་སྔ་དྲོ་ཆུ་ཚོད་ ༩ སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སན་དྷོ་གྷ་(Sindhu Ghat)རུ་དཔལ་རྔམ་དུས་སྟོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། མང་ཚོགས་ལ་ཆོས་ལུགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། ལ་དྭགས་ཀྱི་གཞོན་སྐྱེས་ཚོས་སློབ་གཉེར་གནང་གལ་ཆེ་བ། དེ་བཞིན། ༧མགོན་པོ་གང་ཉིད་མཆོག་མ་འོངས་པར་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་རྒྱུའི་བཀའ་བཞེས་བཅས་ཀྱི་བཀའ་སློབ་སྩལ་སོང་བ་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་ལ་དྭགས་མི་མང་ཡོངས་ཀྱི་ཚབ་བྱས་ཏེ། ཕྱི་ལོ་ ༢༠༢༢ ལོའི་ལ་དྭགས་དཔལ་རྔམ་གྱི་གཟེངས་རྟགས་དེ་ཁྲེག་སེ་རིན་པོ་ཆེ་བརྒྱུད་༧གོང་ས་མཆོག་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕུལ་གནང་མཛད་སོང་།

སྐབས་དེར་༧གོང་ས་མཆོག་གིས། སྔོན་ལ་ངོས་རང་ངོ་སྤྲོད་ཅིག་བྱས་ན། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ།། རྒྱལ་བའི་གསུང་ལ་སྦྱང་པ་མི་དམན་ཞིང་།། རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག། དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས།། ཞེས་རྗེ་རིན་པོ་ཆེས་གསུངས་པ་ནང་བཞིན་ང་ཡང་དེ་ལྟར་ཡིན། སྟོན་པའི་རྗེས་སུ་རབ་ཏུ་བྱུང་ནས་ལོ་བཅུ་ཕྲག་ཁ་ཤས་རིང་ལ་དཔེ་ཆ་བལྟས། དེ་ནས་ང་ཚོ་བཙན་བྱོལ་བ་ཆགས་རྗེས་དཔེ་ཆ་མུ་མཐུད་ལྟ་ཡི་ཡོད། རྒྱལ་བའི་གསུང་ལ་ལྗགས་པ་མི་དམན་ཞིང་། བཅོམ་ལྡན་འདས་ཀྱིས་སྡེ་སྣོད་གསུམ་གྱི་བཀའ་སྩལ། བོད་གངས་ཅན་ལྗོངས་ཀྱི་རིས་སུ་མ་མཆེད་པའི་སྐྱེ་བུ་དམ་པ་མང་པོས་འགྲེལ་བ་དང་ཡང་འགྲེལ་བརྩམས་ནས་དངོས་གནས་དྲང་གནས་ཀྱི་ཕུལ་དུ་བྱུང་བའི་ལེགས་བཤད་ཡོད་བསྡད་པ་དེ་དག་ད་ལྟ་ཡིན་ནའང་སློབ་སྦྱོང་བྱེད་བཞིན་ཡོད། དཔེ་ཆ་བལྟས་པའི་དགོས་འདུན་དེ་སེམས་རྒྱུད་འདུལ་དགོས་ཀྱི་ཡོད་པ་རེད། རྒྱུད་མ་དུལ་བ་ཡིན་ན་དཔེ་ཆ་བལྟས་པའི་དགོས་པ་གང་ཡང་བྱུང་མེད་པ་རེད། དེར་བརྟེན། ཉིན་རེ་བཞིན་དུ་སྒོམ་བརྒྱབ་སྟེ་གཙོ་བོ་བྱང་ཆུབ་ཀྱི་སེམས་སྒོམ་གྱི་ཡོད། བྱང་ཆུབ་ཀྱི་སེམས་སྒོམ་ནས་སྙིང་སྟོབས་སྐྱེ་ཡི་འདུག བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཤུགས་སྐྱེས་ཡོང་དུས། ཇི་སྲིད་གནམ་མཁའ་གནས་པ་དང་།། འགྲོ་བ་དེ་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་སྲིད་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ། ཅེས་སྨོན་ལམ་འདི་འདྲ་ཞིག་རྒྱག་གི་ཡོད་པ་རེད། གནམ་མཁའ་མ་ཟད་བར་དང་ཇི་སྲིད་སེམས་ཅན་གྱི་སྡུག་བསྔལ་མ་སེལ་གྱི་བར་དུ། ངས་མུ་མཐུད་འགྲོ་བའི་དོན་བྱེད་ཀྱི་ཡིན་ཞེས་དམ་བཅའ་འཇོག་གི་ཡོད་པ་རེད། ཤེས་སོང་ངམ། དེས་སེམས་ཤུགས་ཞེ་དྲགས་བསྐྱེད་ཀྱི་འདུག ཇི་ཙམ་གྱིས་སྙིང་སྟོབས་ཡོད་པའི་ཚོད་ཀྱིས། སེམས་ལ་རྔམ་སྐྲག་དང་རེ་དོགས་ཡོང་གི་མི་འདུག སེམས་ལ་དངོས་གནས་ཞི་བདེ་ཡོང་གི་འདུག དེ་དག་ངས་ཉམས་ལེན་བྱེད་ཀྱི་ཡོད། བྱང་ཆུབ་ཀྱི་སེམས་དེ་སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་ནས་བསམ་བློ་གཏང་གི་ཡོད། རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་དང་བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་པ། དབུ་མ་པ་ལ་ནང་གསེས་ཀྱི་དབུ་མ་རང་འགྱུར་བ་དང་ཐལ་འགྱུར་བ་ཡོད་དུས། ངས་སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པའི་རང་འགྲེལ་དག་ཉིན་རེ་བཞིན་དུ་ཀློག་གི་ཡོད། ཆོས་ཐམས་ཅད་མིིང་རྐྱང་རྟགས་ཡོད་ཙམ་སྟེ། སེམས་ཀྱི་གཏིང་ནས་ངེས་པ་རྙེད་བསྡད་པ་བྱས་ཏེ། དེ་འདྲ་བའི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཟུང་དུ་འབྲེལ་ནས། ངས་ཉིན་བཞིན་དུ་སྒོམ་སྡོད་ཀྱི་ཡོད། ཅེས་གསུངས་པ་དང་ལ་དྭགས་ཀྱི་སྐད་བསྒྱུར་བས་གསུང་བསྒྱུར་གནང་སོང་།

ཚེ་འདི་ལའང་། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོའི་ཡིད་རབ་བསྐྱེད་པ་ཡིས།། ཕན་བདེ་གཏེར་དུ་གསལ་བར་བྱེད་པར་ཤོག ། ཅེས་གསུངས་པ་དེ་ངས་ལག་ལེན་བསྐྱལ་གྱི་ཡོད། དེ་ནས་ཧི་མ་ལ་ཡའི་རི་བརྒྱུད་དག་ལ་བོད་ཀྱི་ཆོས་དང་རིག་གཞུང་ཤུགས་ཆེན་པོ་ཡོད་པ་རེད། སེངྒ་ཁ་འབབ་འདིར་ནས་མར་བཞུར་ནས་བོད་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད། ལ་དྭགས་ལ་ཆོས་ལུགས་ཀྱི་མཐུན་སྒྲིལ་ཡག་པོ་ཞེ་དྲགས་རེད་འདུག ལ་དྭགས་ལ་ཁ་ཆེ་ཆོས་ལུགས་བྱེད་མཁན་གྱི་ཆོས་གྲོགས་མང་པོ་འདུག ཚང་མ་མཐུན་པོ་བྱས་ནས་སྡོད་ཀྱི་ཡོད་པ་ནི་ཡག་པོ་ཞེ་དྲགས་རེད། འཛམ་གླིང་ནང་ཆོས་ལུགས་མི་འདྲ་བར་ལྟ་གྲུབ་འདྲ་མིན་ཡོད་པ་རེད་དེ། ཆོས་ལུགས་ཚང་མས་ག་ཚོད་ཐུབ་ཐུབ་ཀྱིས་སེམས་བཟང་པོ་དང་མི་ལ་ཕན་སེམས་བྱ་དགོས་རེད་གསུངས་གི་ཡོད་པ་རེད། ཁྱེད་རང་ཚོ་ལ་དྭགས་སུ་ཡོད་པའི་མོ་ཧན་མུ་དུའི་ཆོས་གྲོགས་ཚོ་ཐུགས་མཐུན་སེམས་གཙང་ཞེ་དྲགས་རེད་འདུག ཅེས་གསུངས།

ངོས་རང་འཛམ་གླིང་འདིའི་སྒང་གི་མི་གཅིག་ཆགས་ཀྱི་ཡོད། ང་ཚོ་འཛམ་གླིང་གི་མི་ཚང་མས་བདེ་སྐྱིད་འདོད་ཀྱི་ཡོད་པ་དང་བདེ་སྐྱིད་ཡོང་བའི་ཐོབ་ཐང་གཅིག་པ་རེད། ངོས་རང་མི་གཅིག་ཡིན་པའི་ངོས་ནས་འཛམ་གླིང་འདིའི་སྒང་དངོས་གནས་དྲང་གནས། བདེ་སྐྱིད་ཡོད་པ་དང་དམག་འཁྲུག་མེད་པ། ཚང་མ་གཅིག་གིས་གཅིག་ལ་འཆམ་མཐུན་བྱས་ནས་ཡོད་པའི་འཛམ་གླིང་ཞིག་ཡོང་ཐུབ་ན་བསམ་ནས་ངས་འབད་བརྩོན་བྱེད་ཀྱི་ཡོད།
ང་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པ་དེ། ངས་སེམས་ཤུགས་བསྐྱེད་ནས་དངོས་གནས་དྲང་གནས་འཛམ་གླིང་ཞི་བདེ་ཡོང་བར་འབད་བརྩོན་བྱས་པ་ཡིན་སྟབས། ཞི་བདེ་གཟེངས་རྟགས་དེ་ཐོབ་བསྡད་ཡོད་པ་རེད། ངོས་ཀྱི་ངོ་ཤེས་མང་པོས་དགའ་བོ་ཞེ་དྲགས་བྱེད་ཀྱི་འདུག

ད་ང་ཚོའི་འཛམ་གླིང་འདིའི་སྒང་ག་ལེར་ཚ་དྲོད་ཆེ་རུ་འགྲོ་ཡི་ཡོད་པ་དཔེ་ཆའི་ནང་དུའང་ཡོད་པ་རེད་ལ་ཚན་རིག་པས་ཀྱང་ཤོད་ཀྱི་འདུག ངོས་ཀྱི་ཉམས་མྱོང་ཐོག་ནས་ཡིན་ནའང་། ངོས་རང་ཆུང་ཆུང་གི་སྐབས་སུ། ལྷ་སའི་ཉེ་འཁོར་གྱི་རི་དེ་ཚོའི་སྒང་དུ་དགུན་ཁ་གངས་གང་འཚམ་ཡོད་པ་རེད། ངོས་ཀྱིི་མི་ཚེའི་ནང་གངས་ཉུང་དུ་ཉུང་དུ་ཕྱིན་སོང་། འཛམ་གླིང་གི་ཚ་དྲོད་དེ་རང་བཞིན་གྱིས་ཤུགས་ཆེ་རུ་འགྲོ་ཡི་ཡོད་དུས། ང་ཚོའི་ཁོར་ཡུག་ནང་ནགས་ཚལ་འདེབས་འཛུགས་བྱ་རྒྱུ་དེ་གལ་ཆེན་པོ་ཞེ་དྲགས་རེད་འདུག སྔོན་མའི་ལ་དྭགས་ཀྱི་ཚད་གཞི་བྱས་ན། དེ་རིང་ཁ་སང་ལ་དྭགས་ནང་སྔོན་ལྗང་ཞེ་དྲགས་མང་དུ་ཕྱིན་འདུག་པས། ཡག་པོ་ཞེ་དྲགས་རེད། ད་དུང་ཁྱེད་རང་ཚོ་ཚང་མས་ཁོར་ཡུག་ཡག་པོ་ཞིག་ཡོང་བར་དོ་སྣང་ཤུགས་ཆེར་བྱས་ཏེ་ཧུར་ཐག་གནང་ཤོག དེ་ནས་སེངྒ་ཁ་འབབ་ཀྱི་གཙང་པོ་འདིར་ཡོད་པ་རེད། དེའི་ཆུ་རྩ་དེ་ཚོ་ག་འདྲ་ཡོང་གི་ཡོད་མེད་སྲུང་སྐྱོབ་བྱས་ཏེ། ཁྱེད་རང་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་ཁོར་ཡུག་སྔོན་ལྗང་ཡོང་བར་འབད་བརྩོན་བྱ་དགོས་རེད། ཅེས་གསུངས།

པར་དབང་། བོད་ཀྱི་དུས་བབ།

ད་ཕལ་ཆེར་ངོས་ཀྱི་མི་རབས་འདིས་འཛམ་གླིང་གི་ཚ་དྲོད་ཡར་མཐོ་པོར་བསླེབ་བཞིན་པ་ཞེ་དྲགས་མཐོང་གི་མ་རེད། འོན་ཀྱང་། ང་ཚོའི་མི་རབས་རྗེས་མ་དེ་ཚོའི་སྐབས་སུ་འཛམ་གླིང་གི་ཚ་དྲོད་ཆེ་རུ་ཕྱིན་པ་དང་ཆུ་སྐམ་པ་དང་ལྗང་མདོག་ཇེ་ཉུང་དུ་འགྲོ་བའི་ཉེན་ཁ་ཡོད་པ་རེད། ང་ཚོའི་མི་རབས་རྗེས་མ་དག་གི་དོན་དུ་ད་ལྟའི་ང་ཚོའི་མི་རབས་འདིས་དེ་དག་ལ་དོ་སྣང་བྱེད་དགོས་པ་ཞིག་རེད་འདུག མཐའ་དོན་ཁྱེད་ཚོས་ངོས་ལ་གཟེངས་རྟགས་གསོལ་རས་གནང་བ་རེད། ཁྱེད་རང་ཚོས་དངོས་གནས་དྲང་གནས་དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་གཟེངས་རྟགས་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་དྷ་རམ་ས་ལར་ཆར་ཤུད་ཆེན་པོ་བྱས་ནས་བཞའ་ཚན་ཞེ་དྲགས་རེད་འདུག ལ་དྭགས་ལ་ས་སྐམ་པོ་དང་དེ་འདྲ་བའི་བཞའ་ཚན་མེད་པ་ཡིན་དུས། ངོས་རང་གུང་གསེང་འདྲ་པོ་བྱས་ནས་ཡོང་གི་ཡོད་པ་རེད། ད་རེས་འདིར་ཡོང་བ་རེད། ཁྱེད་ཚོ་དངོས་གནས་དྲང་གནས་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡིན་དུས། ངོས་རང་ཧ་ཅང་དགའ་བོ་བྱུང་། ལོ་རེ་ལོ་རེར་རྒྱ་གར་གཏིང་ལ་མར་ཆར་ཤུད་ཆེན་པོ་ཚུགས་པའི་སྐབས་སུ། ངོས་རང་ལ་དྭགས་སུ་ཡོང་བར་འདོད་པ་ཆེན་པོ་ཡོད་ལ། ཁྱེད་ཚོར་ཡང་ནས་ཡང་དུ་ཐུག་གི་རེད། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གསུངས་སོང་།

གསར་འགོད་པ་སྐལ་བཟང་སྦྱིན་པས་ལ་དྭགས་ལྕོག་ལམ་སར་ཞི་བའི་ཚལ་ཕོ་བྲང་གི་ཉེ་འགྲམ་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༢ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༣ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༤ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese