མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་དགུ་བཅུ་གསུམ། བོད་ཀྱི་བུད་མེད་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་མཉམ་དུ་ལོ་མང་རིང་བོད་ཀྱི་རྩ་དོན་འཐབ་རྩོད་བྱས་པའི་ངོས་འཛིན་འོག་ཚོགས་པ་རེ་རེར་དགའ་སྤོབས་དྲན་རྟེན་རེ་སྤྲད་སོང་།

དྷ་ས་མེག་གྷན་གྱི་(Club house)ཚོགས་ཁང་ནང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ། ༢༠༢༢།༠༨།༢༠ དུས་བབ་ཀྱི་པར།

དེ་རིང་ཞོགས་པར་དྷ་ས་མེག་གྷན་གྱི་ཀུ་ལབ་མགྲོན་ཁང་(Club house)ཚོགས་ཁང་ནང་དུ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་མགོ་འཛུགས་གནང་སོང་བ་དང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་གཉིས་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་འདུག དེ་རིང་ཚོགས་ཆེན་གྱི་ཉིན་དང་པོར་བདེ་སྐྱིད་གླིང་དང་། སྦོག་ར། ཀུ་ལུ། སྦེལ་ཀོབ་བཅས་ཀྱི་ས་གནས་ཡན་ལག་ཚོགས་པར་ལས་འགུལ་ཚགས་ཚུད་དང་ཡག་ཤོས་སྤེལ་མཁན་དུ་ངོས་འཛིན་བྱས་ཏེ་གཟེངས་རྟགས་སྤྲད་སོང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་དགུ་བཅུ་གསུམ། བོད་ཀྱི་བུད་མེད་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་མཉམ་དུ་ལོ་མང་རིང་བོད་ཀྱི་རྩ་དོན་འཐབ་རྩོད་བྱས་པའི་ངོས་འཛིན་འོག་ཚོགས་པ་རེ་རེར་དགའ་སྤོབས་དྲན་རྟེན་རེ་སྤྲད་སོང་།

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས་ཚོགས་ཆེན་ངོ་སྤྲོད་འབྲེལ་བའི་གཏམ་བཤད་གནང་སྐབས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་༧གོང་ས་མཆོག་གི་དགོངས་གཞི་ལྟར་བཙུགས་པའི་ཆབ་སྲིད་ཚོགས་པ་རྙིང་ཤོས་ཤིག་དང་། གཞོན་ནུ་ལྷན་ཚོགས་ཀྱི་ཕྲུ་གུ་ལྟ་བུ་ཡིན། ད་ལྟ་བར་དུ་ཚོགས་པའི་ངོས་ནས་ཆོལ་ཁ་དང་ཆོལ་ལུགས་ཀྱི་ཕྱོགས་ཞེན་དུ་མ་སོང་བར་བོད་སྤྱི་པའི་འགན་གང་ཐུབ་འཁྱེར་གྱི་ཡོད། བོད་གཞུང་དམངས་གཙོ་ཚད་ལྡན་ཞིག་ལ་འགྲོ་བའི་དམིགས་ཡུལ་འགྲུབ་པར་དམངས་གཙོའི་གོ་རྟོགས་སྤེལ་ཆེད། བགྲོ་གླེང་དང་ཟབ་སྦྱོང་སོགས་ལས་རིམ་མང་པོ་བྱས་དང་བྱེད་མུས་ཡིན། བོད་ཀྱི་རྩ་དོན་འཐབ་རྩོད་ཐད་རྒྱ་གཞུང་ལ་ཁ་གཏད་གཅོག་པར་དངོས་ཤུགས་བརྒྱུད་གསུམ་གྱི་ནུས་པ་གང་འཚམ་བཏོན་ཡོད། ཅེས་སོགས་བརྗོད་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། ཕྱི་ལོ་ ༡༩༩༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༢༡ པ་ཚོགས་པའི་སྐབས་སུ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། གཞོན་ནུ་ལྷན་ཚོགས་དང་གཞི་རྩའི་ལྟ་བ་དང་དམིགས་ཡུལ་གཅིག་པ་ཡིན་པ་གང་ཞིག་ལ་ནང་གི་དམིགས་ཡུལ་དམངས་གཙོའི་ལྟ་གྲུབ་ཡོད་པའི་ཚོགས་པ་དེ་འདྲ་དགོས་ཀྱི་རེད་གསུངས་པའི་ལམ་སྟོན་འོག ཕྱི་ལོ་ ༡༩༩༢ ལོར་གཞོན་ནུ་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གི་སྔ་ཕྱིའི་བཀའ་སློབ་དང་། བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ལ་གཟིགས་ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འཛུགས་རྒྱུ་གཏན་འབེབ་གནང་བ་རེད། ཕྱི་ལོ་ ༡༩༩༤ ལོར་དངོས་སུ་དབུ་བརྙེས་པ་རེད། ཅེས་དང་། དགྲ་བོ་རྒྱ་དམར་གྱིས་བོད་དུ་བཙན་འཛུལ་བྱས་ནས་ཉིན་འཁྱོལ་ཡང་མཚན་མ་འཁྱོལ་བའི་དུས་སྐབས་ཞིག་ཏུ་གྱུར་ནས་བོད་ནང་གི་བོད་མི་ཚོས་བཙན་བྱོལ་ནང་གི་བོད་མིར་རེ་བ་རྒྱག་གི་ཡོད་ཀྱང་། བཙན་བྱོལ་ནང་དུ་དམངས་གཙོའི་ཐོག་ནས་འོས་འདེམས་བྱེད་པར་ཕྱོགས་ཞེན་གྱི་ཡ་ང་བའི་གནས་སྟངས་ཞིག་ཆགས་བསྡད་ཡོད། བཙན་བྱོལ་ནང་གི་གཞུང་དང་ཚོགས་པ་སྒེར་སུ་ཡིན་ཡང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དམངས་གཙོའི་ལམ་ལུགས་རྒྱུན་འཁྱོངས་བྱས་ནས་བོད་ཀྱི་རྩ་དོན་སྒྲུབ་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་བཤད་སོང་།

དྷ་ས་མེག་གྷན་གྱི་(Club house)ཚོགས་ཁང་ནང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ། ༢༠༢༢།༠༨།༢༠ དུས་བབ་ཀྱི་པར།

དེ་ནས་ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་༧གོང་ས་མཆོག་གི་ཐུགས་ཀྱི་དགོངས་གཞི་རླབས་པོ་ཆེའི་ནང་ནས་དམངས་གཙོ་འཕེལ་རིམ་གྱི་གནད་འགག་ཅིག་ཆགས་བསྡད་ཡོད། ༼ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།༽དང་༼བཙན་བྱོལ་ནང་གི་རང་དབང་།༽ལས་ཀྱང་ང་ཚོས་གསལ་བོ་ཤེས་བ་ལྟར། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཐོག་མར་བོད་ནང་གི་ཁྲལ་དང་འུ་ལག་མེད་པ་བྱས་ནས་སྤྱི་ཚོགས་ལ་བསྒྱུར་བཅོས་བཏང་། དེ་ནས་མི་མང་ཉམ་ཆུང་ཚོར་དཀའ་ངལ་ཞུ་ས་བཙུགས་པ། ཚོགས་འདུ་ཆེན་མོ་འདུ་སྐོང་བྱས་ནས་བསྒྱུར་བཅོས་ནས་དམངས་གཙོའི་འཕེལ་རིམ་དབུ་འཛུགས་གནང་ཡོད་པ་དང་། ༧གོང་ས་མཆོག་བཙན་བྱོལ་ནང་ཞབས་སོར་འཁོད་པ་ནས་བཟུང་བོད་མི་མང་ལ་དམངས་གཙོ་གསོལ་རས་གནང་སྟེ་བོད་ཀྱི་ལས་དོན་བྱེད་ཕྱོགས་ཐམས་ཅད་དམངས་གཙོ་གཞིར་བཟུང་ནས་དམངས་གཙོའི་འཕེལ་རིམ་གཏན་འཇགས་བྱུང་ཡོད་སྐོར་གསུངས་སོང་།

ཡང་ཁོང་གིས། ཐེངས་འདིའི་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་སྟེང་གྲོས་གཞི་དང་གྲོས་ཆོད་མང་པོ་ཞིག་ཡོད་པ་རེད། སྲིད་དོན་ཚོགས་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ་གང་ཡིན་ཡང་སྤྱི་ཚོགས་ནང་དུ་ལས་དོན་བྱེད་ཕྱོགས་གཅིག་ཡིན། ཁྱད་པར་ནི་གཞུང་གི་འཛིན་སྐྱོང་སྲིད་དོན་ཚོགས་པས་གཙོ་བོ་བྱེད་ཅིང་། གཞུང་འབྲེལ་མིན་པའི་ཚོགས་པས་སྤྱི་ཚོགས་ཞབས་ཞུ་གཙོ་བོ་བྱེད་པ་ཡིན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ཡང་བོད་གཞུང་གི་མཐུན་འགྱུར་ལ་བརྟེན་ནས་ད་ལྟ་རྒྱལ་སྤྱིའི་སྟེང་དུ་སྙོབ་བཞིན་ཡོད་པ་རེད། ཨ་རིའི་དམངས་གཙོ་ཚོགས་པའི་ཚོགས་ཆེན་སྟེང་དུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་མི་མཉམ་ཞུགས་བྱས་ཡོད་སྐོར་གསུངས་སོང་།

ཐེངས་འདིའི་ཚོགས་ཆེན་ཐོག་ཚོགས་པའི་སྒྲིག་གཞི་བསྐྱར་བཅོས་དང་དབུས་སའི་ལས་དོན་བྱེད་ཕྱོགས་སོགས་གྲོས་གཞི་དོན་ཚན་དགུ་ཡི་ཐོག་བགྲོ་གླེང་དང་གཏན་འབེབ་དང་། ཉིན་མཐའ་མར་དབུས་རྒྱུན་འོས་འདེམས་བཅས་བྱ་རྒྱུ་ཡིན་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. སངས་རྒྱས་འོད་གསལ says:
    ལོ་ 4 སྔོན།

    པར་དེ་ལ་ལྟས་ནས་ཤེས་སོང་། བོད་གཞུང་གི་མིང་འཁུར་ནས་སློང་མོ་རྒྱབ་ནས་ཐར་ཚག་ཤོག་ནང་དོན་པ་ཁོ་དང་། ༢༠༠༨ལོར་བཙན་འབྱོར་པ་ཚང་མས་རྒྱ་ལ་ངོ་འགོལ་བྱེད་དུས་ཡེ་ཤེས་ཕུན་ཚོགས་གཡག་འཁྲབ་ནས་བསུ་བྱེད་པ་དང་་་ད་དུང་ཉེ་དུས་ང་ཚོས་འགྲིག་རཛུགས་འཁྲུག་ཆ་དོད་སྐབས་ཡང་གཞོན་ནུའི་མིང་ཐོག་ནས་གསལ་བསྒྲགས་སུ་འགྲིག་ཁུལ་བྱེད་མཁན་སོགས་་གང་ལྟར་མདོར་ན་ུ་ནག་ཉེས་ཅན་དང་་བཀྲ་མི་ཤིས་མཁན་ཤ་རྟག་རེད་འདུག་་་ད་ལྟོ་གོས་ཆེད་ཐལ་མོ་ཏང་ལ་འབྱར་་སྐྱག་པ་རྡ་སར་གཡུག་མཁན་ཁོ་མིན་འགྲོ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese