མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གསོ་བ་རིག་པའི་ཆེད་ལས་རང་བཞིན་ལྡན་པའི་སྨན་ཁང་ཞིག་འཛུགས་ཀྱིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་རིག་གཞུང་ལྷན་ཁང་གིས་རོགས་སྐྱོར་འོག ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་བཞིན་སྨན་བཅོས་དང་ཉམས་ཞིབ་བྱ་སའི་སྨན་ཁང་ཞིག་འཛུགས་ཀྱིན་འདུག

ཁ་སང་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་རིག་གཞུང་ལྷན་ཁང་གིས་རོགས་སྐྱོར་འོག་ཧིན་སྒོར་བྱེ་བ་ ༤༧། ༧ གནང་སྟེ།  ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་གསོ་བ་རིག་པའི་སྨན་ཁང་གསར་འཛུགས་བྱེད་བཞིན་ཡོད་པ་དང་། སྨན་ཁང་དེར་གསོ་བ་རིག་པའི་གཞུང་ལུགས་དང་མཐུན་པའི་སྨན་བཅོས་བྱ་རྒྱུ་ཡིན་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡༢ ནང་ཚུད་དུ་གསར་རྒྱག་བྱ་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་གསོ་བ་རིག་པའི་སྡེ་ཚན་གྱི་འགན་འཛིན་སྨན་རམས་པ་བཀྲ་ཤིས་ཟླ་བ་ལགས་སུ་གསོ་བ་རིག་པའི་སྨན་ཁང་གསར་འཛུགས་གནང་དགོས་པའི་རྒྱུ་མཚན་དྲིས་པར། ཁོང་གིས། སྤྱིར་བཏང་སྨན་ཁང་ལ་སྒོ་བསྟེན་(OPD) སྨན་ཁང་དང་ཞག་སྡོད་སྨན་ཁང་ཡོད་པ་རེད། སྨན་ཁང་དེར་གཙོ་བོ་གཞི་རིམ་དཀའ་བཅུ་པའི་སློབ་མ་ཚོའི་སློབ་སྦྱོང་བྱ་རྒྱུ་དང་། སྨན་རམས་པ་དང་འབུམ་རམས་པའི་སློབ་ཕྲུག་ཚོས་ཉམས་མྱོང་གསོག་རྒྱུ།   ནད་པ་ལ་ཕན་ཐོགས་ཡོང་བའི་ཆེད་དུ་རེད། སྨན་ཁང་དེ་གློ་བུར་དུ་བཙུགས་པ་ཞིག་མ་རེད། ཕྱི་ལོ་ ༡༩༩༩ ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་དེའི་རྗེས་དགེ་བཤེས་ངག་དབང་བསམ་གཏན་ལགས། དེ་ནས་རིག་སྡེ་འགན་འཛིན་རྒན་བློ་བཟང་བསྟན་འཛིན་ལགས་དང་ད་ལྟའི་རིག་སྡེ་འགན་འཛིན་རྒན་རྡོ་རྗེ་དགྲ་འདུལ་ལགས་སོགས་ཀྱིས་སྔ་ས་ནས་སྨན་ཁང་གསར་འཛུགས་བྱ་རྒྱུའི་འཆར་གཞི་སྒྲིག་སྟེ་ཕྱིས་སུ་རྒྱ་གར་གཞུང་གིས་ངོས་ལེན་བྱུང་ནས་གསར་འཛུགས་བྱེད་བཞིན་པ་རེད། ཅེས་བརྗོད་བྱུང་།

སྨན་ཁང་གསར་འཛུགས་བྱེད་བཞིན་ཡོད་པ་དེ་རྒྱ་གར་གཞུང་གིས་ངོས་ལེན་གང་འདྲ་ཡོད་མེད་སྐོར་དྲིས་པར་ཁོང་གིས། སྨན་ཁང་དེ་སྨན་ཁང་དུ་ངོས་ལེན་བྱུང་ཡོད་མ་རེད།  རྒྱ་གར་རིག་གཞུང་ལྷན་ཁང་ནས་འགྲོ་གྲོན་གསོལ་རས་གནང་བ་རེད། སྨན་ཁང་གི་ངོ་བོ་ཡིན་མིན་གྱི་ཚད་གཞི་དེ་མངའ་སྡེ་གཞུང་ནས་གནང་དགོས་ཀྱི་ཡོད་རེད། མངའ་སྡེ་གཞུང་ནས་གནང་བར་ཆ་རྐྱེན་གྱི་རིམ་པ་མང་པོ་བརྒྱུད་ནས་སྨན་ཁང་ལ་རྩིས་ན་འགྲིག་གི་འདུག་ཟེར་བའི་ཆ་རྐྱེན་སྤྲད་ན། གཞི་ནས་སྨན་ཁང་ལ་ངོས་ལེན་འབྱུང་གི་ཡོད་རེད། དེར་བརྟེན་ད་ལྟ་སྨན་ཁང་གི་དེབ་སྐྱེལ་གྱི་ལས་གཞི་འགྲོ་བཞིན་ཡོད་རེད། མཐོ་སློབ་དེ་རྒྱ་གར་གཞུང་དང་སྔོན་མ་ནས་འབྲེལ་བ་ཡོད་རེད། ༧གོང་ས་མཆོག་གིས་ནེ་རུ་དང་བཀའ་མོལ་གནང་བ་ནས་བཟུང་སློབ་གྲྭ་སོགས་བཙུགས་ཏེ་འབྲེལ་བ་ཡོད་པ་རེད། ཕྱི་ལོ་ ༢༠༡༠ ལོར་རྒྱ་གར་རྒྱལ་ཡོངས་སུ་གསོ་བ་རིག་པ་ངོས་ལེན་བྱུང་སྟེ། གཞུང་གིས་གསལ་བསྒྲགས་བཏང་བའི་ནང་གལ་སྲིད་སློབ་ཕྲུག་ ༡༥ ཚུད་པ་ཡིན་ན་ཉུང་མཐར་སྒོ་བསྟེན་སྨན་ཁང་ ༤ དགོས་པ་དང་ཞག་སྡོད་སྨན་ཁང་ནང་ཉུང་མཐར་ཉལ་ཁྲི་ ༡༠ དགོས་ཀྱི་རེད་ཟེར་ནས་ཆ་རྐྱེན་བཞག་ཡོད་པར་བརྟེན། ད་ལྟ་གསར་འཛུགས་བྱེད་བཞིན་པའི་སྨན་ཁང་དེར་ཉལ་ཁྲི་ ༡༠༠ གཟུག་འཆར་ཡོད། དེ་ཡང་རིམ་པ་དང་པོར་ཉལ་ཁྲི་ ༤༠ ནས་ ༦༠ བར་གཟུག་རྒྱུ་དང་རིམ་པ་གཉིས་པའི་སྐབས་ཉལ་ཁྲི་ ༡༠༠ གཟུག་འཆར་ཡོད་རེད། ཕྱི་ལོ་ ༢༠༡༩ ལོ་ནས་རྒྱ་གར་གཞུང་གིས་ངོས་ལེན་མེད་པར་གསོ་བ་རིག་པའི་སྨན་ཁང་གསར་པ་བཙུགས་ཆོག་གི་མེད་པ་དང་།  ངོས་ལེན་རག་མ་རག་ནི་ཁོ་ཚོས་རྟོག་ཞིབ་ཏུ་བསླེབས་ནས་ཉུང་ཚད་ཆ་རྐྱེན་གྱི་ཚད་གཞི་ལོངས་ན་ལོ་གཅིག་གི་རིང་གནས་སྐབས་ཀྱི་བཀའ་འཁྲོལ་གནང་གི་ཡོད་རེད། གནས་སྐབས་བཀའ་འཁྲོལ་དེ་ཕར་འགྱངས་བྱེད་ཀྱིན་འགྲོ་ཡི་ཡོད། ཕྱི་ལོ་ ༢༠༡༩ ནས་གསོ་བ་རིག་པའི་སྨན་ཁང་གི་རིམ་པ་དང་པོ་གསར་འཛུགས་བྱེད་མགོ་བཙུགས་ཏེ། འདི་ལོའི་ཕྱི་ཟླ་ ༡༢ ཟླ་མཇུག་ཏུ་བཙུགས་ཟིན་གྱི་ཡོད་རེད། རིམ་པ་དང་པོའི་ཕྱག་ལས་གནང་སྟངས་དང་དགོས་མཁོར་བསམ་བློ་གཏོང་གིན་རིམ་པ་གཉིས་པ་གཟུག་རྒྱུ་རེད། སྨན་ཁང་དེ་རྒྱ་གར་གཞུང་གིས་གསོལ་རས་གནང་བའི་བོད་ཀྱི་གསོ་བ་རིག་པའི་སྨན་ཁང་དང་པོ་དེ་རེད། སྤྱིར་སྨན་རྩིས་ཁང་ལ་ཉལ་ཁྲི་ ༡༠ ཅན་གྱི་སྨན་ཁང་ཡོད་རེད་དེ།  རྒྱ་གར་གཞུང་གིས་འགྲོ་སོང་བཏང་ནས་ཉལ་ཁྲི་ ༡༠༠ ཡོད་པའི་གསོ་བ་རིག་པའི་སྨན་ཁང་ཐེངས་དང་པོ་རེད།  ད་ལྟའི་ཆར་གཞི་རིམ་དཀའ་བཅུ་པའི་སྨན་གྱི་སློབ་ཁྲིད་ཆེད་དུ་དམིགས་རེད་དེ། མ་འོངས་པར་སྨན་རམས་པ་དང་། ནུབ་ཕྱོགས་སྨན་གྱི་ལུགས་སློབ་སྦྱོང་བྱེད་དུ་ཕན་ཐོགས་ཡོང་གི་རེད། ལས་གཞི་དེ་རྒྱ་སྐྱེད་རྒྱུ་ཡོད་རེད། རྒྱ་གར་དང་རྒྱལ་སྤྱིའི་ནང་ཡོད་པའི་གཙུག་ལག་སློབ་ཁང་ནང་སྨན་དང་འབྲེལ་བ་ཡོད་ན་མཉམ་འབྲེལ་བྱ་རྒྱུའི་ལས་གཞི་ཡོང་གི་རེད། ཅེས་བརྗོད་བྱུང་།

མ་འོངས་པར་སྨན་ཁང་དེ་གཞི་རྒྱ་ཆེ་ཆུང་དང་སྨན་པ་ག་ཚོད་ཡོད་སྐོར་དྲིས་པར་ཁོང་གིས། སྐོར་སྐྱོད་སྨན་པ། སྨན་པ། གསོ་བ་རིག་པ་དང་འབྲེལ་བ་ཡོད་པའི་སྨན་ཞབས་པ་མང་དུ་འགྲོ་ཡི་རེད། དེ་བཞིན་སྨན་བཟོ་སྐྲུན་བྱ་དགོས་ཀྱི་ཡོད་སྟབས། རྒྱུན་ལྡན་གྱི་སྨན་བཟོ་སྐྲུན་བྱེད་པ་ཙམ་མིན་པར་སྨན་སྦྱོར་ཚན་པའི་དམིགས་བསལ་གྱི་ཆེད་ལས་བ་གསར་པ་དགོས་ཤིང་། སྨན་སྦྱོར་རྒྱ་སྐྱེད་དེ་ཡར་རྒྱས་གཏང་བ་དང་འདེབས་ལས་ཀྱང་ཡག་པོ་དགོས་ཀྱི་རེད། དེར་བརྟེན་ཕྱོགས་གང་སར་ནས་བལྟས་ཀྱང་ལས་གཞི་རྒྱ་ཆེན་པོ་ཞིག་ཡིན།  སྤྱིར་བཏང་སློབ་ཕྲུག་ ༡༥ ཡོད་ན་ཉུང་མཐར་སློབ་ཁྲིད་བྱེད་མཁན་དགེ་རྒན་ ༡༡ དགོས་པའི་ཁྲོད། མི་གྲངས་ ༡ རིག་གནས་དགེ་རྒན་དང་ ༡༠ སྨན་པ་ཡིན་དགོས་།  སྨན་པ་ ༡༠ པོས་སྒོ་བསྟེན་སྨན་ཁང་ལའང་སྐོར་སྐྱོད་བྱེད་དེ་སློབ་ཁྲིད་བྱ་དགོས། སྨན་ཁང་གི་སྡེ་ཚན་ནང་སྨན་པ་ ༡༢ ཡས་མས་དང་སྨན་ཞབས་པ་ ༦༠ དགོས་པའི་ཁར། འབྱུང་འགྱུར་ལོ་ ༣༠ དང་ ༤༠ བར་དགོས་མཁོར་དམིགས་ནས་ཕལ་ཆེར་སྨན་པ་ ༡༠༠༠ དགོས་སྲིད་པ་རེད། སྨན་པ་དང་སྨན་ཞབས་པ་དེ་དག་ལ་ལས་ཤག་ཡོད་པ་འདང་ངེས་བྱུང་ན་འདིའི་ནང་བསྡད་ཆོག་པ་དང་།  ཕྱི་ལོགས་སུ་ཁང་པ་གླ་ནས་བསྡད་ན་ཁང་གླ་སོགས་སྟེར་གྱི་རེད། ཅེས་བརྗོད་བྱུང་།

སྨན་ཁང་གི་འཛིན་སྐྱོང་དང་སྨན་པ་དེ་དག་བོད་པ་ཡིན་མིན་ཐད་ཁོང་གིས། སྨན་པ་དེ་དག་རྒྱ་གར་གྱི་མི་སེར་ཡིན་ན་ས་མིག་དམིགས་བསལ་ཡོད་པ་དང་། རྒྱ་གར་གཞུང་གི་ངོས་འཛིན་ཡོད་པའི་སྨན་པའི་ལག་ཁྱེར་དང་སྨན་ཞབས་པའི་ལག་ཁྱེར་དགོས་ཤིང་ཉུང་མཐར་དཀའ་བཅུ་པ་ཐོན་པ་ཞིག་དགོས་ཀྱི་ཡོད་རེད། འབྲུག་དང་བལ་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཁག་ནས་སྨན་པ་དང་སྨན་ཞབས་ཐོན་པ་དེ་དག་རྒྱ་གར་གྱིས་ལམ་སེང་ངོས་ལེན་བྱེད་ཀྱི་མེད་ཀྱང་།  རྒྱ་གར་གྱི་མི་སེར་ཡིན་ན་འཛིན་སྐྱོང་གི་ལས་ཀ་བྱེད་ན་འགྲིག་གི་ཡོད་རེད། ང་རང་ཚོའི་མཐོ་སློབ་ནས་ཐོན་པ་དེ་ཚོས་ཚུད་རྒྱུགས་ཀྱི་ལམ་ནས་མཉམ་ཞུགས་བྱ་ཆོག་གི་ཡོད་པ་རེད།  ཅེས་བརྗོད་བྱུང་།

ཕྱི་ལོ་ ༢༠༡༩ ཟླ་ ༣ པ་ནས་གསོ་བ་རིག་པའི་སྨན་ཁང་གི་རིམ་པ་དང་པོ་འཛུགས་སྐྲུན་བྱ་མགོ་བཙུགས་ཏེ། འདི་ལོའི་ཕྱི་ཟླ་ ༡༢ ནང་ལེགས་གྲུབ་འབྱུང་རྒྱུ་ཚོད་དཔག་བྱེད་ཀྱི་འདུག་ལ།  སྨན་ཁང་དེར་ཉལ་ཁྲི་ ༤༠ ནས་ ༦༠ བར་གཟུག་འཆར་འདུག རིམ་པ་གཉིས་པར་ཉལ་ཁྲི་ ༡༠༠ ཅན་གྱི་སྨན་ཁང་གཟུག་རྒྱུ་ཡིན་པ་མ་ཟད།  རྒྱ་གར་རིག་གཞུང་ལྷན་ཁང་གིས་གསོ་བ་རིག་པའི་སྨན་ཁང་ལ་ཧིན་སྒོར་བྱེ་བ་ ༩༣ ཙམ་གྱི་འགྲོ་གྲོན་གཏང་རྒྱུ་ཡིན་པའི་ཁྲོད། ད་ལྟའི་ཆར་རིམ་པ་དང་པོའི་ཆེད་དུ་ཧིན་སྒོར་བྱེ་བ་ ༤༧།༥ ཙམ་བཏང་ཟིན་འདུག སྨན་ཁང་དེའི་ནང་སྨན་བཅོས་བྱེད་པ་ཙམ་མིན་པར་སློབ་ཁྲིད་དང་ཉམས་ཞིབ་སོགས་བྱ་རྒྱུ་ཡིན་འདུག

 གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese