མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ར་སྦང་ལའི་དམག་སྒར་དང་ཉེན་རྟོག་པའི་བར་འཁྲུག་པ་ཤོར་ཏེ་བོད་དམག་ ༥ བཀག་ཉར་འོག་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ར་སྦང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་སྲུང་གཙིའི་ཆེད་རྒྱ་གར་གྱི་ཉེན་རྟོག་པ་དང་ས་གནས་ཀྱི་དམག་སྒར་(6 Vikas)གྱི་བོད་དམག་བར་རྐང་སྤོལ་འགྲན་སྡུར་བྱེད་སྐབས་འཁྲུག་པ་ཤོར་ཡོད་པ་མ་ཟད་ཉིན་གྲངས་ ༥ རིང་བོད་དམག་ ༥ བཀག་ཉར་འོག་བཞག་འདུག

ར་སྦང་ལ་རུ་ས་གནས་དམག་སྒར་དང་ཉེན་རྟོག་པའི་བར་རྐང་སྤོལ་འགྲན་སྡུར་བྱེད་སྐབས་འཁྲུག་པ་ཤོར། ༢༠༢༢།༠༨།༡༣ དྲ་ལམ་གྱི་པར།

དེ་རིང་འདི་གའི་གསར་འགོད་པས་ར་སྦང་ལ་ཀུན་ཕན་གླིང་གཞིས་ཆགས་ཀྱི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་དང་གཞོན་ནུའི་ཚོགས་གཙོ་ཐུབ་བསྟན་ལགས་སུ་གནད་དོན་འདིའི་སྐོར་དྲིས་པར། ཁོང་གིས། ད་བར་དུ་ར་སྦང་ལ་གཞིས་ཆགས་ཀྱི་བོད་མི་དང་ས་གནས་ཡུལ་མི་བར་རྩོད་པ་ཤོར་མྱོང་མེད་ཀྱང་། ཁོང་ཚོས་གཞིས་ཆགས་ནང་གནས་སྡོད་བོད་མི་དང་དམག་སྒར་གྱི་དམག་མི་གཉིས་མཉམ་དུ་སྦྲེལ་ནས་བོད་པའི་དམག་མི་ཟེར་གྱི་འདུག སྤྱིར་བཏང་དམག་སྒར་ནང་ཡོད་པའི་དམག་མི་དེ་དག་བོད་པའི་དམག་མི་མ་རེད། ཁོང་ཚོ་རྒྱ་གར་གྱི་ནང་སྲིད་འོག་ཆགས་ཀྱི་ཡོད་པས་རྒྱ་གར་གྱི་དམག་མི་ཆགས་ཀྱི་ཡོད་རེད། འོན་ཀྱང་། ས་གནས་ཉེན་རྟོག་པས་དབྱེ་བ་གང་ཡང་མ་ཕྱེས་པར་ཁྱེད་ཚོ་བོད་ལ་ལོག  (Go back to Tibet) ཟེར་བ་དང་། བོད་པ་ཟེར་བ་དེ་ཁ་ཆེ་ལས་སྡུག་པ་ཡོད་སྐོར་སོགས་ཚིག་རྩུབ་རྗོད་ཀྱི་འདུག ད་ལྟའི་ཆར་ས་གནས་ཉེན་རྟོག་པས་ར་སྦང་ལ་ཀུན་ཕན་གླིང་གཞིས་ཆགས་ཀྱི་བོད་མི་ཚོང་ཁང་དང་ཟ་ཁང་སོགས་ལ་ཕྱག་ལས་གནང་མཁན་རྣམས་ཕྱིར་ཕུད་གཏང་དགོས་པ་དང་། སྡོད་ཆོག་གི་མེད་སྐོར་བརྗོད་དེ་མི་མང་གི་འཚོ་བར་བརྡབ་གསིག་གཏོང་གི་ཡོད་སྐོར་བརྗོད་བྱུང་།

ཡང་ཐུབ་བསྟན་ལགས་ཀྱིས། ས་གནས་འཐུས་ཚོགས་ནས་དམག་སྒར་དང་གཞིས་ཆགས་གཉིས་ཁ་ཁ་ཡིན་པ་དང་། དམག་སྒར་གྱི་འཁྲུག་པའི་ནང་ང་ཚོ་གཞིས་ཆགས་ཀྱི་མི་ལ་འབྲེལ་བ་མེད། ལྷག་པར་དུ་འཁྲུག་པ་འདིའི་ནང་ལོགས་ལ་དམག་མི་གཅིག་པུ་ཡོད་པ་ལས་གཞིས་ཆགས་ཀྱི་མི་མེད། དེ་བཞིན་དམག་མི་དེ་དག་རྒྱ་གར་གྱི་ནང་སྲིད་ཀྱི་མངའ་འོག་ཏུ་ཡོད་པ་ལས་ང་ཚོ་བོད་པའི་དམག་མི་མ་རེད་ཟེར་ནས་གནད་དོན་གཙང་མ་བཟོ་སླད་དུ། ཕྱི་ཚེས་ ༡༤ ཉིན་ས་གནས་མགོ་འཛིན་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། གཞོན་ནུའི་ཚོགས་གཙོ། བརྒྱ་ཤོག་བདུན་གྱི་བརྒྱ་དཔོན། དྭང་ཟུར་གྱི་སྐུ་ཚབ་བཅས་ས་གནས་ཀྱི་ཁྲིམས་བཟོ་ལྷན་ཁང་(MLA)དུ་བཅར་ཡོད་ཀྱང་། ལམ་བར་དུ་ཉེན་རྟོག་པ་དང་ཡུལ་མི་མང་པོས་མདུན་བཀག་ཡོད་པ་མ་ཟད། ཁག་ཅིག་ནས་ས་གནས་མགོ་འཛིན་གྱི་རླངས་འཁོར་ལ་རྡོ་དང་རྒྱུག་པ་སོགས་ཀྱིས་གཞུས་ཏེ་ཁ་ལོ་བར་རྨས་སྐྱོན་བཟོས་ཡོད་པར་བརྟེན། ད་ལྟ་སྒང་ཏོག་གི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་འདུག

ར་སྦང་ལ་ས་གནས་མགོ་འཛིན་ལས་ཁུངས་ཀྱི་རླངས་འཁོར་བཀག་སྟེ་འགྲིག་འཇགས་བྱེད་དུ་མ་བཏང་བ། སྤྱི་ཚོགས་དྲ་ལམ་གྱི་བརྙན་པར།

གསར་འགོད་པས་ད་ལྟ་དཀའ་རྙོག་འགྲིག་འཇགས་བྱུང་ཡོད་མེད་དྲིས་པར་ཁོང་གིས། གནད་དོན་འགྲིག་འཇགས་ཡོང་ཆེད་ས་གནས་ཁྲིམས་བཟོ་ལྷན་ཁང་དུ་ཕྱིན་ཡོད་ཀྱང་། ལམ་བར་དུ་ཉེན་རྟོག་པ་དང་ཡུལ་མི་མང་པོས་ངོ་རྒོལ་བྱས་ཏེ་རྡོ་དང་རྒྱུག་པ་སོགས་ཀྱིས་གཞུས་ཏེ་འགྲོ་རུ་བཅུག་མེད་ཀྱང་།  མུ་མཐུད་དུ་འགྲིག་འཇགས་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་སྐོར་དང་། ད་ལྟའི་ཆར་སྐོར་སྲུང་བས་ཉེན་ཁ་ཆེན་པོ་ཡོད་པ་མཐོང་ནས་ཁྲིམས་བཟོ་ལྷན་ཁང་དུ་ཡོང་མི་དགོས་པའི་བརྡ་ལན་བཏང་ཡོད་པ་མ་ཟད། ས་གནས་ཉེན་རྟོག་པས་ཟ་ཁང་དང་ཚོང་ཁང་སོགས་ལ་ཡོང་ཆོག་གི་མེད་ཟེར་གྱི་ཡོདཔས། བོད་མིའི་མཉམ་འབྲེལ་གྱི་གོ་སྒྲིག་འོག་ར་སྦང་ལ་གཞིས་ཆགས་སུ་གནས་སྡོད་བོད་མི་རྣམས་ཀྱི་བཟའ་ཆས་རིགས་མཁོ་སྒྲུབ་བྱེད་ཐབས་གནང་གི་ཡོད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༡༩༩༣ ལོར་ས་གནས་ཀྱི་དམག་སྒར་གཞན་ཞིག་དང་ས་གནས་ཉེན་རྟོག་པའི་བར་འཁྲུག་པ་ཤོར་རྗེས། ཉེས་སྐྱོན་ཡོངས་རྫོགས་ར་སྦང་ལ་གཞིས་ཆགས་ལ་བཙུགས་པར་བརྟེན། བོད་མི་རྣམས་ལ་ཟ་ཁང་དང་ཚོང་ཁང་སོགས་སྒོ་བརྒྱབ་ཏུ་བཅུག་སྟེ་ཕྱིར་ཕུད་བཏང་བར་བརྟེན། ར་སྦང་ལའི་ད་ལྟའི་ས་གནས་(Namchi)རྫོང་ཞེས་པར་གནས་སྤོར་དགོས་བྱུང་ཡོད་པ་དང་། སྐབས་དེར་དམག་སྒར་དེའི་བོད་དམག་ཁག་ཅིག་ཀྱང་ཕྱིར་ཕུད་བཏང་བའི་གནས་ཚུལ་བྱུང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese