མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བལ་གཞུང་ལ་རོགས་དངུལ་ཨ་སྒོར་ས་ཡ་ ༡༡༨ སྤྲད་རྒྱུ་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ནག་རག་ཡེན་ཀ་ཌི་ཀ་(Narayan Khadka)དང་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡས་ (Wang Yi) གཉིས་ཀྱིས་ཐུག་འཕྲད་བྱས་ཏེ་བལ་ཡུལ་ནང་རྒྱ་ནག་གཞུང་ལ་གནོད་འཚེ་ཡོད་པའི་ལས་རིགས་སྤེལ་བཅུག་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་འདུག

Nepal’s foreign minister Narayan Khadka in China for bilateral talks (Photo: Reuters)

ཟླ་འདིའི་ཕྱི་ཚེས ༡༠ ཉིན་རྒྱ་ནག་གི་ཆིན་དོ་( Qingdao) གྲོང་ཁྱེར་དུ། བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ནག་རག་ཡེན་ཀ་ཌི་ཀ་(Narayan Khadka)དང་གཞུང་འབྲེལ་མི་སྣ་ཁག་གིས་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡས་ (Wang Yi) དང་ཐུག་འཕྲད་བྱས་ཏེ། རྒྱ་ནག་གཞུང་གིས་བལ་ཡུལ་དུ་རྒྱུད་གཅིག་ལམ་གཅིག་དང་བལ་ཡུལ་ཡར་རྒྱས་གཏོང་ཆེད་ཨ་སྒོར་ས་ཡ་ ༡༡༨ སྤྲད་རྒྱུ་བྱས་ཡོད་པ་མ་ཟད། བལ་ཡུལ་གཞུང་གིས་བལ་ཡུལ་ནང་རྒྱ་ནག་གཞུང་ལ་གནོད་འཚེ་ཡོད་པའི་ལས་རིགས་སྤེལ་བཅུག་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་འདུག

རྒྱ་བལ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་གཉིས་ཀྱི་ཐུག་འཕྲད་སྐབས། རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡས་ཀྱིས། རྒྱ་ནག་གཞུང་གིས་བལ་ཡུལ་དུ་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་། བལ་ཡུལ་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས། བོད་ནས་བལ་ཡུལ་རྒྱལ་ས་ཀ་ཐི་མན་ཌུ་བར་དུ་གཟུག་འཆར་ཡོད་པའི་མེ་འཁོར་ལྕགས་ལམ།  བལ་ཡུལ་དུ་འགྲིམ་འགྲུལ་གཞུང་ལམ་གསར་རྒྱག་གི་ལས་གཞི་སོགས་ལེགས་འགྲུབ་ཡོང་སླད། ཨ་སྒོར་ས་ཡ་༡༡༨ ཀྱི་རོགས་རམ་བྱས་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་བལ་ཡུལ་གྱི་མངའ་ཁོངས་སྲུང་སྐྱོབ་དང་། མཐའ་མཚམས་ཀྱི་བདེ་འཇགས་སོགས་ཀྱི་ཐད་ལ་རོགས་འདེགས་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག་ལ། བལ་ཡུལ་གཞུང་གིས་བལ་ཡུལ་ནང་རྒྱ་ནག་གཞུང་ལ་གནོད་འཚེ་ཡོད་པའི་ལས་རིགས་སྤེལ་བཅུག་རྒྱུ་མིན་པ་དང་།  རྒྱ་ནག་གཞུང་གིས་ད་ལྟ་པ་ཀི་སི་ཐན་དང་སེངྒ་ལ་གཉིས་སུ་ལུས་པའི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་རྣམས་བལ་ཡུལ་དུ་ལག་བསྟར་གང་མགྱོགས་བྱ་དགོས་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

 བོད་ནང་གི་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་ཇེ་ཆུང་དུ་ཕྱིན་ཚེ། རྒྱ་ནག་གཞུང་གིས་བོད་དང་བལ་ཡུལ་གྱི་མཐའ་མཚམས་སྒོ་ཕྱེས་ཏེ་ཚོང་འབྲེལ་གྱི་ལས་དོན་མུ་མཐུད་དུ་བྱ་རྒྱུ་དང་། རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ཇ་དང་། སྨན་རྩྭ། ཞིང་ཁའི་ཐོན་སྐྱེད་རྣམས་ནང་འདྲེན་དང་། དེ་བཞིན་བལ་ཡུལ་གྱི་བཟོ་ལས་ཐོན་སྐྱེད་དང་དེང་རབས་ཅན་གྱི་ཞིང་ལས་ཡར་ཐོན། བལ་ཡུལ་གྱི་སློབ་མ་རྣམས་རྒྱ་ནག་གི་མཐོ་སློབ་ཁག་ཏུ་བསྐྱོད་རྒྱུ་སོགས་ལ་རོགས་རམ་བྱ་རྒྱུའི་གྲོས་ཆོད་བཞག་ཡོད་འདུག་ལ། དེ་བཞིན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གོང་མཐོར་དང་། ཞིང་ལས། འཕྲོད་བསྟེན། འགྲིམ་འགྲུལ། ཚོང་ལས་སོགས་ཀྱི་ཐོག་ཏུའང་བགྲོ་གླེང་བྱས་ཡོད་སྐོར་བསྒྲགས་འདུག

 འདས་ལོའི་ཟླ ༡༢ ནང་བལ་ཡུལ་གྱི་ས་གནས་ ༧ དུ་གནས་སྡོད་བྱེད་མུས་ཡིན་པའི་འབྲུག་གི་སྐྱབས་བཅོལ་བ་རྣམས་ལ་ངོ་སྤྲོད་ལག་ཁྱེར་སྤྲད་ཡོད་པ་དང་། འདི་ལོའི་ཟླ་ ༦ ནང་བལ་ཡུལ་གཞུང་གིས་བལ་ཡུལ་དུ་གནས་སྡོད་སྐྱབས་བཅོལ་བ་གཞན་རྣམས་ལའང་ངོ་སྤྲོད་ལག་ཁྱེར་སྤྲད་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་། ད་བར་བལ་ཡུལ་གཞུང་ནས་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད། བལ་ཡུལ་ནི་ཕྱི་ལོ་ ༡༩༥༡ ལོར་གཏན་འབེབ་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་རྩ་འཛུགས་ (UN 1951 Refugee Convention) ཀྱི་ཁོངས་སུ་མེད་ནའང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་བོད་མི་ཕོན་ཆེན་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་འབྱོར་ཡོད་ཅིང་། སྐབས་དེ་དུས་བལ་གཞུང་གིས་བལ་ཡུལ་ནང་གཞིས་ཆགས་པའི་བོད་མི་རྣམས་ལ་སྐྱབས་བཅོལ་ལག་དེབ་སྤྲད་ཡོད་ནའང་། ཕྱི་ལོ་ ༡༩༩༥ ལོ་ནས་བཟུང་བལ་གཞུང་གིས་བོད་མི་རྣམས་ལ་སྐྱབས་བཅོལ་ལག་ཁྱེར་སྤྲོད་མཚམས་བཞག་ཡོད་སྟབས། བལ་ཡུལ་ནང་དུ་གནས་སྡོད་བོད་མི་རྣམས་ལ་ལས་ཀར་འཛུལ་ཞུགས་དང་། ཐ་ན་ཁ་ལོ་བའི་ལག་འཁྱེར་ཞིག་ཀྱང་ཁྲིམས་མཐུན་གྱི་ཐོག་ནས་རག་གི་མེད་པ་རེད།

 གཞན་ཡང་། རྒྱ་ནག་གཞུང་གིས་ཧི་མ་ཡ་ལའི་རི་རྒྱུད་ཁུལ་དུ་ཆགས་པའི་རྒྱལ་ཁབ་ཁག་ཏུ་དཔལ་འབྱོར་གྱི་རོགས་སྐྱོར་དང་འཛུགས་སྐྲུན་སོགས་ཀྱི་མིང་ཐོག་ནས་དབང་ཤུགས་སྐྱེད་ཐབས་བྱེད་མུས་ཡིན་པ་ལྟར། འདི་ལོའི་ཕྱི་ཟླ ༣ པར་བལ་ཡུལ་གྲོས་ཚོགས་ཀྱིས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་ ༥༠༠ དྭང་ལེན་བྱས་ཏེ། ཨ་བལ་གཉིས་ཀྱིས་ ( Millennium Challenge Corporation) ལས་གཞི་དེར་མཉམ་ལས་བྱས་ཏེ། རྒྱ་ནག་གཞུང་གི་དབང་ཤུགས་རྒྱ་སྐྱེད་ལ་ཁ་གཏད་དུ་ལངས་ཡོད་ཀྱང་། ཉེ་བའི་ཟླ་ཤས་རིང་རྒྱ་བལ་གྱི་གཞུང་འབྲེལ་མགོ་ཁྲིད་དག་ཕར་འགྲོ་ཚུར་ཡོང་བྱས་ཏེ། རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་བལ་ཡུལ་དུ་དབང་ཤུགས་སྐྱེད་ཐབས་དང་། རྒྱ་བལ་གྱི་མཉམ་ལས་འབྲེལ་བ་ཤུགས་ཆེ་རུ་བཏང་སྟེ་ཨ་རིའི་སིམ་འཛུལ་འགོག་ཐབས་བྱེད་བཞིན་ཡོད་འདུག

 གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། རྒྱ་ནག་གཞུང་གིས་རྒྱ་བལ་མཉམ་ལས་དང་བལ་ཡུལ་འཛུགས་སྐྲུན་ཟེར་ནས་མ་འཛུགས་དང་རོགས་དངུལ་སྤྲོད་ཀྱི་ཡོད་ཀྱང་། དེ་ནི་རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ཐབས་དང་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ཚགས་ཚུད་ཡོང་ཆེད་ཡིན་པ་དང་། རྗེས་མ་ཧི་མ་ཡ་ལའི་རི་རྒྱུད་དུ་ཆགས་པའི་བལ་ཡུལ་སོགས་ཀྱི་དཔལ་འབྱོར་ལ་ཉམས་ཉེས་ཆེན་པོ་འགྲོ་ཉེན་ཡོད་པ་མ་ཟད། སེངྒ་ལ་བཞིན་བུ་ལོན་གྱི་འོག་ཏུ་ཚུད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese