མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲེལ་ལམ་དང་ཞུ་གཏུག་གནང་ཕྱོགས་ཀྱི་ཟབ་སྦྱོང་མགོ་འཛུགས་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༨/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་བྱེད་ ༢༢ ལ་ཉིན་གྲངས་གསུམ་རིང་འབྲེལ་ལམ་དང་ཞུ་གཏུག་གནང་ཕྱོགས་སྐོར་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་འབྲེལ་ལམ་དང་ཞུ་གཏུག་གནང་ཕྱོགས་ཀྱི་ཟབ་སྦྱོང་བསྡུས། ༢༠༢༢།༠༨།༢༩ པར་དུས་བབ།

ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་གོ་སྒྲིག་འོག དེ་རིང་ནས་ཉིན་གསུམ་རིང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་འབྲེལ་ལམ་དང་ཞུ་གཏུག་གནང་ཕྱོགས་ཀྱི་ཟབ་སྦྱོང་ཞིག་མགོ་འཛུགས་གནང་སོང་བ་དང་། ཐེངས་འདིའི་ཟབ་ཁྲིད་པ་ནི་རྒྱ་གར་གྱི་གསར་འགོད་པ་ཝི་ཤལ་ཨཱ་རོ་རཱ་ (Vishal Arora) ལགས་དང་ཧར་ཤི་ཏ་རཱ་ཐོར་ (Harshita Rathore) ལགས་གཉིས་ཡིན་ཞིང་། ཟབ་སྦྱོང་ནང་དུ་ཕྱི་དྲིལ་ལས་ཁུངས་དང་བོད་ཀྱི་འགྲེམ་སྟོན་ཁང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་། ཚོགས་དྲུང་ལས་ཁུངས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། བོད་ཀྱི་རྩོད་རྙོག་འདུམ་འགྲིག་ཁང་། འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་མི་གྲངས་ ༢༢ ཙམ་གྱིས་མཉམ་ཞུགས་བྱས་འདུག

ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས།  ཐེངས་འདིའི་ཟབ་སྦྱོང་ནི་འབྲེལ་ལམ་དང་ཞུ་གཏུག་གནང་ཕྱོགས་ཐད་ལ་དམིགས་ཡོད་པ་རེད། རྒྱུ་མཚན་ནི། ཁྱེད་རང་ཚོས་ཤེས་གསལ་ལྟར་སྐབས་བཅུ་དྲུག་པའི་བཀའ་ཤག་འོག་ནས་དྭང་བླངས་བོད་དོན་ཞུ་གཏུག་ཚན་པའི་ལས་འགུལ་གསར་པ་ཞིག་མགོ་བཙུགས་ཡོད་པ་དང་། དེའི་མངོན་འདོད་བསྒྲུབ་པར་བོད་དོན་ཞུ་གཏུག་ཚན་པ་ཡོད་ཅིང་། དེ་གོ་ལ་ཡོངས་སུ་བོད་དོན་ལས་འགུལ་གྱི་ནུས་པ་གོང་འཕེལ་གཏོང་བར་དམིགས་པ་དང་། ཕྱི་དྲིལ་ལས་ཁུངས་ནས་བོད་གཞུང་དང་བོད་པའི་སྤྱི་ཚོགས་ཁག་ལ་འབྲེལ་བ་བྱེད་དགོས་ཀྱི་ཡོད་པར་བརྟེན་མཉམ་ཞུགས་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། འབྱུང་འགྱུར་ཟབ་སྦྱོང་དེ་རིགས་གང་མང་ཡོང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད། ༢༠༢༢།༠༨།༢༩ པར་དུས་བབ།

ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། ཕྱི་དྲིལ་ལས་ཁུངས་ཀྱི་ཚབ་ཞུས་ནས་ཝི་ཤལ་ཨཱ་རོ་རཱ་ལགས་དང་ཧར་ཤི་ཏ་རཱ་ཐོར་ལགས་གཉིས་ཀྱིས་ལྡི་ལི་ནས་ཆེད་དུ་ཟབ་སྦྱོང་སྤྲོད་དུ་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འབྲེལ་ལམ་གནང་སྟངས་ནི་སྒྱུ་རྩལ་ཞིག་ཡིན་པ་དང་དེའི་སྐོར་ལ་སྦྱང་དགོས་ཀྱི་ཡོད་པ་རེད། གཞན་ལ་འབྲེལ་བ་བྱེད་པའི་སྐབས་སུ་གནད་དུ་འཁེལ་བ་དང་སྙིང་བསྡུས། དེ་བཞིན་གཞན་གྱིས་དོན་རྟོགས་པ་ཞིག་དགོས་ཀྱི་ཡོད་སྐོར་དང་། ཐེངས་འདིའི་ཉིན་གསུམ་རིང་གི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་ཁེ་ཕན་ཡོད་པའི་ཡིད་ཆེས་ཡོད་སྐོར། བོད་དོན་ཞུ་གཏུག་ཚན་པས་གོ་ལ་ཡོངས་སུ་གནས་སྡོད་བྱེད་མཁན་གྱི་བོད་མི་ཡོངས་ལ་འབྲེལ་བ་འཇོག་པའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། གཞོན་སྐྱེས་ཚོར་ཞུ་གཏུག་གི་རྒྱབ་ལྗོངས་ལོ་རྒྱུས་ཐོག་ལ་གོ་རྟོགས་མེད་སྲིད་པས། གཞོན་སྐྱེས་རྣམས་ལ་གོ་རྟོགས་སྤེལ་རྒྱུའི་སླད་དུ་ཟབ་སྦྱོང་གོ་སྒྲིག་ཞུ་ཡོད་པ་རེད། དེར་བརྟེན་ཚང་མ་ལ་ཁེ་ཕན་ཡོང་བའི་རེ་བ་ཡོད་སྐོར་སོགས་གསུངས་སོང་།

དེ་རིང་ཞུ་གཏུག་གི་སྐོར་དང་བསྒྲགས་གཏམ། གསར་འགོད་གསལ་བསྒྲགས་འབྲི་སྟངས་སྐོར་ལ་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་དང་། སང་ཉིན་ཕྱི་ཚེས་ ༣༠ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་འགྲེམ་སྤེལ་བྱ་རྒྱུ་དང་། གསར་ཁང་གི་འབྲེལ་ལམ་རྒྱུན་འཛིན་ཐུབ་པ། བཅར་འདྲི་བྱེད་ཚུལ་སོགས་ཀྱི་སྐོར་ལ་སྦྱོང་བརྡར་སྤྲོད་རྒྱུ་དང་། ཕྱི་ཚེས་ ༣༡ ཉིན་ཞུ་གཏུག་གི་ལས་འགུལ་འདིའི་ནང་པར་རིས་དང་སྒྲ། ཡི་གེ། བརྙན་སོགས་བེད་སྤྱོད་བྱེད་སྟངས་སོགས་བསླབ་རྒྱུ་ཡིན་འདུག

ཐེངས་འདིའི་ཟབ་ཁྲིད་པ་ཝི་ཤལ་ཨཱ་རོ་རཱ་ (Vishal Arora) ལགས་ནི་གསར་འགོད་ལས་རིགས་ཐོག་ལོ་ངོ་ ༢༠ ལྷག་གི་མཉམ་མྱོང་ཡོད་པའི་གསར་འགོད་པ་ཞིག་ཡིན་ཞིང་། ཁོང་གིས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོར་འབྲེལ་མོལ་གནང་སྟངས་སྐོར་ཟབ་ཁྲིད་གནང་མྱོང་ཡོད་འདུག དེ་བཞིན་ཟབ་ཁྲིད་པ་ཧར་ཤི་ཏ་རཱ་ཐོར་ (Harshita Rathore) ལགས་ཀྱང་གསར་འགོད་པ་ཞིག་ཡིན་ཞིང་། ཁོང་མོས་གསར་འགྱུར་ཆེད་ལས་པ་དང་གསར་འགོད་པའི་སློབ་ཕྲུག་གྲངས་ ༥༠༠ ལྷག་ལ་གསར་འགོད་ལས་རིགས་སྐོར་ཟབ་ཁྲིད་གནང་མྱོང་ཡོད་འདུག

 གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༢ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese