མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིགས་མཉམ་འདྲེས་ཀྱིས་མི་རིགས་རིང་ལུགས་ལ་ཐེབས་པའི་ཤུགས་རྐྱེན།

བོད་ཀྱི་དུས་བབ།
༢༠༢༢/༠༨/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཀླུ་སྨྱོན་ཧེ་རུ་ཀ

མི་རིགས་ཞེས་པ་འདི་ནི་ཁྲག་རྒྱུན་དང་འཚོ་གནས། རིག་གཞུང་དང་ཁོར་ཡུག དད་མོས་དང་འདུ་ཤེས་སོགས་གྲུབ་ཆ་སྣ་མང་རྙོག་འཛིང་ཅན་དུ་མ་ཞིག་གི་བསྡུས་གཟུགས་ཡིན་ཞིང་། གྲུབ་ཆ་འདི་དག་ཀྱང་རང་རང་གི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་མཉམ་འདྲེས། མཉམ་འདྲེས་ནས་འཐོར་ཞིག་ཏུ་འགྲོ་བའི་ཆོས་ཉིད་དམ་གོ་རིམ། ཡང་ན་འདུས་བྱས་ཐམས་ཅད་ཀྱི་སྤྱི་འགྲོས་འདི་མ་བརྒྱུད་པར་གནས་ཐབས་ཡེ་ནས་མེད།

རང་རེ་གདོང་དམར་བོད་པའི་མི་རིགས་འདི་ལ་མཚོན་ན་ཡང་། ལོ་ངོ་ཁྲི་ཉིས་བརྒྱ་སུམ་བརྒྱའི་ཡར་སྔོན་ནས་སྤྲ་སྤྲེལ་དག་གི་མཉམ་འདྲེས་དང་འཚོ་ཐབས་ལ་འགྱུར་ལྡོག་བྱུང་བའི་དབང་གིས། དུད་འགྲོ་དང་མི་རུ་གྱུར་པའི་བརྒྱུད་རིམ་རིང་མོ་ཞིག་འགྲིམས་ནས་དེ་རིང་གི་བར་དུ་ཡོང་བ་ཞིག་ཡིན་ལ། ལོ་རྒྱུས་རིག་པའི་ངོས་ནས་བལྟས་ན་བོད་མི་རིགས་ཀྱི་ཁྲག་རྒྱུན་གཙང་མ་གཙང་རྐྱང་ཡིན་པའི་བོད་རིགས་ཤིག་དེང་སྐབས་ཧ་ཅང་རྙེད་དཀའ་བའི་ཚོད་དུ་འདུག དེ་ལ་རྒྱུ་མཚན་མང་ཡང་མཐར་གཏུགས་ན་མི་རིགས་མཉམ་འདྲེས་ཞེས་པའི་ཐ་སྙད་འདིའི་འོག་ཏུ་ཚུད་འགྲོ།

བདག་གི་ཕ་ཡུལ་མདོ་སྨད་ལ་མཚོན་ན་དུས་རབས་དྲུག་པ་ཙམ་ནས་བཟུང་སྟེ་བོད་ཀྱི་མཐའ་མཚམས་ས་ཁུལ་ཞིག་ཏུ་གྱུར་པ་དང་། འདས་པའི་ལོ་གཅིག་སྟོང་སུམ་བརྒྱ་ཙམ་ཞིག་གི་རིང་ལ། བོད་དང་ཐང་ཡོན་མན་ཆིང་སོགས་རྒྱ་དང་སོག་པོའི་རྒྱལ་རབས་རིམ་བྱུང་བར་གྱི་དགྲ་གཉེན་བར་མའི་འབྲེལ་ལམ་རིང་མོའི་ཁུགས་སོ་རུ། བོད་ཆེན་པོའི་མཐའ་མཚམས་ཀྱི་བོད་མི་དག་གི་གཟུགས་པོའི་ནང་གི་བོད་ཁྲག་གཙང་མ་དེའི་ནང་དུ་ཡང་རྒྱ་ཁྲག་དང་སོག་ཁྲག སུམ་པ་དང་འ་ཞའི་ཁྲག་སོགས་ཁྲག་རིགས་སྣ་མང་ཞིག་མ་འདྲེས་རང་འདྲེས་སུ་གྱུར་པ་རེད། གནས་ཚུལ་འདི་དོན་དངོས་ཡིན་པའི་ཁུངས་སྐྱེལ་བཙན་པོ་ཞིག་སྟེ། བོད་རིགས་མང་པོ་ཞིག་གིས་ཚུར་བོད་སྐད་བཤད་ན་མ་གཏོགས། ངོ་གདོང་ལ་བལྟས་ན་རྒྱ་མིའི་གདོང་དང་སོག་པོའི་གདོང་སྟེ་གདོང་མདོག་ཧ་ཅང་དཀར་ཞིང་སྣ་དང་མིག་ཆུང་ཆུང་ཡིན་པ་ཁྲི་སྟོང་མང་པོ་ཞིག་བོད་ཁམས་སྤྱི་དང་ཁྱད་པར་མདོ་སྨད་པའི་ཁོངས་སུ་མཐོང་རྒྱུ་ཡོད།

དེར་མ་ཟད་བོད་དབུས་ཁུལ་ལྷ་ས་ལྟ་བུར་མཚོན་ན་ཡང་རྒྱ་བཟའ་སྔ་ཕྱི་གཉིས་ཀྱི་གཡོག་མོའམ་ཞལ་ཏ་མ་ཚོས་བོད་རིགས་སྐྱེས་པར་གཉེན་བསྒྲིགས་ཏེ་ས་གནས་ཀྱི་བོད་ཁྲག་གཙང་མ་དེའི་ནང་དུ་རྒྱ་ཁྲག་གི་ཐིགས་པ་འདྲེས་སུ་བཅུག་ཡོད་པ་མ་ཡིན་ནམ། ཏུན་ཧོང་གཏེར་ཡིག་ནང་གི་རྒྱ་ཤ་ཅུའི་བུ་མོ་འཕྲོག་ཆོག་དང་མི་ཆོག་པའི་ཁྲིམས་ཡིག་གམ་ཆིངས་ཡིག་དེ་ཚོར་བལྟས་ན་ཡང་། བོད་ཀྱི་མཐའ་མཚམས་དམག་དཔུང་གིས་རྒྱ་རིགས་བུ་མོ་ཚོ་བཙན་གྱིས་བོད་ཀྱི་མནའ་མར་འཕྲོག་པའི་ལུགས་སྲོལ་ཞིག་ཡོད་པ་མཐོང་ཐུབ་ལ། བོད་ཀྱི་མཚམས་སྲུང་དམག་མི་ཚོ་ཕྱིར་རང་གི་ཕ་ཡུལ་དུ་ལོག་པའི་སྐབས་སུ་རྒྱ་རིགས་མནའ་མ་དང་གཡོག་མོ་དེ་དག་ཀྱང་བོད་ཡུལ་དུ་འཁྲིད་ཡོང་རྒྱུ་ཉག་གཅིག་ཡིན་པས། ཞིབ་ཏུ་བསམས་ན་བོད་ཁྲག་གི་ནང་རྒྱ་ཁྲག་མ་འདྲེས་པའི་བོད་ཁམས་ཞིག་ཧ་ཅང་འཚོལ་དཀའ་མི་འདུག་གམ།

དེང་སང་གི་ DNA ཚན་རིག་བརྟག་དཔྱད་ཀྱི་ལམ་ནས་བོད་པ་ཚོའི་ཁྲག་རིགས་ལ་བརྟག་དཔྱད་བྱས་པ་ཡིན་ན། བོད་རིགས་ཚང་མའི་ཟུངས་ཁྲག་གི་ནང་དུ་མི་རིགས་འདྲ་མིན་གྱི་ཁྲག་རྒྱུན་ཡོད་པ་དེ་ནི་ཁ་ཚོན་བཅད་ནས་བརྗོད་ཐུབ་པ་ཞིག་རེད། འདི་ནི་ཧ་ལས་པ་ཞིག་མིན་ན་ཡང་། མི་རིགས་ཞེས་པ་དེ་ངོ་བོ་ངོ་མ་དེ་གང་ཞིག་བགྲོ་གླེང་དང་རྩོད་གླེང་བྱེད་བཞིན་པའི་དེང་གི་དུས་ཚོད་འདིར། མི་རིགས་རིང་ལུགས་པ་ཞིག་ལ་མཚོན་ན་རང་གི་ངོ་བོ་ངོ་མ་དེ་ཁྲག་རྒྱུན་གྱི་སྟེང་ནས་འཇོག་གམ། ཡང་ན་ཤེས་རིག་གི་སྟེང་ནས་འཇོག་དགོས་པའི་སྐོར་ལ་བསམ་བློ་ཞིབ་ཏུ་གཏོང་དགོས་པ་ཞིག་ཆགས་ཡོད།

བཙན་འཛུལ་བའམ་མི་སེར་སྤེལ་བའི་རིང་ལུགས་པ་ཚོས་མི་སེར་སྤེལ་ཡུལ་དུ་རྣམ་པ་མི་འདྲ་བའི་སྲིད་བྱུས་ལག་བསྟར་བྱེད་པའི་ལོ་རྒྱུས་ཁྲོད་དུ། ཐད་ཀར་མཚོན་ཆ་བཀོལ་ནས་ས་གནས་དེའི་གདོད་མའི་མི་རིགས་དམར་གསོད་བྱེད་པ་དང་། ཡང་ན་སྒྲ་མེད་ཀྱི་མཚོན་ཆ་སྟེ་གཡོ་སྒྱུ་ཆེ་བའི་སྲིད་བྱུས་བཏིངས་ནས་གདོད་མའི་མི་རིགས་དེ་མི་སེར་སྤེལ་མཁན་གྱི་མི་རིགས་སུ་བསྒྱུར་བའི་བྱེད་ཐབས་མི་འདྲ་སྣ་ཚོགས་ཤིག་ཡོད། དེ་དག་ལས་མཚོན་ཆའི་ལག་ལེན་གྱི་དུས་སྐབས་ནི་ཐུང་ཞིང་བཙན་དྲགས་ཆེ་ལ་སྐྱི་གཡའ་བ་ཞིག་ཡིན་མོད། དེ་ལས་ཀྱང་ཆེས་གདུག་རྩུབ་ཆེ་བ་དང་ཉེན་ཁ་ཆེ་བ་ནི་ས་ཐོག་དར་འཐག་གི་སྲིད་བྱུས་ཏེ། ས་སྐྱེ་རྡོ་སྐྱེས་ཀྱི་ཡུལ་མིའི་ཆོས་དང་རིག་གཞུང་ཁྲག་རྒྱུད་དང་བཅས་པ་ཐབས་བྱུས་འདྲ་མིན་ལ་བརྟེན་ནས་རྩ་མེད་དུ་གཏོང་བ་དེ་རེད།

དཔེར་ན་གླིང་ཆེན་ཨ་མེ་རི་ཀར་ཡོ་རོབ་པ་ཚོ་འབྱོར་བ་ནས་བཟུང་སྟེ། གླིང་དེར་མི་ལོ་སྟོང་ཕྲག་དུ་མའི་རིང་འཚོ་གནས་བྱས་པའི་གདོད་མའི་མི་རིགས་ཀྱི་བྱིས་པ་སྟོང་ཕྲག་དུ་མ་མི་དཀར་ཡེ་ཤུ་བ་ཚོའི་སློབ་གྲྭར་བཙན་ཁྲིད་བྱས་ནས། གདོད་མིའི་ཆོས་དང་རིག་གཞུང་གི་རྗེས་ཤུལ་ཅི་ཡང་མེད་པའི་ཡེ་ཤུ་བ་དབྱིན་སྐད་མ་གཏོགས་བཤད་མི་ཤེས་པ་འབའ་ཞིག་ཏུ་བསྒྱུར་པའི་ལོ་རྒྱུས་དམར་པོ་དེ་ལྟ་བུ་རེད་ལ། ཟླ་བ་གཅིག་ཙམ་གྱི་གོང་དེར། ཡེ་ཤུའི་བླ་ཆེན་པོབ་ཀྱིས་ཁ་ན་སྒྲའི་ཡེ་ཤུའི་ཆོས་ཁང་དང་སློབ་གྲྭས་གདོད་མའི་མི་རིགས་ཀྱི་བྱིས་པ་སྡེབ་གསོད་དང་མི་རིགས་བཙན་སྒྱུར་བྱས་པར་དགོངས་དག་ཞུས་པ་འཛམ་གླིང་ཡོངས་གྲགས་ཀྱི་གསར་འགྱུར་ཆགས་པ་རེད། དེ་བཞིན་ཡོ་རོབ་ཀྱི་མི་དཀར་ཚོས་གླིང་ཆེན་ཨ་རིའི་ལྷོ་བྱང་དབུས་ཁུལ་གསུམ་ལ་དབང་སྒྱུར་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་བྱས་པའི་ལོ་ཟླའི་ཁྲོད་དུ། གླིང་ཆེན་དེའི་གདོད་མའི་མི་རིགས་འདྲ་མིན་སྟོང་ཕྲག་དུ་མས་སོ་སོའི་ཕ་སྐད་མ་གདངས་བོར་ནས་དབྱིན་སྐད་དང་སི་པན་གྱི་སྐད། སྒྲ་ཆིའི་སྐད་དངཧྥ་རན་སིའི་སྐད་སོགས་ཕྱི་རྒྱལ་བཙན་འཛུལ་བའི་སྐད་ཡིག་མ་གཏོགས་མི་ཤེས་པའི་སྐྱོ་གར་ཡི་མུག་པ་འདི་བྱུང་བ་རེད། སི་པན་པ་སོགས་ཡོ་རོབ་པའི་བཙན་འཛུལ་ལ་བརྟེན་ནས་གནའ་བོའི་ལྷོ་དབུས་ཨ་མེ་རི་ཀའི་དཔལ་ཡོན་བླ་ན་མཐོ་བའི་ཨིན་ཁ་རྒྱལ་ཁམས་དང་མར་ཡན་རིག་གཞུང་ཡོངས་རྫོགས་རྩ་མེད་དུ་བཏང་བ་རེད། དེ་བཞིན་ཨོ་སི་ཁྲོ་ལི་ཡའི་གདོད་མའི་མི་རིགས་ལ་ཡོ་རོབ་མི་དཀར་བས་རིག་གཞུང་བཙན་སྒྱུར་བྱས་པ་དང་། ཡོ་རོབ་མི་དཀར་ཚོ་ཨོ་སི་ཁྲི་ལི་ཡར་མ་བསླེབས་པའི་སྔ་རོལ་ཏུ་གླིང་ཆེན་དེར་གདོད་མིའི་མི་རིགས་ཀྱིས་སྐད་རིགས་མི་འདྲ་བ་ཉིས་བརྒྱ་ལྔ་བཅུ་ལྷག་བཤད་ཀྱིན་ཡོད་ན་ཡང་། མི་དཀར་བསླེབས་ནས་བཟུང་སྟེ་དེ་རིང་ལ་ཐུག་གི་བར་དུ་སྐད་རིགས་བརྒྱ་དང་བཞི་བཅུ་ཙམ་ལས་ལ་ལྷག་ཅིང་། དེ་དག་ལས་སྐད་རིགས་བརྒྱ་དང་བཅུ་ཧ་ཅང་རྩ་བརླག་ཏུ་འགྲོ་བའི་ཉེན་ཁའི་ནང་ཚུད་ཡོད། དབྱིན་ཇི་བཙན་རྒྱལ་ཆེན་མོས་ལོ་ཉིས་བརྒྱའི་རིང་རྒྱ་གར་ལ་དབང་སྒྱུར་བྱས་པའི་རིང་རྒྱ་གར་ལ་ཁྲི་ཕྲག་མང་པོའི་ཆོས་ལུགས་བཙན་སྒྱུར་བྱས་པའི་འབྲས་བུ་དེང་སྐབས་ད་དུང་མ་ཤི་གསོན་པོར་གནས་ཡོད་ལ། རྒྱ་ནག་ལ་མཚོན་ན་ལོ་ཉིས་བརྒྱའི་རིང་མན་ཇུ་མི་རིགས་ཀྱིས་རྒྱ་མི་རིགས་ཚང་མར་རལ་བ་འཇོག་ཏུ་བཅུག་པ་དང་། ལྕགས་ཕག་ལོའི་གསར་བརྗེ་ནས་བཟུང་སྟེ་རྒྱ་རིགས་ཀྱིས་མན་ཇུ་བར་ཕྱིར་དབང་སྒྱུར་བྱས་ཏེ་མཐར་མན་ཇུ་བ་རིག་གཞུང་དང་བཅས་པ་རྒྱ་མི་རིགས་ཀྱི་ནང་དུ་ཐིམ་ནས་རྩ་མེད་དུ་སོང་བ་རེད། བྱིན་ཇུས་རྒྱ་གར་ལ་ལོ་ཉིས་བརྒྱའི་རིང་དབང་སྒྱུར་བྱས་པའི་མཇུག་འབྲས་སུ་རྒྱ་གར་ཤར་ཕྱོགས་ཀྱི་ན་ག་ལན་སྒྲུ་ཞེས་པའི་ས་གནས་ཀྱི་ཡུལ་མི་ཕལ་མོ་ཆེའི་ཆོས་ལུགས་ཡེ་ཤུར་བསྒྱུར་ཡོད་པ་དེང་སང་མིག་མཐོང་ལག་ཟིན་ཡིན་པ་ལྟ་བུའོ།།

ཁོ་བོ་བལ་ཡུལ་དུ་ལོ་ངོ་དྲུག་གི་རིང་བསྡད་པའི་ལོ་ཟླ་རིང་མོའི་ཁྲོད་དུ་མཐོང་ཞིང་ཐོས་པའི་ཉམས་མྱོང་ཞིག་བརྗོད་ན། བལ་ཡུལ་དུ་བལ་བོའི་མི་རིགས་ཧིན་དུའི་ཆོས་ལུགས་ཉམས་ལེན་པས་མི་གྲངས་ཀྱི་བརྒྱ་ཆ་དགུ་བཅུ་ཙམ་ཞིག་ཟིན་ཡོད་ལ། ཤར་པ་དང་རྟ་མང་ཡོལ་མོ་ཀློ་སྨོན་ཐང་ཙམ་ཡུལ་སོགས་ཀྱི་གྲངས་ཉུང་མི་རིགས་བོད་ཀྱི་ཆོས་དང་རིག་གཞུང་གིས་མི་རབས་མང་པོ་ཞིག་བསྐྱལ་ཟིན་པ་དག་ལ་མཚོན་ན། སྤྱི་ལོ་༡༩༥༩ ལོའི་ཡས་མས་ནས་བོད་པའི་བླ་མ་མང་པོས་བལ་བོའི་རྒྱལ་སའི་ཉེ་འཁོར་དུ་དགོན་པ་བརྒྱ་ཕྲག་མང་པོ་ཞིག་གསར་འཛུགས་ཀྱིས་བོད་བརྒྱུད་ནང་བསྟན་རིག་གཞུང་ལ་སློབ་གཉེར་བྱེད་སའི་བསྟི་གནས་དུ་མ་ཞིག་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་སུ་ཕྱིན་པ་ནི་དགའ་འོས་པའི་དོན་དངོས་ཤིག་ཡིན་ཡང་། བལ་པོའི་ཧིན་དུའི་མི་རིགས་ཚོས་བེད་སྤྱོད་བྱེད་པའི་གོར་ཁའི་སྐད་དེ་བལ་ཡུལ་རྒྱལ་ཡོངས་ཀྱི་སྤྱི་སྐད་ཡིན་པ་དང་། ཤར་པ་རྟ་མང་སོགས་གྲངས་ཉུང་མི་རིགས་ཚོ་རྒྱལ་སས་གཙོས་པའི་གྲོང་དང་གྲོང་ཁྱེར་གང་དུ་གནས་ཀྱང་བརྒྱ་ཆའི་དགུ་བཅུ་ཙམ་ཞིག་གིས་གོར་ཁའི་སྐད་ཆ་ཁོ་ན་བེད་སྤྱོད་བྱེད་པ་མིག་མཐོང་ལག་ཟིན་བྱུང་པ་དང་། བོད་པའི་བླ་མས་གསར་འཛུག་བྱས་པའི་དགོན་པའི་ནང་གི་བལ་བོའི་གྲྭ་བཙུན་ཚོས་ནང་ཆོས་དང་སུམ་རྟགས་སོགས་སློབ་དུས་བོད་ཡིག་བོད་སྐད་བེད་སྤྱོད་བྱེད་པ་མ་གཏོགས། ཚོགས་པ་དང་འཛིན་གྲྭ་གྲོལ་ནས་ཕྱི་ལོགས་སུ་བསླེབས་མ་ཐག་ལམ་སེང་གོར་ཁའི་སྐད་དམ་བལ་བོའི་སྐད་རང་གི་སྟེང་ནས་ཕན་ཚུན་སྐད་ཆ་བཤད་ཀྱིན་འདུག

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མཚོན་ན་མི་རིགས་ལྔ་བཅུ་ང་དྲུག་ཡོད་ལ། རྒྱ་མི་རིགས་ཕུད་པའི་མི་རིགས་གཞན་པ་ཚང་མ་གྲངས་ཉུང་མི་རིགས་ཏེ་ས་ཡ་བཅུའམ་ས་ཡ་ལྔ་དྲུག ཡང་ན་ས་ཡ་གཅིག་གཉིས་སམ་འབུམ་ཁ་ཤས་སོགས་ལས་གྲུབ་པ་ཤ་སྟག་ཡིན་པས། རྒྱ་མི་རིགས་ཆེན་པོའི་རིག་གཞུང་གིས་གྲངས་ཉུང་མི་རིགས་འདི་དག་ཚང་མར་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་དང་ཐེབ་བཞིན་ཡོད་ལ། བོད་མི་རིགས་ལ་མཚོན་ན་༡༩༥༨ ནས་༡༩༨༠ བར་དུ་ཆོས་དང་རིག་གཞུང་ལ་གོད་ཆག་ཚབས་ཆེན་ཐེབས། ཡིན་ཡང་༡༩༨༠ ལོ་ནས་སྲིད་ཇུས་ལྷོད་དུ་བཏང་སྟེ་བོད་རིགས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་དགོན་སྡེ་ཁག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་གཉེར་བྱེད་པའི་མཐོ་རླབས་དྲག་པོ་ཞིག་འཕྱུར་བས། སྤྱི་ལོ་ ༢༠༠༠ བར་དུ་བོད་ཀྱི་ཆོས་རིག་གཉིས་ཀའི་ཚེ་སྲོག་ལ་གཟི་འོད་འབར་བའི་རྫོགས་ལྡན་གྱི་དུས་རབས་ཤིག་བྱུང་ན་ཡང་། འདས་པའི་ལོ་ངོ་ཉི་ཤུའི་རིང་ལ་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་བོད་ཀྱི་ཆོས་དང་རིག་གཞུང་། མི་གཤིས་དང་ཁོར་ཡུག་སོགས་མདོར་ན་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་འགག་རྩའི་རང་བཞིན་ཞིག་ཏུ་བསླེབས་ཡོད། འདི་ནི་བོད་གཅིག་པོ་མ་ཡིན་པར་རྒྱ་ནག་གི་སོག་པོ་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་འདུས་སྡོད་ས་གནས་ཚང་མའི་ནང་དུ་བྱུང་དང་འབྱུང་བཞིན་པའི་གནད་དོན་ཞིག་རེད། དཔེར་ན་སློབ་གྲྭ་ཁག་ཏུ་བོད་ཡིིག་གི་ལམ་ནས་སློབ་སྦྱོང་བྱེད་པའི་གནས་རིམ་ཉུང་དུ་བཏང་བ་དང་། མི་རིགས་འདྲེས་སྒྱུར་གྱི་གོ་སྐབས་ཇེ་མགྱོགས་སུ་བཏང་བ། འབྲོག་པ་རོང་སྒྱུར་དང་རོང་བ་གྲོང་ཁྱེར་ཅན་དུ་སྒྱུར་པའི་སྲིད་ཇུས་ཀྱི་འཁོར་སྐྱོད་ཆེན་མོ་འདིའི་ཀློང་དུ་ཚུད་པའི་གྲངས་ཉུང་མི་རིགས་ཚང་མའི་ཆོས་དང་རིག་གཞུང་ལ་ཤི་གསོན་གྱི་གདམ་ཀ་རེ་སྤྲད་ཡོད།

དཔེ་མཚོན་གཞན་ཞིག་ནི་རང་རེ་ནང་པ་ཀུན་གྱིས་ནམ་ཡང་བརྗེད་ཐབས་མེད་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཏེ། ནུབ་ཕྱོགས་ཁ་ཆེའི་དམག་དཔུང་གིས་ལི་ཡུལ་དང་ཨབ་སྒན། པ་ཀི་སི་ཐན་དང་རྒྱ་གར། ཨིན་རྡུ་ཉི་ཞི་དང་མ་ལེ་ཞི་ཡ་སོགས་ཀྱི་ནང་པ་དང་ཧིན་དུའི་ཆོས་དད་པ་ས་ཡ་ཁྲི་ཕྲག་དུ་མའི་ཆོས་ལུགས་བཙན་སྒྱུར་བྱས་པའི་བུ་རབས་ཚ་བརྒྱུད་ཀྱིས་ང་ཚོར་འདས་པའི་གཏམ་རྒྱུད་འཇིགས་སུ་རུང་བ་ཞིག་ད་དུང་ཤུབ་བུར་ཟློ་བཞིན་ཡོད་པ་མ་ཡིན་ནམ། ཕ་ཀི་སི་ཕན་གྱི་མངའ་ཁོངས་སུ་ཡོད་པའི་ཨོ་རྒྱན་གྱི་ཡུལ་ཏེ་དེང་སང་དྷ་ན་ཀོ་ཤའི་ཁོངས་གཏོགས་Swat vallely ཞེས་པ་དེར་ལོ་སྟོང་ཕྲག་གི་སྔོན་དུ་ནང་བསྟན་སྤྱི་དང་ཁྱད་པར་དུ་གསང་སྔགས་ཀྱི་ཆོས་བརྒྱུད་དར་ཞིང་། རིགས་བརྒྱུད་འབྱུང་ཁུངས་ཡར་དེད་ན་ཕལ་ཆེར་སྒི་རིག་གི་དམག་དཔོན་ཨེ་ལེག་ཟན་སྒྲིར་གྱིས་རྒྱ་གར་ལ་བཙན་འཛུལ་བྱེད་སྐབས་ཀྱི་ཤུལ་ལྷགས་མི་བརྒྱུད་ནས་ཡིན་པའི་མི་རིགས་ཤིག་འཚོ་སྡོད་བྱེད་བཞིན་ཡོད་པ་དང་། དུས་རབས་བཅུ་པ་ཙམ་ནས་བཟུང་སྟེ་ཁ་ཆེའི་དམག་དཔུང་གིས་བཙན་འཛུལ་བྱས་ཏེ་ཆོས་དང་རིག་གཞུང་མི་གྲངས་དང་བཅས་པ་ལ་གཏོར་སྐྱོན་ཆེན་པོ་ཐེབས་ཤིང་། ཁྱད་པར་དུ་འདས་པའི་ལོ་བཅུ་ཕྲག་ཁ་ཤས་ནང་མི་རབས་གསར་པ་ཧ་ཅང་མང་པོ་ཞིག་གིས་རང་རང་གི་ཕ་མེས་ཀྱི་ཆོས་ལུགས་དང་རིགས་རྒྱུད་དོར་ནས་ཁ་ཆེ་བ་དང་གཉེན་སྒྲིག་གིས་ཆོས་གོས་ཆ་ལུགས་ཚང་མ་འགྱུར་བཞིན་འདུག

འདས་པའི་ལོ་བརྒྱའི་ནང་ཚུན་འཛམ་གླིང་གི་ཡུལ་གྲུ་མི་འདྲ་བའི་ནང་སྐད་རིགས་རྩ་མེད་དུ་ཕྱིན་པའི་རེའུ་མིག་ལ་གཟིགས།

 

མི་རིགས་ཀྱི་གྲུབ་ཆ་གཙོ་བོ་ནི་ཁྲག་རྒྱུན་དང་རིག་གཞུང་ཡིན་པས། སྐད་རིགས་འཇིག་པ་ནི་རིག་གཞུང་གི་ཁྲག་རྒྱུན་འཇིག་པ་ཡིན་ཞིང་། ཁྲག་རྒྱུན་འཇིག་པ་ནི་མི་ལུས་ཀྱི་སྐད་རིགས་འཇིག་པ་ཡིན། མི་རིགས་རིང་ལུགས་ནི་ཁྲག་རྒྱུན་དང་སྐད་རིགས་ཀྱིས་བསྐྲུན་ཏེ་འཕེལ་རྒྱས་སུ་ཕྱིན་པ་ཞིག་ཡིན་པས། ཁྲག་རྒྱུན་དང་སྐད་རིགས་རྩ་བརླགས་སུ་ཕྱིན་ཚེ་མི་རིགས་རིང་ལུགས་ཀྱི་འབྱུང་ཁུངས་སམ་རྨང་གཞི་ཡང་འཐོར་ཞིག་ཏུ་མི་འགྲོ་རང་འགྲོ་རེད།

དཔེར་ན་ད་ལྟ་བོད་སྡོད་དང་ཕྱིར་སྡོད་བོད་ཀྱི་མི་རབས་གསར་པ་ཞིག་གིས་རང་གི་གདོང་ལ་མཛུབ་མོ་འཛུགས་པའམ་བསམ་བློ་ནང་དུ་བསྐོར་ཏེ། རང་ཉིད་ལ་བོད་མི་ཞིག་ཡིན་པའི་ཆ་རྐྱེན་གང་དག་འདུག་དཔྱད་ན། གཤམ་གསལ་རེའུ་མིག་འདི་ནི་དཔེར་མཚོན་ནམ་ཚོད་དཔག་ཙམ་ཞིག་ཡིན་པ་མ་གཏོགས། ཞིབ་འཇུག་གནད་དུ་ཁེལ་བའི་གྲུབ་དོན་གང་ཡང་མིན།

བོད་སྡོད་མི་རབས་གསར་པ། རྒྱ་བལ་འབྲུག་གསུམ་གྱི་མི་རབས་གསར་པ། ནུབ་སྡོད་མི་རབས་གསར་པ།
བོད་སྐད་དང་རྒྱ་སྐད་ཀྱི་ཁོར་ཡུག་ནས་འཚར་ལོངས་བྱུང་། བོད་སྐད་དང་སྐད་རིགས་གཞན་པའི་ཁོར་ཡུག་ཏུ་འཚར་ལོངས་བྱུང་། སྐད་རིགས་གཞན་པའི་ཁོར་ཡུག་ཏུ་འཚར་ལོངས་བྱུང་།
བོད་ཁྲག་གཙང་མ་ཡིན་པ་ལ་དོགས་པ་ཡོད། བོད་ཁྲག་གཙང་མ་ཡིན་མིན་ལ་དོགས་པ་ཡོད། བོད་ཁྲག་གཙང་མ་ཡིན་མིན་ལ་དོགས་པ་ཡོད།
ཕལ་ཆེ་བས་བོད་སྐད་བཤད་ཤེས། ཕལ་ཆེ་བས་ཧིན་བལ་དབྱིན་གསུམ་འདྲེས་མའི་བོད་སྐད་བཤད་ཤེས།

 

ཕལ་ཆེ་བས་བོད་སྐད་བཤད་མི་ཤེས།
ཕལ་ཆེ་བས་བོད་ཡིག་འབྲི་ཀློག་ཤེས། བོད་ཡིག་འབྲི་ཀློག་གང་འཚམ་ཞིག་ཤེས།

 

བོད་ཡིག་འབྲི་ཀློག་གང་འཚམ་ཞིག་ཤེས་མཁན་རེ་ཟུང་ཡོད།
བོད་པའི་ནང་ཆོས་ལ་རྒྱུས་མངའ་དང་ཉམས་ལེན་གང་འཚམ་ཞིག་བྱེད་བཞིན་ཡོད།

 

བོད་པའི་ནང་ཆོས་ལ་རྒྱུས་མངའ་དང་ཉམས་ལེན་གང་འཚམ་ཞིག་བྱེད་བཞིན་ཡོད།

 

བོད་པའི་ནང་ཆོས་ལ་རྒྱུས་མངའ་དང་ཉམས་ལེན་བྱེད་མཁན་རེ་ཟུང་ལས་མེད།
བོད་པའི་ཆས་གོས་ཀྱང་དུས་སྐབས་ངེས་ཅན་རེར་བེད་སྤྱོད་བྱེད།

 

བོད་པའི་ཆས་གོས་ཀྱང་དུས་དྲན་དང་ལོ་གསར་སྐབས་བེད་སྤྱོད་བྱེད་མཁན་ཉུང་ཉུང་ཞིག་ཡོད།

 

  བོད་པའི་གྱོན་ཆས་གྱོན་མཁན་རེ་ཟུང་ལས་མེད།

 

བོད་ཟས་རྩམ་པ་དང་མར་ཆུར་སོགས་ཀྱང་སྐབས་རེར་བཟའ། བོད་ཟས་རྩམ་པ་དང་མར་ཆུར་སོགས་ལ་ཧ་ལམ་ཁ་བྲལ་ཟིན། བོད་ཟས་རྩམ་པ་དང་མར་ཆུར་སོགས་ལ་བཟའ་མཁན་རེ་ཟུང་ལས་མེད།
རང་ཉིད་བོད་པ་ཞིག་ཡིན་སྙམ་པའི་འདུ་ཤེས་ཡོད། རང་ཉིད་བོད་པ་ཞིག་ཡིན་སྙམ་པའི་འདུ་ཤེས་ཡོད། རང་ཉིད་བོད་པ་ཞིག་ཡིན་སྙམ་པའི་འདུ་ཤེས་ཡོད་མཁན་ཧ་ཅང་ཉུང་།
ཕལ་ཆེ་བས་བོད་རིགས་ནང་ཁུལ་གཉེན་སྒྲིག་བྱེད་རྩིས་ཡོད་ལ་རེ་བ་ཆེན་པོ་ཡོད།

 

 

ཕལ་ཆེ་བས་བོད་རིགས་ནང་ཁུལ་གཉེན་སྒྲིག་བྱེད་རྩིས་ཡོད་ལ་རེ་བ་ཕྲན་བུ་ཡོད།

 

ཕལ་ཆེ་བར་བོད་རིགས་ཤིག་དང་མཉམ་དུ་གཉེན་སྒྲིག་བྱེད་སྙམ་པའི་འདུ་ཤེས་ཧ་ཅང་དཀོན་ལ་འགྲུབ་རེ་ཡང་བྲལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese