མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་བོད་ཀྱི་བུད་མེད་རིག་པའི་གཡུ་མཚོ་དུས་དེབ་བསྐྱར་གསོ་གནང་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་བོད་ཀྱི་རིག་གཞུང་ཐོག་ཞིབ་འཇུག་གི་ཕྱག་ལས་རྒྱུན་སྐྱོང་གནང་བ་དང་འབྲེལ་བོད་ཀྱི་བུད་མེད་རྐྱང་བའི་དུས་དེབ་གཡུ་མཚོ་བསྐྱར་གསོ་གནང་རྒྱུ་ཡིན་འདུག

ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་མ་འོངས་ལས་འཆར་སོགས་ངོ་སྤྲོད་ཀྱི་གསར་འགོད་གསལ་བསྒྲགས་གནང་། ༢༠༢༢།༠༨།༡༥ ནོར་ཝེ་རླུང་འཕྲིན་ཁང་གི་པར།

ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་མཁན་པོ་འཇུ་བསྟན་སྐྱོང་ལགས་སུ་རྩིས་སྤྲོད་ཟིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༥ ཉིན་ཞིབ་འཇུག་ཁང་གི་མ་འོངས་པའི་ལས་འཆར་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་། ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་མཆོག་གིས། བོད་ཀྱི་མི་རབས་གསར་པ་ཚོར་ལོ་རྒྱུས་ཀྱི་སྐོར་ལ་གོ་རྟོགས་སྤེལ་རྒྱུ་དང་། བོད་ཀྱི་བུད་མེད་རིག་པའི་དུས་དེབ་གཡུ་མཚོ་བསྐྱར་གསོ་གནང་རྒྱུ་ཡིན་པ་སོགས་མུ་མཐུད་ཞིབ་འཇུག་གི་ཕྱག་ལས་གནང་རྒྱུ་དང་། དེ་ཡང་གཙོ་བོ་ལོ་རྒྱུས་ཞིབ་འཇུག་གི་དཔེ་དེབ་རིགས་གདོན་རྒྱུ་ཡིན་སྐོར་གསུངས་སོང་།

དེའི་ཐད་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས། སྤྱིར་བཏང་ངས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དུ་སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་ཀ་བྱེད་བསྡད་ཀྱི་ཡོད་དུས། དེར་ལས་ཀ་ཧ་ལས་པའི་མང་པོ་འདུག་ལ། དུས་ཚོད་ཀྱང་མང་པོ་ཞིག་གཏང་དགོས་ཀྱི་ཡོད་སྟབས། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དེ་ཡོང་གི་ཡོད་ན་མེད་ན་བསམ་བྱུང་། རྗེས་སུ་བསམ་བློ་གཏོང་དུས་རྒན་རབས་པ་ཚོས་དཀའ་ལས་བརྒྱབ་པ་དེ་མིན་ལབ་ན་ཡག་པོ་མི་འདུག་བསམ་སྟེ། ངས་ཚིག་མཛོད་ཀྱི་ལས་ཀ་དེ་བྱེད་ཀྱིན་བྱེད་ཀྱིན། འདིར་ངའི་རོགས་པ་ལྕགས་མོ་དང་བཀྲིས་གཉིས་ལ་འགན་ཞིག་ཁུར་དུ་བཅུག་ནས། ངས་སྤྱི་ཁྱབ་ཀྱི་ལམ་སྟོན་ནམ། ཕྱོགས་ཡོངས་ནས་ག་རེ་བྱ་དགོས་ཀྱི་སྤྱི་ཁྱབ་ཀྱི་འགན་ཁུར་ཏེ། ཉིན་རྟག་པར་ལུས་ཁུངས་སུ་ལས་ཀ་བྱ་རྒྱུ་དེ་ཁོང་གཉིས་ཀྱིས་འགན་ཞིག་ཁུར་བཞག་ན་འགྲིག་གི་རེད་བསམ་ནས། ང་ཚོས་ལས་ཁུངས་འདི་རྩིས་བླངས་བཞག་པ་རེད། ལས་ཁུངས་འདིས་ལོ་ ༣༠ རིང་ལ་བོད་ཀྱི་ལོ་རྒྱུས་ཀྱི་སྐོར་ལ་དཀའ་ལས་བརྒྱབ་ཡོད་སྟབས། ང་ཚོས་ཁ་ཕྱོགས་ལོག་ག་ཞིག་ཏུ་འགྲོ་བ་ཡིན་ན། མི་རབས་སྔ་མ་ཚོས་ཐུགས་རེ་དང་མི་མཐུན་པ་འདྲ་བོ་ཞིག་ཆགས་ཀྱི་རེད་བསམ་ནས། ང་ཚོས་ལོ་རྒྱུས་སྐོར་གྱི་དཔེ་དེབ་གདོན་རྒྱུ་དང་། དཔར་སྐྲུན་བྱ་རྒྱུ་སོགས་གཙོ་བོ་ལོ་རྒྱུས་ལ་ཁ་ཕྱོགས་ནས་ལས་ཀ་ཞིག་བྱ་ཨེ་ཐུབ་བསམ་པའི་རེ་བ་ཞིག་བྱེད་ཀྱིན་ཡོད། ཅེས་གསུངས་སོང་།

ཡང་མཁན་པོ་ལགས་ཀྱིས། ང་ཚོ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་རྒན་རབས་པ་རྣམས་ཀྱི་ཐུགས་རེ་བཞིན་ཅི་ཐུབ་གང་ཐུབ་ཀྱིས་གོམ་པ་སྤོ་ཐབས་བྱ་རྒྱུ་ཡིན། རིག་གནས་ཀྱི་ལས་དོན་ལ་ཁ་ཕྱོགས་ཐུབ་ན་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག ཡིན་ན་ཡང་། ང་ཚོས་འདི་འདྲ་ཞིག་བྱེད་ཐུབ་ཀྱི་རེད་ཟེར་བའི་སྤོབས་པ་མེད་དེ། སོ་སོ་ལ་ནུས་པ་ག་རེ་ཡོད་པ་དེ་གདོན་རྒྱུར་རེ་བ་ཡོད་མ་གཏོགས། ང་ཚོར་ག་རེ་དགོས་ཚོད་བྱ་ཐུབ་རྒྱུ་ཁག་པོ་རེད་བསམ་གྱི་ཡོད། ཡིན་ཡང་། ང་ཚོར་ནུས་པ་ག་རེ་ཡོད་པ་དེ། རྒྱ་གར་དུ་བསླེབས་ནས་ལོ ༢༠ རིང་ལ་ང་ཚོས་མ་འཇོན་པ་དེ་མ་འཇོན་པ་རེད་མ་གཏོགས། དྷ་སར་བསྡད་ནས་རིག་གཞུང་གི་སྒང་ལ་བསམ་བློ་ཞིག་བཏང་བསྡད་ཡོད་རེད། མ་འོངས་པ་ཡིན་ན་ཡང་། དེ་ག་ནང་བཞིན་ནུས་པ་གང་ཡོད་བོད་ཀྱི་རིག་གཞུང་གི་ཐོག་ཏུ་བྱ་ཐུབ་ན་བསམ་ཡོད། ང་འདྲ་བོ་ཞིག་ཡིན་ན་རྒྱ་སྐད་དང། དབྱིན་ཇི་སོགས་ཤེས་ཀྱི་ཡོད་མ་རེད། ངའི་རོགས་པ་གཉིས་ཀྱིས་ཨོ་ཙམ་ཤེས་ཀྱང་། ང་ཚོས་སྔོན་མའི་བོད་ཀྱི་རིག་གཞུང་། ལྷག་པར་དུ་ལོ་རྒྱུས་ཀྱི་སྐོར་དེ་ང་ཚོའི་མི་རབས་གཞོན་པ་རྣམས་ལ་ངོ་སྤྲོད་ཅིག་བྱ་ཐུབ་ན། ཕན་ཐོགས་ཤིག་ཡོད་རེད་བསམ་གྱི་འདུག ང་ཚོ་ནི་མཚམས་སྦྱོར་གྱི་མི་རིགས་ཀྱི་སྡེ་ཚན་ཞིག་ཆགས་བསྡད་ཡོད་དུས། ང་ཚོས་མི་རབས་གཞོན་པ་ཚོར་གཞན་ལ་གང་ཡོད་པ་དེ་ངོ་སྤྲོད་ཅིག་མ་ཐུབ་ཀྱང་། རང་ལ་གང་ཡོད་པ་དེ་རང་གི་མི་རིགས་ལ་ངོ་སྤྲོད་ཅིག་བྱ་རྒྱུ་དེ་དཔེ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ལྟར་མ་བྱས་ཚེ་ང་ཚོའི་རང་གི་རིག་གཞུང་དེ་ཉམས་འགྲོ་བའི་ཉེན་ཁ་ཆེ་ཤོས་ཤིག་མཐོང་བ་མ་གཏོགས། ང་ཚོའི་ན་གཞོན་ཚོས་ཕྱིའི་རིག་གཞུང་མ་ཤེས་པའི་དཀའ་ངལ་ཞིག་འཕྲད་ཀྱི་རེད་བསམ་གྱི་མི་འདུག དེང་གི་འགྲོ་སྟངས་ཀྱི་ཐོག་ནས། ང་ཚོའི་མི་རབས་གསར་པ་ཚོས་རང་གི་རིན་ཐང་མ་ཚོར་བའི་དཀའ་ངལ་ཞིག་འཕྲད་ཀྱི་འདུག་ལ། མ་འོངས་པའང་དེ་འཕྲད་ཀྱི་རེད་བསམ་པའི་བློ་འཚབ་ཡོད་དུས། ང་ཚོའི་རང་ལ་ཡོད་པའི་རིག་གཞུང་གི་ཁྱད་ཆོས་དང་རིན་ཐང་དེ་མི་རིགས་གསར་པ་ལ་རྩིས་སྤྲོད་བྱ་ཐུབ་ན་བསམ། དེ་ནི་ང་སྒེར་གྱི་རེ་བ་ཆེ་ཤོས་ཤིག་ཡིན། ཞེས་གསུངས་སོང་།

ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་མ་འོངས་ལས་འཆར་སོགས་ངོ་སྤྲོད་ཀྱི་གསར་འགོད་གསལ་བསྒྲགས་གནང་། ༢༠༢༢།༠༨།༡༥ བོད་ཀྱི་དུས་བབ་ཀྱི་པར།་

རིག་གཞུང་ཞིབ་འཇུག་ཁང་ནས་བོད་ཀྱི་བུད་མེད་རིག་པའི་གཡུ་མཚོ་དུས་དེབ་ཅེས་པ་ཞིག་སྔོན་ཆད་བཏོན་ཡོད་ཀྱང་ཕྱིས་སུ་མཚམས་བཞག་ཡོད་སྟབས། དུས་དེབ་དེ་བསྐྱར་གསོ་གནང་རྒྱུ་ཡིན་པའི་སྐོར་ལ་མཁན་པོ་ལགས་ཀྱིས། གཡུ་མཚོ་དུས་དེབ་དེ་ངས་བཙན་བྱོལ་ནང་གི་དུས་དེབ་ཀྱི་ཁྲོད་ནས་དམིགས་བསལ་བ་ཞིག་ཏུ་མཐོང་སོང་། གང་ཡིན་ཟེར་ན། དེ་བུད་མེད་ཀྱི་སྐོར་རྐྱང་པ་ཡིན་པའི་དུས་དེབ་ཅིག་རེད། ངས་ད་ལྟ་བར་དུ་བོད་ཕྱི་ནང་གཉིས་ཀ་ནས་བུད་མེད་སྐོར་གྱི་རྐྱང་པའི་དུས་དེབ་ཅིག་མཐོང་མ་སོང་། ད་ལྟའང་ང་ཚོས་བུད་མེད་ཀྱི་ནུས་སྤོབས་གོང་འཕེལ་དང་། བུད་མེད་རྩ་ཆེན་པོ་ཡིན་པ། བུད་མེད་ཚོས་ཀྱང་སོ་སོ་རང་ཉིད་རྩ་ཆེན་ཡིན་པ་དང་། དེང་སྐབས་མོ་གཙོ་རིང་ལུགས་ཀྱི་ཐོག་ཏུ་ཤུགས་བརྒྱག་གི་ཡིན་ལབ་ཀྱི་ཡོད་ཀྱང་། ང་ཚོས་དང་པོ་རང་གི་རིན་ཐང་དེ་ཤེས་པ་བྱ་དགོས་པ་ལས། རང་གི་རིན་ཐང་མ་ཤེས་ན་ག་ཚོད་བྱས་ཀྱང་ཞེ་དྲགས་གདེང་ཚོད་ཁེལ་བ་ཞིག་བྱེད་ཐུབ་ཀྱི་མ་རེད། ཡིད་སྨོན་རྐྱང་རྐྱང་གིས་ང་ཚོས་ལམ་ཞིག་འཚོལ་ཐུབ་ཀྱི་མ་རེད་བསམ་གྱི་འདུག དེ་བས་སྤོབས་པ་དང་གདེང་ཚོད་ཀྱི་སྒོ་ནས་བྱ་དགོས་རེད་མ་གཏོགས། རེ་བ་དང་རྨི་ལམ་གྱི་ཁྲོད་ནས་ཞེ་དྲགས་ཡོང་གི་མ་རེད་བསམ་གྱི་ཡོད། དེའི་ཕྱིར་བོད་རང་གི་བུད་མེད་ཀྱི་སྤོབས་པ་དང་གཟི་བརྗིད། དམིགས་བསལ་བོད་ནང་གི་བླ་ན་མེད་པའི་བུད་མེད་དེ་དག་གིས་ཕྱག་ལས་ག་རེ་གནང་འདུག སྙིང་སྟོབས་ག་རེ་སྐྱེད་འདུག དཀའ་སྡུག་ལ་གདོང་ལེན་ག་རེ་བྱས་པ་ངོ་ཤེས་ན། ང་ཚོའི་བུད་མེད་དེ་ཚོ་ལའང་བོད་ཀྱི་བུད་མེད་ཅེས་པ་གང་འདྲ་ཡིན་པའི་སྙིང་སྟོབས་སྐྱེད་པ་དང་། དེ་དག་ལ་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་ང་ཚོས་གཡུ་མཚོའི་དུས་དེབ་དེ་བསྐྱར་་དཔར་བྱ་རྒྱུ་བདམས་པ་ཡིན། ཞེས་གསུངས་སོང་།

 ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཉམས་ཞིབ་ཁང་ནི་ཕྱི་ལོ ༡༩༩༢ ལོར་མཁས་དབང་བཀྲིས་ཚེ་རིང་ལགས་དང་། རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས། ལྷ་བཟང་ཚེ་རིང་ལགས་སོགས་ཀྱིས་གསར་འཛུགས་གནང་སྟེ།  བོད་ཀྱི་ལོ་རྒྱུས་དང་རིག་གཞུང་འབྲེལ་བའི་ཉམས་ཞིབ་ཀྱི་དཔེ་དེབ་འགྲེམས་སྤེལ་སོགས་བྱེད་ཀྱིན་འདུག་ལ། འདི་ལོའི་ཕྱི་ཟླ ༦ ཚེས ༢༦ ཉིན་བཀྲིས་ཚེ་རིང་ལགས་ནས་མཁན་པོ་འཇུ་བསྟན་སྐྱོང་ལགས་སུ་རྩིས་སྤྲོད་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese