མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཡུལ་གྱི་སྲིད་བློན་གསར་པ་འོས་འདེམས་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཇིའི་རྙིང་ཞེན་སྲིད་དོན་ཚོགས་པའི་ཚོགས་མི་གཉིས་ཀྱི་བར་སྲིད་བློན་གྱི་དངོས་གཞིའི་འོས་འགྲན་བྱས་ཏེ། ལྕམ་ལེ་ཛི་ཊི་རོ་སི་ལགས་དབྱིན་ཡུལ་གྱི་སྲིད་བློན་གསར་བར་འདེམས་ཐོན་བྱུང་ཡོད་ཅིང་། མོ་ནི་དབྱིན་ཇིའི་ལོ་རྒྱུས་ནང་གི་བུད་མེད་སྲིད་བློན་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་འདུག

Liz Truss in London on Monday after it was announced she had won the contest to become Britain’s next prime minister. Colleagues speak of her nerve, drive and appetite for disruptive politics.Credit…Hannah Mckay/Reuters

ཁ་སང་ཕྱི་ཚེས་ ༥ ཉིན་དབྱིན་ཇིའི་སྲིད་བློན་གྱི་འོས་བསྡུའི་གྲུབ་འབྲས་ཡོངས་བསྒྲགས་བྱས་པའི་ཁྲོད། རྙིང་ཞེན་སྲིད་དོན་ཚོགས་པའི་ཚོགས་མི་སྐུ་ཞབས་རཱི་ཤེ་སའོ་ནག་ (Rishi Sunak) ལགས་སུ་འོས་གྲངས་ ༦༠༣༩༩ འཐོབ་པ་དང་ཆབ་སྲིད་ཚོགས་པ་དེའི་མགོ་ཁྲིད་ལྕམ་ལེ་ཛི་ཊི་རོ་སི་(Liz Truss) ལགས་སུ་འོས་གྲངས་ ༨༡༣༢༦ འཐོབ་སྟེ། ལྕམ་ལེ་ཛི་ཊི་རོ་སི་ལགས་དབྱིན་ཡུལ་གྱི་སྲིད་བློན་གསར་པ་དང་དབྱིན་ཇིའི་ལོ་རྒྱུས་ནང་གི་བུད་མེད་སྲིད་བློན་གསུམ་པ་བཅས་ཆགས་ཀྱི་ཡོད་འདུག་ལ། ད་རེས་ཁོང་གི་གལ་འགངས་ཆེ་བའི་བློན་ཆེན་རིམ་པའི་ཁྲོད་མི་རིགས་དཀར་པོའི་རིགས་རྒྱུད་ཀྱི་སྐྱེས་པ་གཅིག་ཀྱང་བསྐོ་གཞག་བྱ་རྒྱུ་མིན་སྐོར་བརྗོད་ཡོད་འདུག

ཁ་སང་ལྕམ་ལེ་ཛི་ཊི་རོ་སི་ལགས་ཀྱིས་སྲིད་བློན་འོས་འགྲན་གྱི་རྒྱལ་ཁའི་གཏམ་བཤད་སྤེལ་སྐབས། དེང་སྐབས་འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་དབྱིན་ཡུལ་ནང་གློག་ཆས་དང་རྫས་འགྱུར། ནུས་ཤུགས་སོགས་ཀྱི་རིན་གོང་འཕར་བཞིན་པ་འགོག་སྲུང་བྱ་རྒྱུ་མ་ཟད། དབྱིན་ཇིའི་ནང་དཔྱ་ཁྲལ་སྤོར་གཅོག་གི་གོམ་སྟབས་ཤུགས་ཆེན་སྤོས་ཏེ། དབྱིན་ཇིའི་དཔལ་འབྱོར་ཉམས་རྒུད་སྲུང་སྐྱོབ་དང་ཚོང་ལས་དར་འཕེལ་གྱི་ཕྱོགས་སུ་བསྐྱོད་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་པ་རེད།

ཡུ་རོབ་མཐུན་ཚོགས་ཀྱི་ཚོང་དོན་སྒྲིག་འཛུགས་ཀྱི་སྲིད་འཛིན་ལྕམ་ལེ་ཡན་ (Leyen) ལགས་དང་འཇར་མན་སྲིད་བློན་ལཱ་ཧྥི་ (Olaf Scholz) ལགས། དེ་བཞིན། ཨོ་གླིང་སྲིད་བློན་ཨན་ཐོ་ནེ་ (Anthony Albanese) དང་རྒྱ་གར་སྲིད་བློན་མུ་དྷི་སོགས་ནས་ལྕམ་ལེ་ཛི་ཊི་རོ་སི་ལགས་སུ་འཚམས་འདྲི་ཞུས་ཏེ། མ་འོངས་པར་དབྱིན་ཇི་དང་རྒྱལ་ཁབ་དེ་དག་བར་གྱི་འབྲེལ་ལམ་གོང་འཕེལ་དང་མཉམ་ལས་དང་རོགས་འདེགས་སོགས་ཀྱི་ལམ་ཁ་སྔར་ལྷག་གིས་ཇེ་ཡང་དུ་འགྲོ་བའི་སྨོན་འདུན་ཞུས་འདུག་ལ། དམིགས་བསལ་འཁྱུག་ལ་ཉེ་བའི་དབྱིན་ཇིའི་སྲིད་བློན་ཇོན་སན་བྷོ་རེ་སི་ལགས་དང་སྲིད་ཟུར་ཐི་རེ་སཱ་ (Theresa May)།  སྲིད་ཟུར་ཌེ་ཝི་ཌི་(David Cameron) བཅས་ཀྱིས་འཚམས་འཕྲིན་ནང་། དབྱིན་ཇིའི་རྒྱལ་ཁབ་ཀྱི་མངའ་ཐང་ཁོད་སྙོམས་དང་དར་སྤེལ་གཏོང་སླད། རྙིང་ཞེན་སྲིད་དོན་ཚོགས་པའི་ཚོགས་མི་ཡོངས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཁོ་མོའི་རྒྱབ་རྩར་ལངས་ཏེ་མདུན་བསྐྱོད་བྱ་དགོས་པའི་སྐུལ་མ་བཏང་འདུག

ད་རེས་སྐབས་སྔོན་མའི་སྲིད་བློན་གྱི་དུས་ཡུན་མ་རྫོགས་གོང་ནས་དབྱིན་ཡུལ་ནང་འོས་བསྡུ་བྱས་པ་དེ། འདི་ལོའི་ཕྱི་ཟླ་ ༧ ནང་འཁྱུག་ལ་ཉེ་བའི་སྲིད་བློན་ཇོན་སན་བྷོ་རེ་སི་ལགས་སུ་ལས་དོན་སྒྲུབ་ཕྱོགས་ཀྱི་ཐོག་ནས་རང་གི་སྲིད་དོན་ཚོགས་པའི་ཚོགས་མི་དང་ཁ་གཏད་ངལ་རྩོལ་ཚོགས་པ་སོགས་ཀྱིས་ཡིད་ཆེས་བློ་གཏད་མེད་པའི་རྩོད་པ་བསླངས་བར་བརྟེན། སྲིད་བློན་ཇོན་སན་བྷོ་རེ་སི་ལགས་ནས་དགོངས་པ་ཞུ་རྒྱུའི་ཐག་གཅོད་བླངས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། ད་ལྟ་དབྱིན་ཇིའི་གཞུང་ལ། ཡོ་ཁུ་རེན་གྱི་དམག་འཁྲུག་དང་ཡུ་རོབ་མཐུན་ཚོགས་དང་ཁ་བྲལ་གྱི་མཇུག་སྐྱོང་གི་ལས་དོན། ཏོག་དབྱིབས་གཉན་རིམས་དང་འཕྲོད་བསྟེན། ཚོང་རྫས་ཀྱི་རིན་གོང་ཇེ་ཆེར་སོང་བ་དང་བདེ་སྲུང་དང་འབྲེལ་བའི་ནུས་རྫས་ཀྱི་དཀའ་ངལ། དེ་བཞིན་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཐོན་ལ་ཉེ་བ་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་ཀྱི་ཡོད་པ་རེད་འདུག

གསར་དུ་འོས་འདེམས་བྱུང་བའི་དབྱིན་ཇིའི་སྲིད་བློན་གསར་པ་ལྕམ་ལེ་ཛི་ཊི་རོ་སི་ལགས་ནི།  ཕྱི་ལོ་ ༡༩༧༥ ལོར་དབྱིན་ཇིའི་གྲོང་ཁྱེར་ཨོག་སི་ཧྥོ་ཌིར་མི་ཚང་དཀྱིལ་མའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་ད་ལྟ་རང་ལོ་ ༤༧ ཡིན་པ་རེད། ཕྱི་ལོ་ ༡༩༩༦ ལོར་ཨོག་སི་ཧྥོ་ཌིའི་མེར་ཊོན་མཐོ་སློབ་ནས་བསླབ་པ་མཐར་སོན་པ་དང་རྙིང་ཞེན་སྲིད་དོན་ཚོགས་པའི་ཁོངས་སུ་ཞུགས་ཡོད་ཅིང་། ཕྱི་ལོ་ ༢༠༠༠ བར་ཨོག་སི་གཙུག་ལག་སློབ་གྲྭ་ཆེན་མོའི་གུ་ཡངས་མང་གཙོ་ཚོགས་པའི་ཚོགས་གཙོ་དང་ས་གནས་(Lewisham Deptford) གྲོས་ཚོགས་འོག་མའི་ཚོགས་གཙོ། དེ་བཞིན། ཕྱི་ལོ་ ༢༠༡༠ ལོ་ནས་དངོས་སུ་དབྱིན་ཇིའི་གྲོས་ཚོགས་འོག་མའི་ནང་འདེམས་ཐོན་བྱུང་བ་ནས་ད་བར་མི་ལོ་ཉེར་དྲུག་ཡས་མས་ཙམ་གྱི་རིང་དབྱིན་ཇིའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་སྡིངས་ཆ་ཆེ་མ་ཆུང་གསུམ་འདྲ་མིན་ནང་སྲི་ཞུ་ཞུས་མྱོང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༡༠ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༡༢ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese