མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་གནད་ཡོད་མི་སྣ་ ༧ ལ་དཔལ་འབྱོར་ཉེས་ཆད་བཅད།

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་གནད་ཡོད་མི་སྣ་ ༧ ལ་དཔལ་འབྱོར་དང་འགྲོ་འོང་བཀག་སྡོམ་གྱི་ཉེས་ཆད་བཅད་ཡོད་པ་མ་ཟད་མཚོ་ཁུལ་དུ་དམག་དོན་གནམ་གྲུ་དང་མཚོ་གྲུ་མང་པོ་སྡེབ་གཏོང་བྱས་ཏེ་འཇིགས་སྐུལ་མུ་མཐུད་བྱེད་ཀྱིན་ཡོད་འདུག

A pilot from the People’s Liberation Army Eastern Theatre Command takes part in joint exercises around Taiwan on August 7. Photo: Xinhua via AP

ཨ་རིའི་གྲོས་ཚོགས་འོག་མའི་ལྕམ་སྐུ་པེ་ལོ་སི་མཆོག་གི་དབུ་འཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ཐའེ་ཝན་ནང་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་ཏེ། སྲིད་འཛིན་ཚའེ་ཡེན་ཝུན་སོགས་མཐོ་རིམ་གནད་ཡོད་མི་སྣ་མང་པོར་མཇལ་མོལ་གནང་ཡོད་པར་བརྟེན། ཁ་སང་རྒྱ་ནག་གཞུང་ཕྱོགས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཐའེ་ཝན་རང་བཙན་རྒྱལ་ཁབ་ཡིན་པར་ངན་སྐུལ་བྱས་པའི་ཉེས་མིང་འོག  ཐའེ་ཝན་གྱི་ཨ་རིའི་གཞུང་ཚབ་པ་སི་ནི་ཡོ་( Hsiao Bi-khim)ལགས། ཐའེ་ཝན་གྱི་བདེ་སྲུང་དྲུང་ཆེ་ཝེན་ལིང་ཏོང་(Wellington Koo)ལགས།  ཕྱི་སྲིད་བློན་ཆེན་ཇོ་སི ( Joseph Wu)ལགས།  ཁྲིམས་བཟོ་ལྷན་ཁང་གི་ཝང་ཏིང་ཡུ (Wang Ting-yu)ལགས།   ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀར་ཆེན་མིང་(Ker Chien-ming)ལགས།  ཐའེ་ཝན་གྱི་་ཁྲིམས་བཟོ་ཁང་གི་མགྲིན་ཚབ་པ་གཞོན་པ་ཚའེ་ཆི་ཆང་(tsai Chi-chang)ལགས།  དྲུང་ཆེའི་ལས་རོགས་ལིན་ཧྥེ་ཧྥན་Lin Fei-fan)ལགས་བཅས་ལ་དཔལ་འབྱོར་གྱི་ཉེས་ཆད་གཅད་རྒྱུ་ཡིན་པ་མ་ཟད། ཁོང་རྣམས་རྒྱ་ནག་སྐམ་ས་དང་ཧོང་ཀོང་། ཨོ་མིན་(Macau)བཅས་ཀྱི་ནང་དུའང་འགྲོ་སྐྱོད་དང་ཚོང་འབྲེལ་གྱི་ལས་དོན་གཉེར་མི་ཆོག་པ། དེ་བཞིན་ཁོང་རྣམས་ཀྱི་ནང་མི་དང་། འབྲེལ་བ་ཡོད་པའི་ཚོགས་སྡེ་དང་མ་འཛུགས་མཁན་རྣམས་ཀྱང་རྒྱ་ནག་ནང་འགྲོ་འོང་མི་ཆོག་པའི་ཐག་གཅོད་བྱས་ཡོད་འདུག

གཞན་ཡང་། རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་མཚོ་འགག་ཁུལ་དུ་དམག་གི་སྟོབས་ཤུགས་ངོམས་ཏེ། ཨ་ཐའེ་གཉིས་ཀྱི་མཉམ་ལས་འབྲེལ་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་དྲག་པོའི་ཉེན་བརྡ་ནན་པོ་བཏང་དང་གཏོང་བཞིན་ཡོད་པ་ལྟར། ཁ་སང་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་མཚོ་ཁོངས་སུ་བཅིངས་གྲོལ་དམག་གི་Su-30 རྟགས་ཅན་དང་། J-11 །  J- 16 །  Y-8 རྟགས་ཅན་ཟེར་བ་སོགས་ཚུད་པའི་འཐབ་འཁྲུག་གནམ་གྲུ་ ༡༧ དང་མཚོ་གྲུ་ ༥ མངག་གཏོང་བྱས་ཏེ། མུ་མཐུད་ཐའེ་ཝན་གཞུང་མང་གཉིས་ལ་འཇིགས་སྐུལ་བྱས་དང་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གི་དྲག་པོའི་འཇིགས་སྐུལ་དེར་ཐའེ་ཝན་བདེ་སྲུང་ལས་ཁུངས་ཀྱིས། རྒྱ་ནག་གཞུང་གི་ཚད་ལས་འདས་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་། ཐའེ་གཞུང་གིས་འཇིགས་ཞུམ་གང་ཡང་མེད་པར། རྒྱ་ནག་གཞུང་གི་གནམ་མཚོ་གཉིས་ཀྱི་དམག་མིར་ཐའེ་ཝན་གྱི་ས་མཚོ་གནམ་གསུམ་གྱི་དམག་མིས་རྒོལ་ལན་དྲག་པོ་བསློག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས ༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ལྕམ་སྐུ་པེ་ལོ་སི་དང་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝུན་མཆོག་གིས་དབུ་འཁྲིད་པའི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཐོག་དབུ་འཁྲིད་རྣམས་མཇལ་འཕྲད་གནང་ཡོད་པ་དང་། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཡང་བསྐྱར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཀེ་( Ad Markey )སྣེ་འཁྲིད་ནས་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་ཅིག་ཐའེ་ཝན་དུ་འབྱོར་ཏེ། ཉིན་གྲངས ༢ རིང་གི་གཞུང་འབྲེལ་འཚམས་གཟིགས་སོགས་བྱས་ཏེ། ཨ་ཐའེ་གཉིས་ཀྱིས་ཐའེ་ཝན་མཚོ་འགག་བརྟན་བརླིང་གནས་ཐབས་དང་། ཨ་རིས་ཐའེ་ཝན་དེ་རང་སྐྱོང་རྒྱལ་ཁབ་ཚད་ལྡན་ཞིག་ཡིན་པར་ངོས་འཛིན་ཡོད་སྐོར་གསུངས་ཡོད་པ་རེད།

 ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝན་ཕིན་( Wang Wen bin) གྱིས། ཐའེ་ཝན་གྱི་སྲིད་འཛིན་སོགས་ཀྱིས་ཐའེ་ཝན་མི་མང་ལ་བརྡ་ལན་ངན་པ་ཞིག་སྤྲད་སོང་ལ། རྒྱལ་ཁབ་ཀྱི་ཁ་བྲལ་རིང་ལུགས་པ་དང་། ཐའེ་ཝན་རང་བཙན་དུ་འདོད་པའི་རང་གཤིས་ངོ་མ་དེ་མངོན་ཡོང་གི་འདུག ང་ཚོས་ལོ་རྒྱུས་ཀྱི་འཕེལ་རིམ་དང་བསྟུན་ནས། རྒྱ་ནག་མི་མང་གི་འདོད་མོས་བཞིན་མཚོ་འགག་གཉིས་གོང་བུ་གཅིག་ཏུ་བསྒྲིལ་འདོད་ཡོད་ཀྱང་། ཐའེ་ཝན་རང་བཙན་དུ་འདོད་མཁན་ཁ་བྲལ་བ་རྣམས་འཆི་ལམ་དུ་གང་མགྱོགས་འདེད་ཐབས་ཤིག་དང་། ཐའེ་ཝན་རྐྱེན་ངན་གྱི་གནས་སུ་བརྗངས་པ་ཡིན་ཚུལ་བསྒྲགས་ཡོད་པ་རེད།

གཞན་ཡང་། ཟླ་འདིའི་ཟླ་མགོ་ནས་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་མཚོ་འགག་ཁུལ་དུ་དམག་དོན་གྱི་ལས་འགུལ་མང་པོ་ཞིག་སྤེལ་མུས་ཡིན་པ་ལྟར། ཟླ་འདིའི་ཕྱི་ཚེས ༨ ཉིན་ཨ་རི་དང་། ཨོ་གླིང་། ཉི་ཧོང་བཅས་ཀྱིས་རྒྱ་ནག་གཞུང་གིས་ཐའེ་ཝན་གཞུང་མང་གཉིས་ཀྱི་བདེ་འཇགས་ལ་གནོད་པའི་དམག་དོན་ལས་འགུལ་སྤེལ་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་འདུག་ལ། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དེ་གཉིས་ཀྱིས་ཨ་རི་དང་མཉམ་དུ་ཐའེ་ཝན་གྱི་མཚོ་འགག་བདེ་འཇགས་ཡོང་བར་མཉམ་ལས་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་།  རྒྱ་ནག་གཞུང་གིས་མུ་མཐུད་དུ་ཐའེ་ཝན་མཚོ་འགག་ཁུལ་དུ་དམག་དོན་གྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་མ་ཟད།  རྒྱ་ནག་དང་ཨ་རི་བར་གྱི་མཉམ་ལས་སོགས་ཚུད་པའི་གནད་དོན་ ༨ ཕྱིར་འཐེན་བྱས་ཏེ་རྒོལ་ལན་སྤྲད་ཡོད་པ་དང་། ཐའེ་ཝན་དུའང་ཚོང་རྫས་རིགས་བཀག་སྡོམ་བྱས་ཡོད་པ་རེད།

གསར་འགོད་པ།་དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༨ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese