མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་མི་མང་ས་ཡ་ ༣༡༣ ལྷག་ཐེམ་སྤང་བཀག་རྒྱའི་འོག་བཅུག་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ ༢༠ པ་ཟེར་བ་འཚོག་གྲབས་ཡོད་པ་དང་བསྟུན། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་འོག་ནས་མི་མང་གི་འགྲོ་སྐྱོད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་འདུག

Chengdu, a city of 21mn, will remain under lockdown , AFP/Getty Images

རྒྱ་ནག་གཞུང་གི་ཏོག་དབྱིབས་གཉན་རིམས་གཙང་སེལ་བྱ་རྒྱུའི་སྲིད་ཇུས་འོག  རྒྱ་ནག་གི་ས་ཁུལ་མང་པོ་ཞིག་ཏུ་ཏོག་དབྱིབས་གཉན་རིམས་ཀྱི་དོགས་གཟོན་དང་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་པ་ལྟར། ཁ་སང་ཕྱི་ཚེས ༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་འོག་ནས། འདི་ལོའི་ཕྱི་ཟླ་བརྒྱད་པའི་ཚེས་ ༢༠ ནས་བཟུང་ད་བར་རྒྱ་ནག་གི་ཞིང་ཆེན་བཅོ་ལྔ་ཡི་རྒྱལ་ས་ཁག་ཚུད་པའི་གྲོང་ཁྱེར་ཁྱོན་ ༧༣ ལྷག་ནང་གི་མི་མང་ས་ཡ་ ༣༡༣ གྱི་འགྲོ་སྐྱོད་སོགས་ལ་བཀག་རྒྱ་བསྡམས་ཏེ། རྒྱ་རིགས་མི་མང་དེ་དག་གི་ཉིན་རེའི་འཚོ་གནས་ཐད་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་མ་ཟད། དབྱེ་ཞིབ་པས་མི་རིང་བར་རྒྱ་ནག་གིས་གྲོང་ཁྱེར་དེ་ལས་ཀྱང་མང་པོའི་ནང་ཁྱིམ་སྡོད་བཀག་རྒྱ་བསྡམ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ལ་ཁ་གཡར་ནས་རྒྱ་ནག་གི་གྲོང་ཁྱེར་གྲངས་ ༣༣ ལྷག་བཀག་རྒྱ་བསྡམས་ཡོད་སྟབས། མི་མང་རྣམས་རྒྱུན་ལྡན་བཞིན་ཕན་ཚུན་འབྲེལ་འདྲིས་བྱ་མི་ཆོག་པའི་ཁར། ཚོང་འབྲེལ་སོགས་ཀྱི་ལས་དོན་གཉེར་མི་ཆོག་ཀྱང་། ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་དེ་ནི་དྲིལ་བསྒྲགས་ཁོ་ན་ཙམ་ལས། རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཏོག་དབྱིབས་འགོག་ཁབ་བརྒྱབ་ཟིན་པའི་མིའི་གྲངས་ཚད་ཉུང་བ་དང་། ཏོག་དབྱིབས་རིམས་ནད་ཀྱི་བཀག་སྡོམ་ས་ཚིགས་སོགས་སུ་འཕྲོད་བསྟེན་མི་སྣ་འདང་ངེས་མེད་སྟབས། རྒྱ་ནག་གི་ཆེད་མཁས་སྨན་པ་རྣམས་ཀྱིས། ད་ལྟ་རྒྱ་ནག་གི་གྲོང་ཁྱེར་མང་པོ་ཞིག་ཏུ་མུ་མཐུད་དུ་བཀག་རྒྱ་བསྡམས་ནས། མི་མང་འགྲོ་སྐྱོད་སོགས་བྱེད་མི་འཇུག་དོན་ནི། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༦ ཉིན་འཚོག་འཆར་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

འདས་པའི་ཉིན་གྲངས་ ༢ རིང་ལ་རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་ཧྲིན་ཀྲིན་( Shenzhen) དུ་ནད་པ་གསར་པ་གྲངས་  ༡༠༧ ལས་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཧྲིན་ཀྲིན་གྲོང་ཁྱེར་དང་། དེའི་ཁོངས་ཀྱི་ཧྥོ་དན་( Funtain) རྫོང་དང་། ལོང་ཀན་( Longgang) ལོའུ་ཧོ་ ( Luohu) རྫོང་སོགས་སུ་གློག་བརྙན་ཁང་དང་། ལུས་སྦྱོང་དང་ཆུ་རྐྱལ་ཁང་སོགས་སུ་འགྲོ་སྐྱོད་བྱེད་པར་བཀག་སྡོམ་ནན་མོ་བྱས་ཏེ་ཐེམ་སྤང་བཀག་རྒྱ་བསྡམས་ཡོད་པ་དང་།  ཟུར་སྦྱོང་དང་སློབ་གྲྭ་ཁག་གིས་དྲ་ལམ་ནས་སློབ་ཁྲིད་སོགས་ཀྱི་བྱེད་སྒོ་གཉེར་དགོས་སྐོར་བསྒྲགས་ཡོད་འདུག་ལ། རྒྱ་ནག་གཞུང་གིས་བདུན་འདིའི་ནང་ཧྲང་ཧེ་གྲོང་ཁྱེར་དུ་འཚོག་འཆར་ཡོད་པའི་རྒྱ་ནག་གི་ལོ་འཁོར་དཔལ་འབྱོར་གླེང་སྟེགས་( Annual Financial Forum) དེའང་ཕྱིར་འགྱངས་བྱས་ཡོད་འདུག དེ་བཞིན་མི་གྲངས་ས་ཡ་ ༢༡ ཡོད་པའི་རྒྱ་ནག་གི་ཚོང་འབྲེལ་གྱི་ས་ཚིགས་གཙོ་བོ་ཞིག་ཏུ་གྱུར་བའི་ཁྲི་འདུ་ (  chendu ) གྲོང་ཁྱེར་ཡང་བཀག་རྒྱ་བསྡམས་ནས། མི་རྣམས་ཀྱི་འགྲོ་སྐྱོད་ལ་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་པ་དང་། ཚོང་འབྲེལ་གྱི་ལས་དོན་སོགས་གཉེར་མི་ཆོག་པར་འཚོ་བའི་འགྲོ་གྲོན་སོགས་ཀྱི་ཐད་ནས་ཀྱང་དཀའ་ངལ་འཕྲད་མུས་ཡིན་པ་རེད།

ཡང་འདི་ལོའི་ཕྱི་ཟླ ༥ ནང་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་འོག་ནས། ཧྲང་ཧེ་གྲོང་ཁྱེར་གཙོས་རྒྱ་ནག་གི་ཚོང་འབྲེལ་གྱི་གྲོང་ཁྱེར་ཆེ་གྲས་ ༡༢ ལྷག་ཏུ་བཀག་རྒྱ་བསྡམས་པས། རྒྱལ་སྤྱིའི་རླངས་འཁོར་ཚོང་གཉེར་ཁང་གྲགས་ཅན་ཉི་ཧོང་གི་ཊོ་ཡ་ཊོ་ ( Toyato ) རྟགས་ཅན་གྱི་རླངས་འཁོར་བཟོ་སྐྲུན་ཁང་གིས། རྒྱ་ནག་ནས་རླངས་འཁོར་བཟོ་སྐྲུན་བྱ་རྒྱུ་གནས་སྐབས་མཚམས་འཇོག་བྱས་ཡོད་པ་དང་། རྒྱ་ནག་ཏུ་ཡོད་པའི་རྒྱལ་སྤྱིའི་ཚོང་གཉེར་ཁང་གྲགས་ཅན་ཨི་ཊ་ལི་ཡི་གུ་ཆི་ ( Gucci ) དང་བྷི་ཊེ་གྷ ( Bottega Veneta) སོགས་ལ་གྱོང་གུད་ཆེན་པོ་ཐེབས་ཡོད་པ་མ་ཟད། ཉེ་ལམ་རྒྱལ་སྤྱིའི་ཚོང་རར་བྲིན་རྒྱུག་ཆེ་བའི་ཀུ་ཤུ་བཟོ་ཚོང་ཁང་གིས་བཟོས་པའི་ཀུ་ཤུའི་ཐོན་རྫས་རྣམས་ལ་བརྒྱ་ཆ་ ༢༠ ནས་ ༣༠ བར་གྱི་གྱོང་གུད་ཐེབས་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༦ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཞི་ཅིང་ཕིན་གྱིས། རྒྱ་ནག་གཞུང་གི་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་ལ་མི་འདོད་པ་དང་ངོ་རྒོལ་བྱེད་མཁན་རིགས་ལ་ཉེས་ཆད་ནན་མོ་དགལ་རྒྱུ་ཡིན་པའི་ཉེན་བརྡའང་བཏང་ཡོད་འདུག

CHENGDU, CHINA – SEPTEMBER 03: Aerial view of an empty street on September 3, 2022 in Chengdu, Sichuan Province of China. Residents in Chengdu are required to stay home in an effort to curb further expansion of an ongoing COVID-19 outbreak in the city. (Photo by Wu Ke/VCG via Getty Images)

གཞན་ཡང་། ཨ་རི་དང་ཨོ་གླིང་། རྒྱ་གར་སོགས་སུ་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་ཇེ་ཆུང་དུ་ཕྱིན་ནས། ཐེམ་སྤང་བཀག་རྒྱ་ལས་གྲོལ་ནས་རྒྱུན་ལྡན་བཞིན་གནས་མུས་ཡིན་ཡང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་མི་མང་འདུ་སྡོད་མང་བའི་གྲོང་ཁྱེར་ཆེ་གྲས་ཁག་ཏུ་ཕྱི་རྒྱལ་བ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཡོང་བར་དམ་དྲག་ཆེན་པོ་བྱས་པ་དེས། རྒྱ་ནག་གི་ཚོང་དོན་དང་དཔལ་འབྱོར་ཉམས་རྒུད་འགྲོ་ཉེན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་ཀྱིས་མི་མང་གི་ཚེ་སྲོག་སྐྱོབ་ཀྱི་ཡོད་སྐོར་སོགས་དྲིལ་བསྒྲགས་བྱས་ཏེ། མུ་མཐུད་དུ་འགྲོ་སྐྱོད་དམ་དྲག་དང་འདུ་འཛོམས། འབྲེལ་འདྲིས་སོགས་བྱ་བཅུག་གི་མེད་པ་རེད་འདུག

རྒྱ་ནག་ཏུ་ཏོག་དབྱིབས་གཉན་རིམས་ཀྱིས་དཀའ་ངལ་ཤུགས་ཆེན་འཕྲད་མུས་ཡིན་ཡང་། རྒྱལ་སྤྱིའི་ཏོག་དབྱིབས་ཞིབ་བཤེར་(World Meter) ལྟར་ན། ད་བར་རྒྱ་ནག་ཏུ་ནད་པ་མི་གྲངས་ ༢༤༥༣༦༧  བྱུང་བའི་ཁྲོད། མི་གྲངས་ ༥༢༢༦   རྐྱེན་འདས་སུ་ཕྱིན་ཡོད་ཅིང་། མི་གྲངས་ ༢༣༤༢༢༤ དྲག་སྐྱེད་བྱུང་ཡོད་འདུག་ལ། འདས་པའི་ཆུ་ཚོད་ཉེར་བཞིའི་རིང་རྒྱ་ནག་ཁྱོན་ཡོངས་ནས་ནད་པ་གསར་པ་མི་གྲངས་ ༣༡༠ ལས་བྱུང་མེད་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༢ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese