མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་བྷ་རཱ་ཊི་རཱ་ཊ་ནཱ་འབུལ་ལམ་ཞུ་དགོས་པའི་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༢༢/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་ཀྱི་དབུས་གྲོས་ཚོགས་འཐུས་མི་མང་པོ་མཉམ་འབྲེལ་གྱི་ཐོག་ནས་༧གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་བྷ་རཱ་ཊི་རཱ་ཊ་ནཱ་འབུལ་ལམ་ཞུ་དགོས་པའི་འབོད་སྐུལ་གནང་གི་ཡོད་འདུག

His Holiness The 14th Dalai Lama in Ladakh, India Photo:tibettimes.net

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལས་སྤེལ་བ་ལྟར་ན། རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇི་ཏི་ཀུ་མཱར་ (Sujeet Kumar) ལགས་ཀྱིས་དབུས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (All Party Parliamentary Forum for Tibet) ཚོགས་མི་ ༢༠ ལྷག་དང་། བྷི་ཇུ་ཇཱ་ནཱ་ཌཱ་ཌལ་ (Biju Janata Dal)སྲིད་དོན་ཚོགས་པའི་ཚོགས་མི་བཅས་གྲོས་ཚོགས་འཐུས་མི་མང་པོ་མཉམ་རུབ་ཐོག རྒྱ་གར་གཞུང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་རཱ་ཊི་རཱ་ཏ་ནཱ་ (Bharat Ratna) འབུལ་ལམ་ཞུ་དགོས་པའི་འབོད་སྐུལ་ཞུ་འཆར་ཡོད་འདུག་ལ། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢ བོད་མིའི་དམངས་གཙོའི་དུས་ཆེན་ཉིན་བཞུགས་སྒར་དྷ་རམ་ས་ལར་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ། མ་འོངས་པར་༧གོང་ས་མཆོག་རྒྱ་གར་གྱི་གྲོས་ཚོགས་ནང་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུ་འཆར་ཡོད་འདུག

རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇི་ཏི་ཀུ་མཱར་ལགས་ཀྱིས། བོད་རྒྱའི་དཀའ་རྙོག་སེལ་བར་རྒྱ་ནག་གཞུང་དང་ཐད་ཀར་ཞི་བའི་ལམ་ནས་གྲོས་མོལ་ཡོང་སླད། རྒྱ་གར་དབུས་གཞུང་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་རྒྱུ་དང་། རྒྱ་གར་ནང་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་དམངས་གཙོའི་ལས་འགུལ་སྣ་མང་སྤེལ་གྱི་ཡོད་པ་དེ་དག་ལ་མཐུན་རྐྱེན་སྦྱོར་སླད་དུ་ཉུང་མཐར་ཧིན་སྒོར་ས་ཡ་ ༣ ཙམ་གྱིས་རོགས་སྐྱོར་གནང་སྐོར་རེ་སྐུལ་ཞུས་ཡོད་སྐོར་དང་། ད་དུང་ཉེ་སྔོན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནེན་སི་པེ་ལོ་སི་ (Nancy Pelosi) མཆོག་ཐའེ་ཝན་ལ་ཕེབས་པར་བརྟེན། རྒྱ་ནག་གིས་ཐའེ་ཝན་གྱི་བདེ་སྲུང་གི་འོག་ཏུ་ཡོད་པའི་མཚོ་འགག་ཏུ་དམག་དོན་གྱི་ལས་འགུལ་སྤེལ་ཏེ་འཇིགས་སྐུལ་བྱེད་བཞིན་པར་གདུང་སེམས་མཉམ་སྐྱེད་ཡོད་སྐོར་གསུངས་འདུག

ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༡ ཉིན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་སྤྱི་མོས་ཐོག་གྲོས་ཆོད་ཐོག་མ་བཞག་སྟེ། རྒྱ་གར་དབུས་གཞུང་ལ་བྷ་རཱ་ཊི་རཱ་ཊི་ནཱ༧གོང་ས་མཆོག་ལ་འབུལ་ལམ་ཞུས་པའི་སྙན་ཞུ་ཕུལ་ཡོད་པ་དང་། སྐབས་དེའི་གྲོས་ཆོད་ནང་དུ་རྒྱ་གར་གཞུང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཚེ་ཧྲིལ་བོར་འཛམ་གླིང་ཁྱོན་ཡོངས་སུ་འཚེ་མེད་ཞི་བ་གོང་སྤེལ་གཏོང་གནང་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ལ་ངོས་འཛིན་ཞུས་པའི་ཐོག་ནས་གཟེངས་རྟགས་དེ་འབུལ་ལམ་ཞུ་དགོས་སྐོར་ཞུས་ཡོད་པ་དང་། དེའི་རྗེས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (All Party Forum for Tibet) ཚོགས་གཙོ་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མཱར་ (Shanta Kumar) མཆོག རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཤན་ཀཱ་པུར་ (Kishan Kapoor) མཆོག དབུས་གྲོས་ཚོགས་འཐུས་མི་ཟུར་པ་ཁྲིག་སེ་རིན་པོ་ཆེ་ངག་དབང་བྱམས་པ་བསྟན་འཛིན་མཆོག་སོགས་ནས་སྔ་རྗེས་སུ་རྒྱ་གར་གྱི་སྲིད་བློན་མཆོག་གི་མཚན་ཐོག་ཏུ་ཞུ་ཡིག་ཕུལ་ཏེ། ཆེས་མཐོའི་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་ལམ་ཞུ་དགོས་སྐོར་ཞུས་ཡོད་པ་རེད།

རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་རཱ་ཊི་རཱ་ཊི་ནཱ་ནི་ནོར་བུ་ཞེས་པའི་དོན་ཡིན་པ་དང་། དེ་ནི་རྒྱ་གར་རྒྱལ་ཡོངས་ཀྱི་གཟེངས་རྟགས་མཐོ་ཤོས་དེ་ཡིན་ཞིང་། མིའི་རིགས་ཀྱི་བདེ་དོན་ཆེད་མཛད་རྗེས་རླབས་ཆེན་འཇོག་གནང་མཁན་དང་། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གནང་མཁན་གྱི་མི་སྣ་གྲགས་ཅན་རྣམས་ལ་འབུལ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༡༩༨༠ ལོར་ཡི་ཤུ་ཨ་མ་ཊི་རེ་སཱ་མཆོག་ལ་ཕུལ་ཡོད་པ་དང་། ཕྱི་ལོ་ ༡༩༩༠ ལོར་ལྷོ་ཨ་ཧྥེ་རི་ཁའི་རང་དབང་འཐབ་རྩོད་པ་དང་སྲིད་འཛིན་ཟུར་པ་ནེལ་སན་མན་ཌ་ལཱ་ (Nelson Mandela)མཆོག་དང་། དེ་བཞིན་རྒྱ་གར་རང་བཙན་འཐབ་རྩོད་པ་ཁཱན་ཨབ་དུལ་གྷ་ཕར་ཁཱན(Khan Abdul Ghaffar Khan)། སྲིད་བློན་དམ་པ་ནེ་རོ་མཆོག་སོགས་མི་སྣ་གྲགས་ཅན་ ༤༨ ཙམ་ལ་ཕུལ་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༢༡ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese