མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡ་རབས་བཟང་སྤྱོད་ལྡན་པའི་སློབ་མ་ཚད་ལྡན་ཞིག་སྐྱེད་སྲིང་གནང་རྒྱུ་ནི་དགེ་རྒན་ཡོངས་ཀྱི་འགན་འཁྲི་ཡིན།

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དགེ་རྒན་གྱི་ཉིན་མོ་དང་བསྟུན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བོད་མིའི་སློབ་གྲྭ་ཁག་གི་དགེ་རྒན་ཡོངས་ལ་འཚམས་འདྲི་དང་སྦྲགས་སློབ་ཁྲིད་ཀྱི་ཞོར་དུ་རྒན་ལགས་རྣམ་པས་རང་ཉིད་ཀྱང་ཡར་རྒྱས་གཏོང་ཐབས་གནང་དགོས་སྐོར་གྱི་ཡོངས་ཁྱབ་གསུང་འཕྲིན་ཞིག་གནང་འདུག

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༢། ༣། ༡༧

ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༥ སྟེ། རྒྱ་གར་གྱི་སྲིད་འཛིན་ཟུར་པ་དམ་པ་ཌོག་ཊར་རཱ་དྷཱ་ཁིར་ཤའི་ནན་(Dr Radhakrishnan) མཆོག་གི་འཁྲུངས་སྐར་དང་བསྟུན་དགེ་རྒན་གྱི་ཉིན་མོ་སྲུང་གཙི་བྱེད་ཀྱི་ཡོད་པ་ལྟར། དེ་རིང་དགེ་རྒན་གྱི་ཉིན་མོར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བོད་ཀྱི་སློབ་གྲྭ་ཁག་གི་དགེ་རྒན་ཡོངས་ལ་འཚམས་འདྲིའི་གསུང་འཕྲིན་ནང་། རྒྱལ་ཁབ་ཅིག་གི་འཛུགས་སྐྲུན་ནི་མི་མང་གི་ཤེས་རིག་གི་དཔལ་ཡོན་ལ་རག་ལས་ཡོད་ཅིང་། མང་ཚོགས་ཀྱི་ཤེས་རིག་ནི་དགེ་རྒན་ལ་རག་ལས་ཡོད་སྟབས། དགེ་རྒན་ནི་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་གི་འཛུགས་སྐྲུན་གྱི་ཁྲོད་དུ་ཆེས་བླ་ན་མེད་པའི་མི་སྣ་གལ་ཆེན་ཞིག་ཡིན་པ་རེད། གལ་ཏེ་མི་བུ་གང་ཞིག་གིས་དགེ་རྒན་གྱི་ལས་ལ་གཞོལ་ཚེ། ལྷག་བསམ་རྣམ་དག་གིས་འབད་འབུངས་ལྷོད་མེད་བྱ་དགོས་ཤིང་། ཤེས་ཡོན་སྲིད་བྱུས་ནང་ “དགེ་རྒན་རྣམས་ཕྱིའི་མཚན་ཉིད་ཤེས་ཚད་དང་ཉམས་མྱོང་རྣམས་དེང་རབས་ཀྱི་ཤེས་ཡོན་རིག་པའི་གཞུང་ནས་བྱུང་བ་ལྟར་དང་། ནང་གི་མཚན་ཉིད་བསམ་པའི་འཁྱེར་སོ་སོགས་བོད་ཀྱི་སྲོལ་རྒྱུན་རིག་པའི་གཞུང་ནས་བྱུང་བ་ལྟར་ཕྱི་ནང་གཉིས་ཀའི་མཚན་ཉིད་ཚང་བ་” དགོས་ཞེས་གསལ་བ་ལྟར། དགེ་རྒན་ཚོས་ཕྱི་ནང་གཉིས་ཀྱི་ཁྱད་ཆོས་ཚད་ལྡན་ཚང་བར་འབད་བརྩོན་གནང་དགོས་སྐོར་གསུངས་འདུག

ཡང་ཁོང་མོས་“འབར་བཞིན་པའི་སྒྲོན་མེ་ཞིག་གིས་མ་གཏོགས་སྒྲོན་མེ་གཞན་ཞིག་ལ་མེ་སྤར་མི་ཐུབ་པ་བཞིན་དུ་དགེ་རྒན་རང་ཉིད་ཀྱི་ངོས་ནས་སློབ་གཉེར་མུ་མཐུད་མ་གནང་ཚེ་སློབ་ཁྲིད་ཡང་དག་པ་ཞིག་བྱེད་མི་ཐུབ།” ཅེས་པ་ཇི་བཞིན་དགེ་རྒན་ཚོས་ཀྱང་སློབ་ཞོར་དུ་རང་དགོས་ཤེས་བྱའི་གནས་ལ་འབད་འབུངས་བྱས་ཏེ། སློབ་མ་རྣམས་ལ་སློབ་ཁྲིད་བྱས་པའི་གོ་རིམ་གྱི་ཁྲོད་ནས་ཡར་རྒྱས་གཏོང་ཐབས་བྱ་དགོས་པ་དང་། སློབ་སྦྱོང་ཞན་པའི་སློབ་མ་རྣམས་སྣང་མེད་དུ་བཞག་མི་ཉན་པར། དེ་དག་ལ་དམིགས་བསལ་གྱིས་དུས་ཚོད་བཏང་ནས་ཡར་རྒྱས་གཏོང་ཐབས་སུ་ལམ་སྟོན་དང་རོགས་འདེགས་བྱ་དགོས་སྐོར་གསུངས་འདུག

ཡང་ཤེས་རིག་བཀའ་བློན་མཆོག་གིས་དགེ་རྒན་གྱི་ཉིན་མོ་དང་བསྟུན་ནས། བོད་རིགས་དགེ་རྒན་ཚོས་སློབ་ཁྲིད་ཀྱི་རིག་པ་དང་། སློབ་ཁྲིད་ཀྱི་ཐབས་ལམ་ཐད་རྒྱུས་མངའ་གཏིང་ཟབ་དགོས་རྒྱུ། རང་རྒྱུད་ལ་དཔེ་ཀློག་གི་གོམས་གཤིས་འཇགས་ཐབས། དགེ་རྒན་གཞན་དག་ཚོས་སློབ་ཁྲིད་གནང་སྟངས་ལ་གཟིགས་ནས་ལེགས་ཉེས་ཀྱི་ཆ་ཇི་ཡོད་ཤེས་རྟོགས་དགོས་པ། སློབ་ཁྲིད་གནང་སྟངས་ཀྱི་ཐབས་ལམ་འདྲ་མིན་ཐད་བསམ་བློ་གཏོང་དགོས་པ། དཀའ་ངལ་ཅན་གྱི་ཕྲུ་གུ་རྣམས་ངོ་རྟགས་ཆོད་པ་གནང་དགོས་པ། དགེ་རྒན་ཚོས་སློབ་ཕྲུག་རྣམས་ལ་འཕྲོད་བསྟེན་དང་། བཟང་སྤྱོད། སེམས་མྱོང་གོང་འཕེལ་གཏོང་སྟངས་ཐོག་སློབ་སྟོན་གནང་སྟེ། དགེ་སློབ་བར་དུ་འབྲེལ་ལམ་སྲ་བརྟན་བཙུགས་ནས་བོད་རིགས་སློབ་མ་ཚད་ལྡན་སྐྱེད་སྲིང་བྱ་དགོས་པའི་ལམ་སྟོན་གནང་འདུག

གཞན་ཡང་། བཀའ་བློན་མཆོག་ནས་སློབ་མ་རྣམས་ཀྱི་ཤེས་ཡོན་ནི་དཔེ་དེབ་གཅིག་པུ་ནས་ཡོང་ཐབས་བྲལ་བས། དགེ་རྒན་ཚོས་སློབ་མ་རྣམས་ཀྱི་ཀུན་སྤྱོད་སོགས་ལ་དོ་སྣང་དགོས་པ་དང་། སློབ་ཕྲུག་བྱེ་བྲག་པ་རེ་རེའི་ནུས་པ་དེ་དག་ཤེས་པ་བགྱིས་ནས་དེར་མུ་མཐུད་དུ་གཞོལ་དགོས་པའི་སྐུལ་མ་གནང་དགོས་པ་དང་། བོད་ཀྱི་མ་འོངས་པའི་སོན་རྩར་གྱུར་བའི་སློབ་མ་རྣམས་ལ་དེང་རབས་ཀྱི་ཤེས་བྱའི་རིག་པའི་གནས་ལ་ཕྱུག་ཅིང་། ཡ་རབས་བཟང་སྤྱོད་ལྡན་པའི་སློབ་མ་ཚད་ལྡན་ཞིག་ཆགས་རྒྱུར་སྒོ་ཀུན་ནས་འབད་བརྩོན་ཧུར་བརྩོན་བྱ་རྒྱུ་ནི་བོད་མིའི་སློབ་གྲྭ་ཁག་གི་དགེ་རྒན་ཀུན་གྱི་ཟློག་ཐབས་བྲལ་བའི་འགན་འཁྲི་ཞིག་ཡིན་སྐོར་གསུངས་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༩ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༠ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese