མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མཁས་པའི་བགྲོ་གླེང་ཐེངས་དང་པོར་གྲོས་ཆོད་དོན་ཚན་ ༣༨ ཡས་མས་བྱུང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་བཙན་བྱོལ་ནང་གི་ད་ལྟའི་བོད་ཀྱི་རིག་གཞུང་གི་གནས་བབ་དང་མ་འོངས་པའི་ལམ་སྟོན་སྐོར་གྱི་མཁས་པའི་བགྲོ་གླེང་ཐེངས་དང་པོ་དེ་མཇུག་བསྒྲིལ་སོང་བ་དང་ཐེངས་འདིའི་ཚོགས་ཐོག་ཏུ་མ་འོངས་ལས་གཞི་ལས་འཆར་ཁག་གི་ས་བོན་ལྟ་བུར་གྲོས་ཆོད་དོན་ཚན་ ༣༨ ཡས་མས་ཡོང་གི་ཡོད་འདུག

བོད་ཀྱི་རིག་གཞུང་གི་གནས་བབ་དང་མ་འོངས་པའི་ལམ་སྟོན་སྐོར་གྱི་མཁས་པའི་བགྲོ་གླེང་ཐེངས་དང་པོ་དེ་མཇུག་བསྒྲིལ། ༢༠༢༢།༠༨།༡༡ དུས་བབ་ཀྱི་པར།

དེ་རིང་བགྲོ་གླེང་གི་ཉིན་མཐའ་མར་ཝཱ་རཱ་ཎཱ་སི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས། ༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་ཏེ་ཕུགས་རྒྱང་རིང་བོའི་ཐོག་ནས་སློབ་གྲྭ་དང་གཞིས་ཆགས་ཁག དགོན་སྡེ་ཁག་བཙུགས་ཏེ་བཙན་བྱོལ་དུ་བོད་ཀྱི་རིག་གཞུང་གི་མེ་རོ་གསོས་བ་ལྟ་བུ་བྱུང་བ་རེད། དེ་འདྲའི་བཀའ་དྲིན་བསྐྱངས་པ་ལ་བརྟེན་ནས་གང་ཅིའི་ཐད་བོད་ཀྱི་ཤེས་རིག་གི་གཞི་རྐང་བཙུགས་ཐུབ་ཡོད་པ་རེད། བོད་ཀྱི་རིག་གཞུང་རྒྱ་གར་ནང་དུ་གཅིག་པུ་མ་ཡིན་པར། འཛམ་གླིང་ས་ཕྱོགས་གང་སར་ཆོས་དང་བཟང་སྤྱོད་ཐད་ཀྱི་བླང་དོར་སྤེལ་མུས་ཡིན་པ་མ་ཟད། དེང་དུས་ཚན་རིག་གི་སློབ་ཚན་བོད་ཀྱི་ཤེས་ཡོན་དུ་ནང་འདྲེན་བྱེད་ཐུབ་པ་བྱུང་ཡོད་པའི་རླབས་ཆེན་གྱི་མཛད་རྗེས་ངོ་སྤྲོད་དང་སྦྲགས། བོད་ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་ནས་ཤེས་ཡོན་ཡར་རྒྱས་གཏོང་བར་ཐབས་ལམ་ག་རེ་འདོན་གྱི་ཡོད་མེད་དང་། ཉེ་བའི་ལོ་འགའི་ནང་དུ་བོད་ཀྱི་རྒྱལ་རབས་དང་། སྐད་ཡིག་རྩོམ་རིག སྒྱུ་རྩལ་བཅས་ལ་ཆེད་ལས་རང་བཞིན་གྱི་བྱེད་ཕྱོགས་གཙོར་བཟུང་གིས་ཤུགས་རྒྱག་བཞིན་ཡོད་སྐོར་གསུངས་སོང་།

ཡང་ཁོང་གིས།  རིག་གཞུང་ནང་འདྲེན་བྱ་རྒྱུ་ནི་གལ་ཆེན་ཡིན་པར་བརྟེན། ད་ལྟའི་ཚན་རིག་ཤེས་བྱ་བོད་ཀྱི་ཤེས་ཡོན་དུ་ནང་འདྲེན་བྱེད་མ་ཐུབ་པ་ཡིན་ན། ང་ཚོའི་རིག་གཞུང་དེ་ལེགས་སྦྱར་ནང་བཞིན་ཉམས་ཆགས་སུ་འགྲོ་རྒྱུ་ཡིན་པ་དང་།  རིག་གཞུང་ཚོགས་སྡེས་འཛིན་སྐྱོང་བྱེད་པར་འཆར་གཞི་སྐྲུན་པ་གཅིག་པུ་མིན་པར་འཆར་གཞི་ལ་ཆ་རྐྱེན་བསྐྲུན་ནས་སློབ་མ་གསོ་སྐྱོང་བྱེད་པར་ཆེད་ལས་རང་བཞིན་ཅན་ཡིན་དགོས་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་བོད་རིགས་འདུས་སྡོད་ས་ཁུལ་དུ་བོད་ཀྱི་གྲོང་སྡེ་འཛུགས་ཐུབ་དགོས་པ་ནི་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

དེ་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་ཀྱིས། རིག་གཞུང་ལབ་དུས་རིག་གཞུང་རྒྱུད་འཛིན་བྱ་དགོས་པ་གལ་ཆེན་དུ་མཐོང་། ངས་བརྡ་སྤྲོད་ཀ་ཙན་དབྱངས་གསུམ་གྱི་རྒྱུད་བོད་ནས་བླངས་ནས་ཡོང་བ་རེད། རྒྱ་གར་གྱི་བརྡ་སྤྲོད་ཀ་ཙན་དབྱངས་གསུམ་ཉམས་བཞིན་པ་ཚོར་གྱི་འདུག བྱས་ཙང་ཆོས་རིག་ལས་ཁུངས་ནས་ད་ལོ་འི་ལས་འཆར་བླངས་པ་ཡིན། དེ་དག་ཉར་ཚགས་བྱས་པ་ཡིན་ན་རྗེས་མ་རྒྱུད་འཛིན་བྱེད་ཐུབ་པ་རེད། ང་ཚོས་ལག་ཆའམ་ཡོ་ཆས་སྐྲུན་མ་ཐུབ་པ་ཡིན་ན། དེ་བེད་སྤྱོད་གཏོང་མཁན་ཡོད་མ་རེད། ཉར་ཚགས་དེའང་གློག་ཀླད་ནང་དུ་བཅུག་སྟེ་དེང་རབས་ཀྱི་ཁྱད་ཆོས་ཡོད་པའི་ཐོག་ནས་བེད་སྤྱོད་བྱེད་ཐུབ་ན། ང་ཚོའི་རྒྱུད་འཛིན་ལ་ཕན་ཐོགས་ཡོད་ཅིང་། ཆབ་སྲིད་དང་གསོ་རིག་བཅས་པར་འཆར་འགོད་བྱ་ཐུབ་ཚེ། ལས་འཆར་དེ་དགོས་མཁོར་མཐུན་པ་ཞིག་ཡིན། དེའི་ལས་འཆར་དབྱིན་ཡིག་སོགས་སུ་བསྒྱུར་ཚེ། བེད་སྤྱོད་དང་དགོས་མཁོ། ཉར་ཚགས་སོགས་ལ་རྒྱུད་འཛིན་ཙམ་མིན་པར་འཕེལ་རྒྱས་གཏོང་ཐུབ་པའི་ཆ་རྐྱེན་ཞིག་ཏུ་མཐོང་གི་ཡོད། ཅེས་གསུངས་སོང་།

བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་བསམ་གཏན་དོན་གྲུབ་ལགས་ཀྱིས། ཟློས་གར་སྦྱོང་མཁན་རྣམས་ཀྱི་བོད་ཡིག་གནས་ཚད་མཐོ་བོ་མེད་ཀྱང་། ཁོང་ཚོས་ང་ལ་གཞས་ཚིག་ཚང་མ་མཁྲེགས་པོ་ག་རེ་བྱས་ནས་ཡོད་དགོས་རེད་ཟེར། དེས་ཁོང་ཚོའི་གནས་ཚད་མཐོ་རུ་མ་ཕྱིན་པར་ང་ཚོ་མར་འཐེན་པའི་བཟོ་ལྟ་ཞིག་རེད། ད་ལྟའི་བོད་ཀྱི་ཟློས་གར་ནང་དུ་དགེ་སྐྱོན་ཅི་ཡོད་ཞིབ་ཚགས་མ་བྱས་ཚེ། སྐྱོན་ཡོན་གང་ཡིན་མ་ཤེས་པའི་ནོར་འཁྲུལ་གྱི་ཆ་འབྱུང་སྲིད་པ་ཞིག་རེད། རྒྱུད་འཛིན་བྱེད་པར་འཆར་གཞི་མེད་ན་དེང་རབས་རོལ་མོ་ལ་དབྱིངས་སླེབས་ཡོད་པ་བཞིན། ང་ཚོའི་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ཀར་ཉམས་ཆགས་འབྱུང་རྒྱུ་རེད། ཉར་ཚགས་བྱེད་པར་དེང་དུས་ཀྱི་ཁྱད་ཆོས་ལྡན་དགོས། ཞེས་གསུངས་སོང་།

བོད་ཀྱི་རིག་གཞུང་གི་གནས་བབ་དང་མ་འོངས་པའི་ལམ་སྟོན་སྐོར་གྱི་མཁས་པའི་བགྲོ་གླེང་ཐེངས་དང་པོ་དེ་མཇུག་བསྒྲིལ། ༢༠༢༢།༠༨།༡༡ དུས་བབ་ཀྱི་པར།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས། ང་ཚོས་རིག་གཞུང་འཛིན་སྐྱོང་བྱེད་པར་ཆོས་ལུགས་ཀྱི་ལྟ་གྲུབ་གཅིག་པུ་བཤད་ནས་མ་བསྡད་པར། རི་མོ་དང་སྒྱུ་རྩལ་གྱི་ལམ་ནས་བྱིས་པའི་ཤེས་ཡོན་ཡར་རྒྱས་གཏང་དགོས་པ་གལ་ཆེན་དུ་མཐོང་གི་ཡོད། དེང་སྐབས་བཙོན་ཁང་དུ་ཡོད་པའི་མི་རྣམས་ཀྱང་སྒྱུ་རྩལ་བ་རྐྱང་རྐྱང་རེད། ནང་པའི་ཆོས་ལུགས་ཀྱི་སྒྱུ་རྩལ་ལྟ་གྲུབ་ཤེས་མཁན་མི་འདུག ཡོད་ཀྱང་ཧ་ཅང་ཉུང་ཉུང་རེད། སྒྱུ་རྩལ་ལྟ་གྲུབ་ཤེས་མཁན་ཡོད་ཀྱང་ཡིད་ཚིམས་པ་ཞིག་ཡོད་མ་རེད། ང་ཚོའི་རིག་གཞུང་ནི་མི་མང་གིས་བེད་སྤྱོད་གཏོང་ཐུབ་པ་དང་། མི་མང་གི་འཚོ་བའི་ནང་དུ་ཕན་ཐོགས་པ་ཞིག་ཡིན་དགོས། མཁས་པའི་བགྲོ་གླེང་གཅིག་པུ་བྱས་བསྡད་ཚེ། ཐང་གི་རྡོ་ལེན་པའི་ཚབ་ཏུ།་རུམ་གྱི་བྲོ་ལྷུང་བའི་ཉེན་ཁ་འདུག ང་ཚོས་རིག་གཞུང་གློག་ཀླད་དུ་བཅུག་པར་ཚད་ལྡན་དགེ་རྒན་དགོས་པ་རེད། ང་ཚོས་སྨོན་ལམ་ཚིག་མཛོད་གློག་ཀླད་དུ་བཅུག་པ་རེད། ཚིག་མཛོད་རིག་པའང་བཅུག་ཡོད་པ་རེད། ཡིན་ནའང་། བེད་སྤྱོད་གཏོང་མཁན་ཡོད་མ་རེད། ཐ་ན་སྐྱོན་བརྗོད་བྱེད་མཁན་ཡང་མི་འདུག དེ་བས་ང་ཚོའི་ལས་ཀ་བྱེད་བཞིན་པ་ཡར་རྒྱས་འགྲོ་གིན་ཡོད་མེད་དོགས་པ་ཟ་བཞིན་ཡོད། ང་ཚོས་མཐོ་རིམ་ནས་མི་མང་ནང་དུ་མ་བལྟས་པར་མདུན་སྐྱོད་བྱས་ཀྱང་། དོན་གྱིས་ང་ཚོར་དགོས་པའི་རིག་གཞུང་འཛིན་སྐྱོང་བྱེད་ཕྱོགས་ལ་ཕན་ཐོགས་ཀྱི་ཡོད་མིན་ཡང་ཤེས་ཀྱི་མེད་སྐོར་གསུངས་སོང་།

ཐེངས་འདིའི་མཁས་པའི་བགྲོ་གླེང་གི་ཚོགས་བཅར་བ་སོ་སོའི་བརྗོད་གཞི་གཏམ་བཤད་ཡོངས་སུ་གྲུབ་རྗེས། ཚོགས་བཅར་བ་ཚང་མ་སྡེ་ཚན་གཉིས་སུ་བགོས་ཏེ། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ཡི་གྲོས་ཆོད་དོན་ཚན་ ༣༨ ཡས་མས་ཤིག་བཟོ་འགོད་བྱས་ཏེ། མ་འོངས་པར་བོད་མིའི་སྒྲིག་འཛུགས་ནས་ལས་གཞི་ལས་འཆར་ཁག་བཟོ་བར་རྨང་གཞི་ལྟ་བུར་བེད་སྤྱོད་གནང་འཆར་ཡོད་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese