མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ལ་དྭགས་དགོན་ཚོགས་ཀྱི་འདུ་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས།

བོད་ཀྱི་དུས་བབ།
༢༠༢༢/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་ཆུ་ཚོད་ ༩ སྟེང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ལྕོག་ལམ་སར་གྱི་ཉེ་འཁྲིས་སུ་ཆགས་པའི་ལ་དྭགས་དགོན་ཚོགས་ཀྱི་ནང་ཆོས་ཀྱི་བསྟི་གནས་ཁང་(Dharma Center)དུ་ཆིབས་བསྒྱུར་བསྐྱངས་ཏེ། བསྟི་གནས་ཁང་དེའི་རྟེན་གྱི་གཙོ་བོ་སྟོན་པ་ཐུབ་པའི་དབང་བོ་མཆོག་ལ་མཆོད་མཇལ་དང་འདུ་ཁང་ནང་རབ་གནས་མཛད་རྗེས། ནང་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ནས་༸མགོན་པོ་གང་ཉིད་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། ༸གོང་ས་མཆོག་གིས་དད་ལྡན་སེར་སྐྱ་མང་ཚོགས་ལ་བཀའ་སློབ་སྩལ་དོན།

H.H The Dalai Lama at Dharma Center in Leh
Photo: Tibettimes

རྒྱ་གར་གཏིང་ལ་མར་ཆར་ཞོད་ཤུགས་ཆེན་པོ་ཡོད་དུས། ལ་དྭགས་སུ་ས་སྐམ་པོ་དང་ཉི་མ་ཡག་པོ་ཡོད་སྟབས་འདིར་ཡོང་བ་ཡིན། གལ་ཆེེ་བ་ཞིག་ལ་ཁྱེད་རང་ཚོ་ལ་དྭགས་མི་མང་དད་པ་དམ་ཚིག་གཡོ་བ་མེད་པར་ཡོད་པ་ཡིན་དུས། ངོས་ཁྱེད་རང་ཚོར་ཐུག་འདོད་ཡོད་པ་བཞིན་འདིར་འབྱོར་བ་རེད། ཟངས་དཀར་དང་ལ་དྭགས་ཀྱི་མི་མང་ཚང་མས་དད་པ་རྩེ་གཅིག་ཏུ་ཡོད་དུས། རྟེན་བཞུགས་ཀྱི་སྲོལ་ཡོང་གི་འདུག མི་མང་གིས་དད་པ་ཆེན་པོས་ངོས་ལ་དགའ་པོ་ཞེ་དྲགས་བྱེད་ཀྱི་ཡོད་པ་དེས། ངོས་མི་ཚེ་རིང་པོར་འདུག་དགོས་རེད་བསམ་པ་ཡོང་གི་འདུག དེ་རྟེན་བཞུགས་ལས་ཕན་པ་འདུག ཁྱེད་ཚོ་མི་མང་དངོས་གནས་དྲང་གནས་ཀྱིས་སངས་རྒྱས་ཀྱི་ཆོས་ལ་དད་མོས་ཡོད་བསྡད་པའི་ཐོག་ལ་ངོས་དང་ཐུག་སྟེ། ངོས་ནས་ནང་ཆོས་འགྲེལ་བཤད་ཏོག་ཙམ་ཞིག་རྒྱག་གི་ཡོད་པ་རེད། དེས་ཁྱེད་རང་ཚོར་དད་པ་གཅིག་པོ་མ་ཡིན་པར་རྒྱུ་མཚན་གྱི་ཐོག་ནས་དད་པ་སྐྱེ་ཡོང་བ་ཞིག་དང་། སངས་རྒྱས་ཀྱི་ཆོས་ལ་དཔྱད་ནས་དད་པ་འཐོབ་པར་ངོས་ནས་ཁྱེད་ཚོར་ཕན་གང་འཚམ་ཐོགས་ཀྱི་ཡོད།  ངོས་རང་སྤྲོ་བ་ཡོད་ལ་བསྟན་པའི་ཞབས་འདེགས་རེད། དེ་བཞིན། ས་གནས་ལ་ཁ་ཆེ་ཆོས་པའང་མང་པོ་ཡོད་པ་དང་ཚང་མས་དགའ་པོ་ཞེ་དྲགས་བྱེད་ཀྱི་འདུག ཆོས་ལུགས་ཚང་མའི་བསླབ་བྱ་སེམས་པ་བཟང་པོ་བྱ་རྒྱུ་གཅིག་གྱུར་ཡིན་དུས། ངོས་ཀྱི་ལས་འགན་གཅིག་ནི་ཆོས་ལུགས་ཚང་མ་མཐུན་སྒྲིལ་བྱ་རྒྱུ་དེ་ཡིན།

ལ་དྭགས་བོད་ཀྱི་ས་མཚམས་ཡིན་དུས། བོད་རྒྱ་ཆེ་མི་མང་གིས་༸རྒྱལ་བ་རིན་པོ་ཆེ་ཟངས་དཀར་དང་ལ་དྭགས་སུ་བསླེབས་ཡོད་པ་དང་། ཡུལ་བ་ཚོས་དད་པ་རྩེ་གཅིག་ཏུ་ཡོད་པ། དེ་བཞིན་༸རྒྱལ་བ་རིན་པོ་ཆེ་འཛུམ་ཤིག་ཤིག་བསྡད་ཡོད་པའི་སྐད་ཆ་བོད་ནང་ནས་གོ་དུས། བོད་ནང་གི་རྒྱ་ཆེ་མི་མང་གིས་ངོས་ལ་བློ་གཏད་བཅོལ་བ་དང་ཡིད་ཆེས་ཇེ་བརྟན་དུ་ཕྱིན་ཏེ་སེམས་གཏིང་ནས་རང་རང་གི་འགན་འཁུར་གྱི་ཡོད། བོད་ཀྱི་ཆོས་དང་རིག་གཞུང་དེ་རྒྱ་མི་གུང་ཁྲན་གྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱི་ཐོག་ནས་མེད་པར་བཟོ་གང་ཐུབ་བྱས་པ་རེད་དེ། རྩ་བ་ནས་ཕམ་ཉེས་ཕྱིན་ཏེ། བོད་རྒྱ་ཆེ་མི་མང་གི་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡིན་དུས། སེམས་ཤུགས་སྐྱེ་བར་ཕན་ཐོགས་ཡོང་གི་ཡོད།

བོད་ཀྱི་ཆོས་དང་རིག་གཞུང་དེ་སངས་རྒྱས་ཀྱི་ཆོས་ཀྱི་ནང་ནས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་བསྲེགས་བཅད་བརྡར་གསུམ་གནང་སྟེ་དཔེ་དག་ཞེ་དྲགས་ཆགས་ཡོད། དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་བསྲེགས་བཅད་བརྡར་གསུམ་གྱི་ཐོག་ནས་སངས་རྒྱས་ཀྱི་ཆོས་གཏན་ལ་ཕབ་བཞག་པ་དེ་རིགས་པ་དང་ལྡན་ཞིང་། ག་ཚོད་ཀྱིས་བསམ་བློ་གཏང་ན་དེ་ཚོད་ཀྱིས་རིགས་པའི་ངེས་པ་ཇེ་ཆེར་འགྲོ་བ་མ་གཏོགས། རིག་པས་དཔྱད་དེ་ཐེ་ཚོམ་སྐྱེ་བའི་གཞི་ཁྱོན་ནས་མེད། སྤྱིར་ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་ཡོད་ཀྱང་། བོད་ཀྱི་ཆོས་དེ་བསྲེགས་བཅད་བརྡར་གསུམ་གྱི་ཐོག་ནས་རིག་པས་དཔྱད་པ་བྱས་ནས་གཏན་ལ་ཕབ་བཞག་པ་ཆགས་ཡོད་དུས། ཇི་ཙམ་གྱིས་རིག་པས་བརྡར་ཤ་གཅད་ན་དེ་ཚོད་ཀྱིས་སེམས་ལ་ངེས་པ་འཐོབ་པ་ཞིག་ཆགས་ཡོད། ངོས་མ་ཎིའི་རྡོ་རིང་པོ་དེའི་འཁྲིས་ནས་ཡོང་སྐབས། བྱང་ཆུབ་སེམས་མཆོག་རིན་པོ་ཆེ།། མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག། ཅེས་འཆར་ཅན་བསགས་ནས་ཡོང་གི་ཡོད། བདེ་སྐྱིད་ཀྱི་རྩ་བ་ནི་སེམས་ལ་ཞི་བདེ་ཡོད་པའི་ཐོག རང་རོགས་ཚང་མའི་མཛའ་མཐུན་ཡག་པོ་བྱུང་ན་བདེ་སྐྱིད་ཡོང་གི་རེད། དེར་བརྟེན། ངོས་ནས་རྟག་པར་རླངས་འཁོར་ནང་དུ་དུས་ཚོད་ཕྲན་བུ་ཡོད་དུས། རྟག་པར་བྱང་ཆུབ་སེམས་མཆོག་རིན་པོ་ཆེ།། ཞེས་བསྐྱོར་སྡོད་ཀྱི་ཡོད།

དེ་ནས། ཆབ་སྲིད་དང་མི་རིགས་ཀྱི་དོན་དག་ཐོག་ནས་བཤད་ཡོང་དུས། འདི་བོད་དང་ས་འབྲེལ་ཡིན་དུས། བོད་ནང་ལོགས་ཀྱི་བོད་མི་ཚོས་གནས་ཚུལ་ཏོག་ཙམ་གོ་ཐུབ་པ་ཞིག་ཡིན་པ་དང་། ཕྱོགས་གཅིག་ནས་རྒྱ་མི་གུང་ཁྲན་གྱིས་ཏཱ་ལའི་ལོག་སྤྱོད་པ་ཟེར་ནས་ཤོད་སྡོད་ཀྱི་ཡོད་པ་དང་ད་ལྟ་ཏཱ་ལའི་ལོག་སྤྱོད་པ་དེ་སྲ་ཐག་ཐག་བྱས་ནས་བསྡད་འདུག་བསམ་ཡོང་དུས། བོད་ནང་གི་མི་ཚོར་སེམས་ཤུགས་སྐྱེ་བར་ཕན་གྱི་རེད། རྒྱ་མི་གུང་ཁྲན་གྱི་མགོ་ཁྲིད་སྦུབ་སུག་དོག་པོ་དེ་ཚོའི་བསམ་བློའི་ནང་། ཧི་མ་ལ་ཡའི་རི་རྒྱུད་པ་ཚོ་ཏཱ་ལའི་བླ་མར་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་དད་མོས་ཤུགས་ཆེན་བྱས་ནས་བསྡད་ཡོད་པ་མཐོང་ཡོང་དུས། དེ་ལ་གནད་འགོག་ཅིག་ཡོད་པ་རེད། རྒྱ་མི་གུང་ཁྲན་གང་ཡང་མི་ཤེས་མཁན་གྱི་གྲས་དེ་ཚོས་ཆོས་ཟེར་དུས་སྡུག་པོ་ཞེ་དྲགས་བརྩི་ཡི་ཡོད། ངོས་འདི་ནས་ཡར་མར་ཕྱིན་དུས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྨོངས་དད་ཅན་ཚོར་ཏཱ་ལའི་བླ་མས་མགོ་བསྐོར་གཏོང་གི་འདུག་དྲན་གྱི་ཡོད། ད་ལྟ་དུས་ཚོད་གཡོལ་ཟིན་པ་རེད་མ་གཏོགས། མའོ་ཙེ་ཏུང་གིས་ངོས་ལ་ནང་ཚགས་དང་དགའ་པོ་ཞེ་དྲགས་བྱེད་ཀྱི་ཡོད། ཉིན་ཞིག་ངོས་མའོ་ཙེ་ཏུང་དང་ཐུག་དུས། དགའ་པོའི་ངང་ནས་ཁྱེད་ཀྱི་བསམ་བློ་ཚན་རིག་དང་མཐུན་པ་རེད། ཆོས་ཟེར་བ་དེ་དུག་རེད། ཅེས་བཤད་བྱུང་། དེ་རིང་ཁ་སང་མའོ་ཙེ་ཏུང་ཡོད་ཚེ། ཆོས་དུག་རེད་ཟེར་བའི་སྐད་ཆ་དེ་ཕན་པའི་མཆམས་ལ་བསླེབས་ཡོད་པ་རེད།

སྤྱིར་འཛམ་བུ་གླིང་འདིའི་ནང་ཁ་ཤས་ཀྱིས་འཇིག་རྟེན་བཀོད་པ་པོ་འདོད་པ་དང་ཁག་ཅིག་གིས་འདོད་ཀྱི་མེད་པ་སོགས་་རིས་སུ་མཆེད་པའི་ཆོས་ལུགས་ཁག་ཚང་མའི་ལྟ་གྲུབ་མི་འདྲ་བར་ཡོད་ཀྱང་། སེམས་པ་བཟང་པོ་བྱ་དགོས་པ་དང་མི་ལ་ཕན་ཐོགས་དགོས་པའི་བསླབ་བྱ་གཅིག་གྱུར་རེད་འདུག ངོས་འཛམ་གླིང་གི་ས་ཕྱོགས་འདྲ་མིན་གྱི་ནང་དུ་སོང་བའི་སྐབས་སུ། ཁ་ཆེ་ལྷ་ཁང་དུ་བསམ་པ་རྣམ་དག་གིས་ཁོ་ཚོའི་དཀོན་མཆོག་ལ་གསོལ་བ་འདེབས་ཀྱི་ཡོད། གྲུབ་དོན་དེ་སེམས་པ་བཟང་པོ་བྱ་རྒྱུ་ཞིག་ཡོང་གི་ཡོད་ལ། ངོས་ནས་དེ་བཞིན་སྨོན་ལམ་བརྒྱབ་བསྡད་ཡོད། དེ་བཞིན་ཧིན་རྡུ་དང་ཡེ་ཤུ་ལྷ་ཁང་སོགས་ཚང་མའི་བསླབ་བྱ་གཅིག་གྱུར་ཡིན་པས། མི་མང་པོར་ཕན་ཐོགས་ཡོང་བར་ཤོག་ཅེས་སྨོན་ལམ་བརྒྱབ་བསྡད་ཡོད། ཅེས་གསུངས་སོང་།

གསར་འགོད་པ་སྐལ་བཟང་སྦྱིན་པས་ལ་དྭགས་ཀྱི་རྒྱལ་ས་གླེ་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese