མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ངོ་ ༢ ཀྱི་རྗེས་སུ་གཞི་ནས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་སློབ་ཕྲུག་ཚོར་མཐོང་མཆན་སྤྲོད་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༢༤ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་གར་དང་ཨུ་རུ་སུ། པ་ཀི་སི་ཐན་སོགས་ཚུད་པའི་ཕྱིའི་རྒྱལ་ཁབ་ཁག་ནས་ཡོང་བའི་སློབ་ཕྲུག་གསར་རྙིང་དང་ཚོང་པ་སོགས་ལ་མཐོང་མཆན་སྤྲོད་ཀྱི་ཡོད་ལུགས་ཡོངས་བསྒྲགས་བྱས་འདུག

23,000 Indian students awaiting their return to China

ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་ཏུ་རྒྱ་ནག་ཝུའུ་ཧན་ནས་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡུལ་ལུང་གང་སར་མཆེད་པ་ནས་བཟུང་སྟེ། འདས་པའི་ལོ་གཉིས་ལྷག་རིང་ཕྱི་ནང་གི་འགྲོ་འོང་བཀག་སྡོམ་ཚོད་འཛིན་ཤུགས་ཆེན་བྱས་ཡོད་པ་དང་། ད་ལྟའི་ཆར་གཉན་རིམས་མུ་མཐུད་ཁྱབ་གདལ་དུ་འགྲོ་མུས་ཡིན་མིན་ལ་མ་ལྟོས་པར་ཉེ་བའི་ཟླ་གཅིག་གཉིས་ནང་འཛམ་གླིང་རྒྱལ་ཁབ་མང་ཆེ་བས་ཕྱི་ཕྱོགས་སུ་སྒོ་ཕྱེ་ཡི་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༤ ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་གར་དང་། པ་ཀི་སི་ཐན། ཨུ་རུ་སུ། སེངྒ་ལ། མ་ལེ་ཤི་ཡ། ཉི་ཧོང་སོགས་ནས་ཡིན་པའི་མཐོ་རིམ་སློབ་མ་རྙིང་པ་དང་གསར་ཞུགས་སློབ་མ། དེ་བཞིན་ཚོང་པ་དང་རྒྱ་ནག་ནང་ཆེད་ལས་རང་བཞིན་གྱི་ལས་དོན་གཉེར་མུས་ཡིན་པའི་ལས་བྱེད་ཚོའི་ནང་མི་སོགས་ལ་མཐོང་མཆན་སྤྲོད་ཀྱི་ཡོད་ལུགས་བསྒྲགས་འདུག

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ཨེ་ཤ་ཡའི་ལས་དོན་ཁང་ (Department of Asian Affairs) གི་སློབ་སྟོན་པ་ཇི་རོང་ (嵇蓉) ཟེར་བ་དེས་སྒེར་གྱི་ཊུ་ཝི་ཊར་དུ། སྙིང་ཉེ་བའི་སློབ་གྲོགས་ཚོ། ང་ཚོར་ཁྱེད་ཅག་གི་རེ་འདུན་དང་མཐོ་སློབ་ཁག་གི་ཡིག་ཆ་འབྱོར་བྱུང་། ང་ཚོས་ཁྱེད་ཅག་གི་སེམས་ཁྲལ་བྱེད་མུས་ཡིན་པ་རྟོགས་ཀྱིན་ཡོད་ཀྱང་། ད་ལྟ་རྒྱ་ནག་གི་མཐོ་སློབ་ཁག་གིས་ཁྱེད་ཅག་ཕྱིར་མཐོ་སློབ་ཏུ་ཕེབས་པར་དགའ་བསུ་ཞུ་ཡི་ཡོད། ཅེས་སོགས་བརྗོད་འདུག་ལ། ད་ལན་མཐོ་རིམ་སློབ་གཉེར་བ་རྙིང་པ་དང་། གསར་ཞུགས་སློབ་མ་ཚང་མར་མཐོང་མཆན་སྤྲོད་ཀྱི་ཡོད་ཀྱང་། སློབ་མ་གསར་པ་རྣམས་ཀྱིས་རྒྱ་ནག་གི་མཐོ་སློབ་ཁག་གི་སློབ་འཇུག་ལག་ཁྱེར་དང་། སློབ་མ་རྙིང་པ་ཚོས་མཐོ་སློབ་ཏུ་ལོག་ཆོག་པའི་ལག་ཁྱེར་སོགས་བསྟན་དགོས་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁག་གིས་རྒྱ་ནག་གི་མཐོ་སློབ་ཁག་ཏུ་སློབ་གཉེར་བྱེད་མཁན་གྱི་སློབ་མ་གསར་རྙིང་དང་། ཚོང་པ། དེ་བཞིན་རྒྱ་ནག་ཏུ་ཆེད་ལས་གཉེར་མཁན་གྱི་ནང་མི་སོགས་ལ་མཐོང་མཆན་སྤྲད་རྒྱུ་ཡིན་སྐོར་བསྒྲགས་འདུག་ལ། ཧིན་རྡུ་དུས་བབ་ཀྱི་གནས་ཚུལ་ལྟར་ན། རྒྱ་ནག་གི་མཐོ་སློབ་ཁག་ཏུ་རྒྱ་གར་གྱི་སློབ་མ་ཁྱོན་ ༢༣༠༠༠ ལྷག་ཡོད་པ་དང་། ཁོང་ཚོ་མང་ཆེ་བ་རྒྱ་སྨན་སྦྱོང་མཁན་ཡིན་འདུག ཕྱི་ལོ་ ༢༠༡༩ ལོ་མཇུག་ཏུ་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཕྱིན་རྗེས། རྒྱ་གར་གྱི་སློབ་མ་ ༢༣༠༠༠ ལྷག་དེ་ཕྱིར་ལོག་བྱས་ཏེ། དྲ་ལམ་སློབ་འཁྲིད་ནང་མཉམ་ཞུགས་བྱས་ཡོད་འདུག འདས་པའི་ཟླ་ཤས་གོང་རྒྱ་ནག་ཏུ་སློབ་སྦྱོང་བྱེད་མུས་ཡིན་པའི་རྒྱ་གར་གྱི་སློབ་མ་གྲངས་ ༡༠༠༠ ལྷག་གིས་རྒྱ་ནག་གི་མཐོ་སློབ་ཁག་ཏུ་དངོས་སུ་ཞུགས་འདོད་ཡོད་པའི་སྙན་ཞུ་སྤྲད་ཡོད་འདུག

ལོ་གཉིས་དང་ཟླ་ ༧ ཡས་མས་ཀྱི་རྗེས་སུ་གཞི་ནས་འཛམ་གླིང་རྒྱལ་ཁབ་ཁག་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱི་ཕྱོགས་སུ་སྒོ་འབྱེད་ཀྱི་ཡོད་ཀྱང་། ད་ལྟའང་ཧོང་ཀོང་དང་སེང་གྷ་པུར། ཐའེ་ལེན་ཌི། འབྲུག ཁེ་ན་ཌ་སོགས་རྒྱལ་ཁབ་ཁག་ཅིག་ནས་མུ་མཐུད་ཕྱི་མིར་བཀག་སྡོམ་བྱེད་ཀྱི་འདུག་ལ།  དེ་བཞིན་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ལྟ་བུར་མཚོན་ནའང་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༣ ཉིན་གཞི་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་འཆར་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༢༢ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༢ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese