མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་རང་བཙན་ལས་འཕྲོས་པའི་གཏམ།

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན།

དེ་རིང་ནི་ང་ཚོའི་གནས་ཚང་ལ་རང་བཙན་གྱི་རྒྱལ་ཁ་ཐོབ་སྟེ་མི་ལོ་ཧྲིལ་པོ་དོན་ལྔ་འཁོར་བའི་དམིགས་བསལ་གྱི་དུས་ཆེན་ཡིན་པས། དེ་ཉིན་རྒྱ་གར་མི་དམངས་རྣམས་ཀྱིས་ཕྱག་ཏུ་རྒྱལ་ཁབ་ཀྱི་རྒྱལ་དར་བསྣམས་ནས་རྒྱ་གར་རྒྱལ་ལོ་ཞེས་སྒྲོག་བཞིན་མཆིས་ལ། མི་དམངས་རྣམས་དགའ་བའི་འཛུམ་མདངས་ཀྱི་རྣམ་པ་རབ་ཏུ་རྒྱས། རྒྱ་གར་འཕགས་པའི་ཡུལ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཤེས་རིག་ཕུན་སུམ་ཚོགས་པའི་གནས་མཆོག་གཅིག་ཡིན་པ་དང་། རྒྱ་གར་ནི་ཆོས་ལུགས་སྣ་མང་འདུས་པའི་རྒྱལ་ཁབ་གཅིག་ཀྱང་ཡིན་ལ། མང་གཙོའི་རྒྱལ་ཁབ་ཆེ་ཤོས་དང་། མི་དམངས་ལ་རང་དབང་ཆེ་ཤོས་ཀྱི་རྒྱལ་ཁབ་གཅིག་ཀྱང་ཡིན་པས་འཛམ་གླིང་གི་རྒྱལ་ཁབ་ཚོའི་མིག་དཔེར་འོས་པ་ཞིག་ཡིན་པ་རེད།

དེ་བཞིན་རྒྱ་གར་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ནང་གི་རྒྱལ་ཁབ་གཅིག་དང་། མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཀྱང་ཡིན་པར་གྲགས་ཤིང་། ནང་ཁུལ་ཚོགས་སྡེ་མང་ཞིང་ལྟ་བ་དང་ལངས་ཕྱོགས་མི་མཐུན་པ་རྣམས་ཕན་ཚུན་སྦྱངས་བཤད་ཀྱིས་ཧ་ཅང་གུ་ཡངས་ལྡན་པའི་རྒྱལ་ཁབ་གཅིག་ཀྱང་ཡིན་པ་རེད། ལྷག་པར་རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང་ཁྲོད་འཛམ་གླིང་མི་རྣམས་ལ་ཞི་བདེ་བསྐྲུན་པའི་ས་བོན་ཁྱད་དུ་འཕགས་པ་ཡོད་པ་རེད་ལ། སེམས་དཔའ་ཆེན་པོ་མཧཱ་ཏ་མ་གྷན་དྷི་མཆོག་གིས་འཚེ་མེད་ཞི་བའི་ཐོག་ནས་རྒྱ་གར་རང་བཙན་རྩོད་ལེན་གནང་ནས་འཛམ་གླིང་མི་དམངས་ལ་མིག་དཔེ་བཟང་པོ་ཞིག་གསར་བཏོད་མཛད་ཡོད། སེམས་དཔའ་ཆེན་པོ་གན་དྷིའི་གསུངས་ལས་གཅེས་བསྡུས་བདེན་ཉིད་འོད་སྣང་ལས། བདག་ཉིད་ཆེན་པོ་གན་དྷིས། “འཛམ་གླིང་གི་དཀའ་ངལ་དེ་ཚོ་དྲག་ལས་མ་ཡིན་པར་གནོད་འཚེ་སྤངས་པའི་ལམ་ལ་བརྟེན་ནས་སང་ཐུབ་”ཅེས་གསུངས་དོན་ལྟར་འཚེ་མེད་ཞི་བའི་ཐོག་ནས་སྟོབས་ཆེན་དབྱིན་ཇིའི་བཙན་འོག་ནས་རྒྱ་གར་རང་དབང་རང་བཙན་བླངས་པ་ཞིག་རེད།

ལྷག་པར་གངས་ཅན་པ་ཚོས་རྒྱ་གར་ནི་བདག་གི་སྟོན་པ་ཤཱཀྱ་ཐུབ་པ་འཁྲུངས་སའི་གནས་མཆོག་རྩ་ཆེན་ཞིག་ཏུ་ངོས་འཛིན་བྱེད། དེ་ཡང་མཛད་རྣམ་ལས། “ཡུལ་དེ་ནི་ང་ཚོ་ཚང་མས་རྒྱ་གར་འཕགས་ཡུལ་ཞེས་གནས་རྩ་ཆེར་འཛིན་པ་ཡིན། དེའི་རྒྱུ་མཚན་ནང་པའི་ཆོས་ཀྱི་སྟོན་པ་ཆེན་པོ་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་ཡིན་པ་དང་། ལོ་བརྒྱ་ཕྲག་མང་པོའི་གོང་རྒྱ་གར་གྱི་གྲུབ་ཆེན་རྣམས་དང་། མཁས་པ་ཚོས་རིན་ཐང་བྲལ་བའི་ཆོས་ཀྱི་སྐྱེས་མང་པོ་ང་ཚོའི་ཡུལ་ལྗོངས་ཆེས་མཐོའི་གངས་རིའི་ངོགས་སུ་བསྣམས་ཕེབས་པ་དེ་ལ་བརྟེན་ནས་བྱུང་བ་རེད།” ཅེས་གསུང་དོན་བཞིན། གོང་ཞུས་ལྟར་བོད་མི་རིགས་ལ་ཆ་མཚོན་ན་རྒྱ་གར་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་དར་སའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ལ་ངོས་འཛིན་དང་། གུས་བཀུར་ཚད་མེད་བྱེད་ཀྱི་ཡོད། ཡང་། “བོད་དང་རྒྱ་གར་སྤྱི་ཚོགས་ཀྱི་གནས་ཚུལ་ཐ་དད་ཕྱིན་ན་ཡང་། བོད་ནི་རྒྱ་གར་གྱི་ཤེས་རིག་གི་གཅེས་ཕྲུག་ལྟ་བུ་ཡིན་ཡིན།” ཞེས་གསུང་དོན་ལྟར་ད་ལྟ་ང་ཚོ་ཚང་མས་ལོངས་སུ་སྤྱོད་བཞིན་པའི་ཡི་གེ་འདི་ཉིད་ཀྱང་རྒྱ་གར་གྱི་ཡི་གེ་ལ་གཞི་བཅོལ་ནས་ཐུ་མི་སཾ་བྷོ་ཊས་གསར་བཏོད་མཛད་པར་གྲགས། དེ་ལ་བཤད་ཚུལ་མི་འདྲ་བ་ཡོད་ནའང་། གང་ལྟར་སི་ཏུའི་འགྲེལ་ཆེན་ལས། “དེའི་ཚེ་དེའི་མདུན་ན་འདོན་མཁས་པར་གྲགས་པ་མང་པོའི་དབུས་སུ་མིང་གི་ཡི་གེ་རབ་ཏུ་བརྗིད་པ་ཐུ་མི་སཾ་བྷ་ཊས། ཆོས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་བཀའ་དང་རང་ཉིད་བྱང་ཆུབ་མཆོག་གི་སྨོན་ལམ་ཁྱད་པར་ཅན་གྱི་མཐུས་འཕགས་པའི་ཡུལ་དུ་བརྟོལ་ཏེ། པཎྜི་ཏ་ལྷ་རིག་པ་སེངྒེ་དང་། བྲམ་ཟེ་ལི་པི་ཀ་ར་སོགས་བསྟེན་ནས་ཕྱི་ནང་གི་རིག་པ་མང་པོར་སྦྱངས་ཤིང་བསྟན་བཅོས་མང་པོས་མགུལ་བ་བརྒྱན་ནས་སླར་ལྡོག་པའི་ཚེ། སྐུ་མཁར་མ་རུར་ནཱ་ག་རའི་ཡི་གེར་དཔེ་བྱས་ཏེ་བོད་ཡིག་གི་གཟུགས་བརྩམས།” ཞེས་གསུངས་དོན་ལྟར་དུས་དེ་ནས་རིམ་གྱིས་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་རྣམས་ཕབ་སྒྱུར་མཛད་ནས་དེང་སྐབས་བོད་མི་རིགས་ལ་ངོམ་རིན་ཆོག་པའི་ནང་དོན་རིག་པ་འདི་ཉིད་བྱུང་བ་ཞིག་རེད།

ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་ཆེན་པོ་བྱུང་བ་དང་། རྒྱལ་བ་རིན་པོ་ཆེས་གཙོས་སྐུ་འཁོར་ཧྲག་བསྡུས་ཤིག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་རེད། དེ་འདྲའི་བོད་མི་རིགས་ལ་དེ་སྔོན་བྱུང་མྱོང་མེད་པའི་ཛ་དྲག་གི་དུས་སྐབས་དེར་རྒྱ་གར་གཞུང་མང་གཉིས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་གནས་ཚང་གཡར་བ་ཙམ་དུ་མ་ཟད། མཐུན་འགྱུར་རོགས་རམ་ལ་སོགས་གང་དགོས་གནང་བའི་དྲིན་གྱིས་དེང་སྐབས་བོད་མི་རིགས་འདི་ཉིད་འཛམ་གླིང་གི་ས་ཐོག་ཏུ་གནས་ཐུབ་པ་བྱུང་ཡོད། དེ་ཡང་མཛད་རྣམ་ལས། “དེ་དུས་སྲིད་བློན་སྐུ་ཞབས་ནེ་རུ་ནས་མཛའ་བརྩེའི་རླུང་འཕྲིན་ཞིག་གནང་འབྱོར་ནང་། ང་དང་། ལས་རོགས་ཚོས་ཁྱེད་ལ་དགའ་བསུ་ཞུ་རྒྱུ་དང་། རྒྱ་གར་དུ་ཐར་ཕེབས་ཐུབ་པར་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་དང་། ཁྱེད་ཀྱི་སྐུ་འཁོར་ཚོ་རྒྱ་གར་དུ་བཞུགས་རྒྱུའི་མཐུན་རྐྱེན་ཇི་དགོས་ང་ཚོས་དགའ་སྒྲུབ་ཞུ་རྒྱུ་ཡིན། རྒྱ་གར་མི་མང་ནས་ཁྱེད་ལ་སྔར་བཞིན་གུས་བཀུར་ཞུ་རྒྱུར་ཐེ་ཚོམ་མེད། འཚམས་འདྲི་ཡོད།” ཅེས་འཁོད་དོན་ལྟར་རྒྱ་གར་གཞུང་མང་གཉིས་ཀྱི་མཐུན་འགྱུར་ལ་བརྟེན་ནས་དེང་སྐབས་བོད་མི་ན་གཞོན་འདབས་གཤོག་གཉིས་ལྡན་མང་པོ་གསོ་སྐྱོང་ཐུབ་ཡོད་ལ། དེ་བཞིན་བོད་མི་རྣམས་ཁེ་གཙང་སྡོད་སྒར་གསར་རྒྱག་དང་། ན་གཞོན་རྣམས་ལ་ཤེས་ཡོན་སོགས་ཀྱི་ཐོག་ཏུ་མཐུན་འགྱུར་གནང་བར་བརྟེན་ནས་དེང་སྐབས་བོད་མི་རིགས་ཞེས་དྲི་མ་མ་ཡལ་བར་སའི་གོ་ལའི་ཐོག་ཏུ་གསོན་པོར་གནས་ཐུབ་པ་བྱུང་ཡོད། དེ་ཡང་འཁྲུངས་རབས་ནོར་བུའི་ཕྲེང་བ་ལས། མཐའ་མར་སྐུ་ཞབས་ནེ་རུས། བོད་མིའི་སྡོད་སྒར་ཐད་བསམ་ཞིབ་ཀྱིས་གནས་གཤིས་འཕྲོད་ས་ཞིག་ཏུ་རང་ཁ་རང་གསོ་ཡོང་ཐབས་སོགས་གང་མགྱོགས་ཐག་གཅོད་གནང་རྒྱུ་དང་། བོད་མི་སྐྱབས་བཅོལ་བའི་ཕྲུ་གུ་རྣམས་ལ་ཡང་སློབ་གྲྭ་ཟུར་འཛུགས་ཀྱིས་དེང་རབས་ཀྱི་ཤེས་ཡོན་དང་བོད་ཀྱི་ཤེས་རིག་གཉིས་ཀར་སློབ་སྦྱོང་བྱེད་སའི་ཁོར་ཡུག་བསྐྲུན་རྒྱུ་སོགས་ལ་ཞལ་བཞེས་གནང་། ཞེས་པ་ལྟར་སྐབས་དེ་དུས་ནེ་རུས་ཞལ་བཞེས་གནང་མེད་ཚེ། ད་ལྟ་བོད་མི་རྣམས་གང་འདྲ་ཞིག་ཏུ་གྱུར་ཡོད་པ་ང་ཚོའི་རོབ་ཙམ་ཞིག་རྟོགས་ཐུབ་པ་རེད།

རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར་བཙན་བྱོལ་བོད་མི་རྣམས་གཞུང་འབྲེལ་གྱི་ཐོག་ནས་གུང་སེང་གཏོང་གི་ཡོད་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་མདུན་ཐང་དུ་རྒྱ་གར་གྱི་རྒྱལ་དར་བསྒྲེང་འཛུགས་གནང་གི་ཡོད་པ་རེད་ལ། དེ་བཞིན་སློབ་གྲྭ་ཁག་དང་། གཞིས་ཆགས་སོགས་སུ་དེ་ཉིན་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད། དེ་ཡང་བོད་ཀྱི་དུས་བབ་ལས།  ཉིན་དེར་ཆར་ཞོད་ཆེ་རྐྱེན་བོད་མིའི་སྒྲིག་འཛུགས་ནས་འཆར་ཅན་གྱི་མཛད་སྒོ་སྟབས་བདེ་དེ་འཚོགས་མེད་ཀྱང་། བཀའ་ཤག་གི་མདུན་ཐང་དུ་རྒྱ་གར་རྒྱལ་དར་བསྒྲེངས་འཛུགས་གནང་ཡོད་ཅེས་སྤེལ་ཡོད་པ་དང་།  ཉིན་རྒྱབ་ཏུ་བོད་ཀྱི་ཟློས་གར་ཁང་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་བྱས་ཏེ་ཉིན་མོ་གལ་ཆེན་འདི་སྲུང་བརྩི་བྱས་ཡོད།

ད་རེས་ཀྱི་གོ་སྐབས་རྩ་ཆེན་དེ་ཉིད་དམ་འཛིན་གྱིས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་བླ་མེད་ཆེ་ཞེས་ཞུ་བ་དང་འབྲེལ། རྒྱ་གར་རྒྱལ་ཁབ་ཆེན་པོ་འདི་ཉིད་སྟོབས་འབྱོར་མངའ་ཐང་རྒྱས་ཤིང་། འཛམ་གླིང་གི་རྒྱལ་ཁབ་ཡོངས་ལ་ཞི་བདེའི་ལམ་དུ་ཁྲིད་མཁན་གྱི་སྣེ་ཁྲིད་པ་ཞིག་ཏུ་འགྱུར་བའི་སྨོན་འདུན་ཞུ་བཞིན་ཡོད་ལ། དེ་བཞིན་ང་ཚོ་མི་ཡུལ་དུ་སླེབས་ནས་མི་ཧྲིལ་པོ་དྲུག་ཅུ་རེ་གསུམ་འགྲོ་བཞིན་ཡོད་ཅིང་། ལོ་ཟླ་དེ་དག་ནང་དུ་རྒྱ་དམར་སྲིད་གཞུང་གིས་གཞིས་ལུས་བོད་མིའི་ཐོག་ཏུ་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་བཏང་དང་གཏོང་བཞིན་ཡོད། མི་འདོད་བཞིན་དུ་ཁྲག་དང་མིག་ཆུའི་འོག་ཏུ་འཚོ་བ་རོལ་དགོས་ཐུག་གི་ཡོད། རྒྱ་དམར་གྱིས་དྲག་མནོན་ག་ཚད་བྱས་རུང་གཞིས་ལུས་སྤུན་ཟླ་རྣམས་ཀྱིས་ཡོད་ཚད་བློས་བཏང་གནང་སྟེ་མི་རིགས་ཀྱི་བདེན་དོན་འཇིགས་ཞུམ་མེད་པར་རྩོད་བཞིན་ཡོད་ལ། གཞིས་ལུས་བོད་མི་རྣམས་ཀྱིས་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་རྣམས་ལ་རེ་བ་དང་། ཡིད་ཆེས་གནང་བཞིན་ཡོད། ཁོང་རྣམ་པའི་རེ་བ་དང་། ཡིད་ཆེས་དེ་དག་ང་ཚོའི་སེམས་ཁོངས་སུ་བཟུང་སྟེ་བོད་དོན་གྱི་ལས་འགུལ་སྤེལ་དགོས་ཀྱི་འདུག་སྙམ། ད་དུང་གཞུང་མང་གཉིས་ཁ་ཁུ་སིམ་པོར་བཞུགས་བསྡད་ཚེ། མ་འོངས་པར་ལོ་རྒྱུས་ཐོག་ཏུ་ནག་ཐིག་མི་འཕོག་པའི་ངེས་པ་ཞིག་གཏན་ནས་མེད་ཅིང་། ངེས་པར་ལས་ཀྱི་སྣེ་མོ་བ་ཚོས་འཆར་གཞི་གོ་རིམ་ལྡན་པའི་ལས་འགུལ་སྤེལ་དགོས་པ་ཞིག་ཏུ་སེམས། ངས་དེ་ལབ་དུས་ལས་ཀྱི་སྣེ་མོ་བ་ཚོས་ལས་དོན་བྱེད་ཀྱི་མི་འདུག་གཏན་ནས་ལབ་ཀྱི་མེད་ཅིང་། ང་ཚོ་ནི་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཡིན་པ་ལས། གཞན་པ་གང་ཡང་མིན། ད་ནི་ང་ཚོ་ཚང་མ་ནུས་པ་གཅིག་ཏུ་སྤུངས་ཏེ་རང་དབང་ཐོབ་པར་འབད་བརྩོན་གནང་དགོས་ཤིང་། དལ་ལྷོད་དང་། སྒྱིད་ལུག་གཏན་ནས་བྱ་མི་རུང་ཞིང་། ང་ཚོས་ཆུ་ཚོད་སྐར་མ་གཅིག་འཐུས་ཤོར་ཕྱིན་པ་ཡིན་ན། མ་འོངས་པར་ང་ཚོ་ལ་གྱོང་གུད་ཆེན་པོ་འཕོག་ངེས་སོ།།  ད་ནི་ང་ཚོ་ཡང་དུས་ཡུན་རིང་པོར་མི་ཡུལ་དུ་གནས་མ་དགོས་པར་རང་དབང་གི་བདེ་སྐྱིད་ཉི་མ་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་དང་བཅས། མཐའ་དོན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་རིང་བརྟན་ཞིང་། ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese