མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་ལོག་རྒྱུག་ནས་པ་ཀི་སི་ཐན་གྱི་མི་གྲངས་ ༡༠༠༠ ལྷག་རྐྱེན་འདས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༢/༠༨/༢༩
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཆར་ཞོད་ཀྱི་རྐྱེན་གྱིས་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་པ་ཀི་སི་ཐན་དུ་ཆུ་ལོག་རྒྱུག་ནས་མི་ ༡༠༠༠ ལྷག་རྐྱེན་འདས་དང་མི་གྲངས་ས་ཡ ༣༣ ལྷག་གི་འཚོ་གནས་ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད་འདུག

In the last 24 hours, nine members of a family drowned.

འདི་ལོར་རྒྱ་གར་དང་པ་ཀི་སི་ཐན་སོགས་སུ་ཆར་ཤུགས་ཆེ་བའི་རྐྱེན་གྱིས་ཆུ་ལོག་རི་ཉིལ་བྱུང་སྟེ་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་ཐེབས་ཀྱི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ ༧ ཚེས ༡༤ ནས་ད་བར་པ་ཀི་སི་ཐན་གྱི་རྫོང་ཁག་ ༡༡༦ ལྷག་ནང་ཆུ་ལོག་ཐེངས་མང་རྒྱུག་སྟེ། མི་གྲངས་ ༡༠༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་གྲངས་ས་ཡ་ ༣༣ ཙམ་གྱི་འཚོ་གནས་ལ་གནོད་འཚེ་ཆེན་པོ་ཐེབས་བཞིན་ཡོད་འདུག་ལ། དེ་ནི་མི་ལོ་ ༡༠ ལྷག་གི་རྗེས་སུ་པ་ཀི་སི་ཐན་དུ་བྱུང་བའི་ཆུ་ལོག་གི་གནོད་འཚེ་ཆེ་ཤོས་དེ་ཡིན་འདུག

དེའི་ཐད་པ་ཀི་སི་ཐན་གྱི་གནམ་གཤིས་བརྟག་དཔྱད་ཁང་གི་འགན་འཛིན་ཤི་རི་རཱ་མེན (sherry Rehman)གྱིས། པ་ཀི་སི་ཐན་དུ་མི་ལོ་བཅུ་ཕྲག་གཅིག་ལྷག་གི་རྗེས་སུ་ཆེས་གནོད་འཚེ་ཆེ་བའི་རང་བྱུང་གི་གོད་ཆག་ཅིག་བྱུང་བ་མ་ཟད། པ་ཀི་སི་ཐན་གྱི་ལྷོ་རྒྱུད་དུ་ཆུ་ལོག་གི་གནོད་འཚེ་ཆེན་པོ་ཐེབས་ཏེ། མི་གྲངས་མང་པོ་ཞིག་གནས་སྤོར་བྱ་དགོས་ཁེལ་ཡོད་སྟབས། རས་གུར་ས་ཡ་གཅིག་ལྷག་ཕུབ་ནས་རོགས་སྐྱོར་བྱེད་མུས་ཡིན་སྐོར་དང་།  པ་ཀི་སི་ཐན་གྱི་བློན་ཆེན་ལས་ཁུངས་ཀྱིས། པ་ཀི་སི་ཐན་གྱི་ལྷོ་ཕྱོགས་ཀྱི་བྷ་ལུ་ཆུ་སི་ཐན( Balochistan) ཞིང་ཆེན་ཚུད་པའི་ལྷོ་ཕྱོགས་ཀྱི་ས་ཁུལ་ཁག་ཏུ་མྱུར་སྐྱོབ་མི་སྣ་འགྲེམས་འཇོག་བྱས་ཡོད་པ་མ་ཟད། ཆུ་ལོག་གིས་གནོད་འཚེ་ཐེབས་པའི་ས་ཁུལ་དུ་སྐྱེལ་འདྲེན་དང་། ཟས་དགོས་གནས་མལ་སོགས་ཀྱིས་རོགས་འདེགས་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

པ་ཀི་སི་ཐན་དུ་ལོ་ལྟར་ཟླ་བ་ ༨ རིང་ཆར་པ་བབ་ཀྱི་ཡོད་པ་ལྟར། འདས་པའི་ཆུ་ཚོད་ ༢༤ རིང་ཆུ་ལོག་གི་རྐྱེན་གྱིས་མི་གྲངས ༡༡༩ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་གྲངས ༧༡ ལ་རྨས་སྐྱོན་ཚབས་ཆེན་ཐེབས། དེ་བཞིན་ཟླ་འདིའི་ཕྱི་ཚེས ༢༥ ཉིན་གཅིག་པུར་པ་ཀི་སི་ཐན་གྱི་ལྷོ་རྒྱུད་ཁུལ་དུ་གཞུང་ལམ་སྤྱི་ལེ་ ༩༣ ལྷག་དང་དུད་ཚང་ ༨༢༠༠༠ ལྷག་གི་ཁང་པ་རྩ་མེད་དུ་ཕྱིན་འདུག་ལ། འདི་ལོའི་ཆར་ཞོད་རྐྱེན་གྱིས་པ་ཀི་སི་ཐན་གྱི་མི་འབོར་བརྒྱ་ཆ་ ༡༥ ལྷག་ལ་ཆུ་ལོག་གི་གནོད་འཚེ་ཐེབས་ཡོད་འདུག

Displaced people wade through a flooded area in Peshawar, Khyber Pakhtunkhwa, Pakistan on Saturday.

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུལ་སྐོར་སྤྲོ་འཆམ་པའི་ས་ཚིགས་སུ་གྱུར་བའི་པ་ཀི་སི་ཐན་ནུབ་བྱང་ཁུལ་གྱི་མན་ནུན( Manoor ) ལུང་གཤོངས་སུ་ཆུ་ལོག་གི་རྐྱེན་གྱིས་བྱིས་པ་དང་བུད་མེད་ཚུད་པའི་མི་གྲངས ༡༥ ལྷག་རྐྱེན་འདས་སུ་གྱུར་ཡོད་པ་དང་། ལུང་གཤོངས་དེར་འགྲོ་སའི་ཟམ་པ་གཉིས་ཆུས་འཁྱེར་ཡོད་སྟབས། གནས་དེར་ཡོད་པའི་མི་མང་གིས་གཞུང་སྒེར་ཁག་གི་རོགས་རམ་དང་། ཟས་གོས་གནས་མལ་གྱི་རོགས་རམ་ཡོང་བར་རེ་སྒུག་བྱེད་ཀྱི་ཡོད་འདུག ཁོང་ཚོས་གཞུང་འབྲེལ་མི་སྣ་དང་ཆབ་སྲིད་པ་མང་པོ་ཞིག་གནས་དེར་ཡོང་ཡོད་ཀྱང་། པར་དང་བརྙན་སོགས་བླངས་ནས་ཕྱིར་ལོག་པ་ལས་རོགས་འདེགས་བྱས་མེད་སྐོར་འགྲེལ་བརྗོད་བྱས་འདུག

འདི་ལོའི་ཕྱི་ཟླ ༧ ནས་པ་ཀི་སི་ཐན་དུ་ཆར་ཞོད་ཀྱི་རྐྱེན་གྱིས་ཆུ་ལོག་མང་པོ་རྒྱུག་སྟེ་མི་གྲངས་ ༡༠༠༠ ལྷག་རྐྱེན་འདས་སུ་གྱུར་ཡོད་པ་དང་། གཞུང་ལམ་སྤྱི་ལེ་ ༣༠༠༠ ལྷག་ལ་གས་ཆག་ཤོར་ཏེ་ཟམ་པ་ ༡༣༠ རྩ་མེད་དུ་གྱུར་ཡོད་པ་མ་ཟད། དུད་ཁྱིམ ༤༩༥༠༠༠ ལྷག་གི་ཁང་པ་རྩ་མེད་དུ་གྱུར། ཁྱོན་མི་གྲངས་ས་ཡ་ ༣༣ ལྷག་གི་འཚོ་གནས་ལ་དོ་ཕོག་ཆེན་པོ་བྱུང་བའི་ཁྲོད། མི་གྲངས་འབུམ ༡ དང་ཁྲི ༨ ལྷག་གི་སྡོད་གནས་སོགས་སུ་གཏོར་སྐྱོན་ཚབས་ཆེན་ཐེབས་ཏེ། ངལ་སེལ་ལྟེ་གནས་སུ་རས་གུར་ཕུབ་ནས་བསྡད་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༣ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༨ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese