མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་ཀྱི་ཡུ་གུར་གནད་དོན་དང་འབྲེལ་བའི་སྙན་ཐོ་གཞི་ནས་ཕྱིར་བསྒྲགས་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་མི་ཤེལེ་བྷ་ཤེ་ལེཌིའི་ལས་ཡུན་རྫོགས་པའི་ཉིན་མོ་དང་བསྟུན་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ནང་གཟིགས་ཞིབ་ཏུ་ཕྱིན་པའི་སྙན་ཐོ་གཞི་ནས་ཕྱིར་བསྒྲགས་བྱས་ཡོད་འདུག

A person stands in a tower on the perimeter of the No. 3 Detention Center in Dabancheng in western China’s Xinjiang Uyghur Autonomous Region on April 23, 2021.

ཁ་སང་ཕྱི་ཚེས་ ༣༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས། འདི་ལོའི་ཕྱི་ཟླ་ ༥ པའི་ནང་བདུན་ཕྲག་གཅིག་ཙམ་རིང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་གཟིགས་ཞིབ་ཏུ་ཕེབས་པ་དང་འབྲེལ་བའི་ཤོག་གྲངས་ ༤༥ ཅན་གྱི་སྙན་ཐོ་ཞིག་བཏོན་ཡོད་ཀྱང་།  སྙན་ཐོའི་ནང་དེ་སྔོན་ཡོངས་གྲགས་ཆགས་པའི་གནས་ཚུལ་ཙམ་ལས་མེད་པ་མ་ཟད། ཡུ་གུར་མི་རིགས་རྩ་མེད་ཅེས་པའི་ཚིག་དེ་བེད་སྤྱོད་བྱས་མེད་འདུག

སྙན་ཐོའི་སྐོར་ལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས། སྙན་ཐོ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་མཁོ་སྤྲོད་བྱས་པའི་ཡིག་ཆ་དག་ལ་བསྐྱར་ཞིབ་ནན་མོ་བྱས་ཤིང་། འགྲོ་བ་མིའི་གཞི་རྩའི་ཁེ་དབང་སྲུང་སྐྱོབ་ཀྱི་ཁྲིམས་ལྟར་ཐག་གཅོད་བྱུང་བ་ཞིག་ཡིན་སྐོར་དང་། རྒྱ་ནག་གི་ཁྲིམས་ལུགས་དང་། ཆབ་སྲིད། ཡིག་ཚགས་བཅས་ལ་དམིགས་བསལ་དོ་ནན་ཞིབ་བསྡུར་བྱས་ཡོད་པ་མ་ཟད། གོ་རིམ་མང་པོ་བརྒྱུད་ནས་རྒྱ་ནག་དང་མཉམ་དུ་གྲོས་མོལ་དང་ཐབས་ཇུས་བརྗེ་རེས་བྱེད་པའི་དགོས་འདུན་ཡང་བཏོན་ཡོད་ཚུལ་བསྒྲགས་ཡོད་ཀྱང་། སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ཡུ་གུར་ནང་ཁྲིམས་འགལ་བྱ་སྤྱོད་སྤེལ་བཞིན་ཡོད་པ་ཙམ་ལས། རྒྱལ་སྤྱིའི་ཐོག་ཡོངས་ཁྱབ་ཏུ་བེད་སྤྱོད་གཏོང་བཞིན་པའི་ཡུ་གུར་མི་རིགས་རྩ་མེད་གཏོང་བ་ཞེས་པའི་ཚིག་དེ་བེད་སྤྱོད་བྱས་མེད་འདུག ཡང་རྒྱལ་ཚོགས་ཀྱི་སྙན་ཐོ་དེའི་ནང་དུ། རྒྱ་ནག་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱིས་བཀག་ཉར་འཛིན་བཟུང་བྱས་ཡོད་པའི་ཡུ་གུ་བ་རྣམས་འཕྲལ་མར་ཀློད་གྲོལ་གཏང་དགོས་པ་མ་ཟད། རང་ཁྱིམ་མུ་མཐུད་རྟོག་ཞིབ་དང་མི་རིགས་དབྱེ་འབྱེད་རིགས་བྱེད་མི་ཆོག་པའི་འབོད་སྐུལ་བྱས་འདུག

རྒྱལ་ཚོགས་ཀྱིས་སྙན་ཐོ་དེ་ཕྱིར་བསྒྲགས་བྱས་ནས་ཆུ་ཚོད་འགའི་རྗེས་སུ། རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པ་ཀྲའོ་ལི་ཅིན་དང་། རྒྱལ་ཚོགས་ནང་ཡོད་པའི་རྒྱ་ནག་གི་འཐུས་ཚབ་ཀྲང་ཅིན་ཐོང་ཟེར་བ་དེས། རྒྱལ་ཚོགས་ཀྱི་སྙན་ཐོ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ལ། དེའི་ཐད་རྒྱ་ནག་གཞུང་གི་ལངས་ཕྱོགས་ཐེངས་མང་གསལ་སྟོན་བྱས་ཡོད་ལུགས་དང་། སྙན་ཐོ་དེ་ནི་ཨ་མེ་རི་ཁ་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཉུང་ཤོས་ཤིག་གིས་ཇུས་འགོད་བྱས་པའི་གཞི་མེད་སྐྱོན་འཛུགས་ཤིག་ཡིན་ལ། རྒྱལ་ཚོགས་འགྲོ་བ་མིིའི་ཐོབ་ཐང་ལྷན་ཚོགས་ཀྱིས་སོ་སོའི་ཁྲིམས་སྒྲིག་ལ་རྡོག་རོལ་བཏང་སྟེ། ཚོགས་ཁོངས་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་བྱུས་བྱས་ནས་ཡུ་གུར་གནད་དོན་ཞེས་པའི་མིང་ཐོག་ནས་རྒྱ་ནག་ལ་གཞི་མེད་སྐྱོན་འཛུགས་དང་། རྒྱ་ནག་གི་འཕེལ་རྒྱས་བརྟན་བརླིང་ལ་གཏོར་བརླག་གཏོང་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་འདུག་པ་མ་ཟད། དེ་སྔོན་བཏོན་ཟིན་པའི་ཡུ་གུར་དང་འབྲེལ་བའི་ཡིག་ཆ་ཤོག་ངོས་ ༡༣༡ ལྷག་ཅན་དེ་བསྐྱར་བསྒྲགས་བྱས་ཡོད་འདུག

UN human rights commissioner Michelle Bachelet arrives in China for Xinjiang visit

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེ་ནི་ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་ད་ལོའི་ཕྱི་ཟླ་ ༥ བར་གྱི་ཡུ་གུར་གྱི་གནད་དོན་སྐོར་གྱི་སྙན་ཐོ་ཞིག་ཡིན་པ་དང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༣ ནས་ ༢༨ བར་རྒྱ་ནག་གཞུང་གི་གོ་སྒྲིག་འོག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་མི་ཤེལེ་བྷཤེ་ལེཌི་(Michelle Bachelet)ལགས་ཀྱིས་སྣེ་འཁྲིད་པའི་ཚོགས་ཆུང་ཞིག་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་ཆེད་དུ་གཟིགས་ཞིབ་ཏུ་ཕེབས་རྗེས་བཏོན་པ་ཞིག་ཡིན་ཡང་། གཟིགས་སྐོར་གྲུབ་རྗེས་དུས་ཐོག་ཏུ་སྙན་ཐོ་འདོན་ཐུབ་མེད་པར་བརྟེན། རྒྱལ་སྤྱིའི་འགྲོ་བ་མིའི་ཚོགས་སྡེ་ཁག་ནས་ལྕམ་མེ་ཤེལེ་ལགས་སུ་སྐྱོན་བརྗོད་མང་པོ་བྱས་ཡོད་པ་རེད། ཁོང་མོས་ཕྱི་ཟླ་ ༨ ཚེས་ ༣༠ ནས་འགན་འཛིན་གྱི་ལས་ཡུན་རྫོགས་ཀྱི་ཡོད་པས། དེའི་སྔོན་ལ་སྙན་ཐོ་ཕྱིར་བསྒྲགས་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་ཀྱང་། ཉེ་སྔོན་ཕྱི་ཟླ་ ༨ ཚེས་ ༢༥ ཉིན་གྱི་གསར་འགོད་གསལ་བསྒྲགས་ཐོག མི་ཤེལེ་ལགས་ཀྱིས་རྒྱ་ནག་དང་དེའི་ཕྱོགས་གཏོགས་རྒྱལ་ཁབ་ ༤༠ ལྷག་ནས་སྙན་ཐོ་དེ་འདོན་རྒྱུར་གནོན་ཤུགས་སྤྲད་ཡོད་སྐོར་བརྗོད་ཡོད་པ་རེད།

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese