མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་པར་འཚམས་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དེ་བཞིན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་ཀྱིས་དབྱིན་ཇིའི་སྲིད་བློན་གསར་པ་ལྕམ་ལེ་ཛི་ཊོ་རོ་ཆི་ལགས་སུ་འཚམས་འཕྲིན་སྩལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྕམ་སྐུ་ལེ་ཛི་ཊི་རོ་སི་ (Liz Truss) ལགས་དབྱིན་ཡུལ་གྱི་སྲིད་བློན་གསར་པར་འདེམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་སྩལ་བའི་ནང་། ལོ་རྒྱུས་ཀྱི་ཐོག་ནས་བོད་དང་དབྱིན་ཡུལ་དབར་ཡུན་རིང་དང་ཐུན་མོང་མ་ཡིན་པའི་འབྲེལ་ལམ་ཡོད་པ་དང་། ད་བར་ང་ཚོས་ཕྱི་ལོ་ ༡༩༥༩ གོང་ནས་དབྱིན་ཡུལ་གཞུང་གིས་བོད་ནང་བསྐོ་གཞག་བྱས་པའི་དབྱིན་ཇིའི་དཔོན་རིགས་ཀྱི་ནང་མི་རྣམས་དང་ལྷན་དུ་བློ་ཐག་ཉེ་པོའི་ཐོག་ནས་མུ་མཐུད་དུ་འབྲེལ་བ་བྱེད་བཞིན་ཡོད། ཅེས་དང་།

ངོས་ནས་དབྱིན་ཡུལ་གྱི་གྲོགས་པོ་ཚོས་བོད་མིའི་རང་དབང་གི་མངོན་འདོད་དང་གནས་ལུགས་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་བཞིན་པར་རྗེས་སུ་ཡི་རང་ཞུ་ཡི་ཡོད། ད་ལྟའི་ཆར་ཆེས་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་ཆགས་ཀྱི་ཡོད་པ་དང་། ངོས་ཀྱིས་དབྱིན་ཡུལ་མུ་མཐུད་དུ་འཕེལ་རྒྱས་ཡོང་བ་དང་། དབྱིན་ཡུལ་གཞུང་གིས་གཅིག་ལ་གཅིག་བརྟེན་གྱི་འཛམ་གླིང་འདི་ཉིད་ཞི་བདེ་བརྟན་ལྷིང་དང་སྲ་བརྟན་ཡོང་སླད་ཞབས་འདེགས་རླབས་ཆེན་བསྒྲུབ་ཐུབ་པའི་ཐུགས་རེ་ཡོད། ཅེས་གསུངས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྒེར་གྱི་ཊུ་ཝི་ཊར་སྟེང་ལྕམ་སྐུ་ལེ་ཛི་ཊི་རོ་སི་ལགས་དབྱིན་ཡུལ་གྱི་སྲིད་བློན་ཆགས་པར་འཚམས་འདྲི་གནང་བ་དང་སྦྲགས། དབྱིན་ཡུལ་གཞུང་གིས་འཛམ་གླིང་སྤྱི་ཡོངས་སུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་གཏོང་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ལ་ཉེས་ཆད་འགེལ་བའི་ཁྲིམས་གཞི་གཏན་འབེབ་གནང་བར་ཡིད་སྨོན་གནང་གི་ཡོད། ཁྱེད་རང་གིས་སྣེ་ཁྲིད་འོག་གཞུང་འཛིན་གསར་པའི་ངོས་ནས་མུ་མཐུད་དུ་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་ཕྱག་ལས་རྒྱ་ཆེར་གནང་རྒྱུའི་རེ་བ་ཡོད། ཅེས་གསུངས་འདུག

དེ་བཞིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་གནང་བའི་ནང་། ངས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས། ལྕམ་སྐུ་ལེ་ཛི་ཊི་རོ་སི་ལགས་དབྱིན་ཡུལ་གྱི་སྲིད་བློན་གསར་པར་འོས་འདེམས་བྱུང་བར་འཚམས་འདྲི་ཞུ་རྒྱུ་ཡིན། ཁྱེད་རང་ལ་སྲིད་བློན་གྱི་རྒྱལ་ཁ་ཐོབ་པ་ནི་དབྱིན་ཡུལ་མི་མང་གིས་ཁྱེད་རང་དང་ཁྱེད་རང་གི་སྣེ་ཁྲིད་པའི་གཞུང་ལ་ཡིད་ཆེས་དང་བློ་གཏད་ཡོད་པ་མཚོན་གྱི་ཡོད། ལྕམ་སྐུ་ཁྱེད་ཉིད་ལ་རྒྱལ་ཁ་ཐོབ་པར་བོད་མི་ཡོངས་ལ་དགའ་ཚོར་ཡོད་པ་དང་། ཁྱེད་ཉིད་ཀྱིས་བོད་དོན་གྱི་ཆེད་དུ་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད། ཁྱེད་ཀྱིས་དབྱིན་ཡུལ་མི་མང་གི་མངོན་འདོད་བཞིན་ལས་དོན་སྒྲུབ་ཐུབ་པ་དང་། མ་འོངས་པའི་བྱ་གཞག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད། ཅེས་གསུངས་འདུག

གསར་དུ་འོས་འདེམས་བྱུང་བའི་དབྱིན་ཇིའི་སྲིད་བློན་གསར་པ་ལྕམ་སྐུ་ལེ་ཛི་ཊི་རོ་སི་ལགས་ནི།  ཕྱི་ལོ་ ༡༩༧༥ ལོར་དབྱིན་ཇིའི་གྲོང་ཁྱེར་ཨོག་སི་ཧྥོ་ཌིར་མི་ཚང་དཀྱིལ་མའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་ད་ལྟ་རང་ལོ་ ༤༧ ཡིན་པ་རེད། ཕྱི་ལོ་ ༡༩༩༦ ལོར་ཨོག་སི་ཧྥོ་ཌིའི་མེར་ཊོན་མཐོ་སློབ་ནས་བསླབ་པ་མཐར་སོན་པ་དང་རྙིང་ཞེན་སྲིད་དོན་ཚོགས་པའི་ཁོངས་སུ་ཞུགས་ཡོད་ཅིང་། ཕྱི་ལོ་ ༢༠༠༠ བར་ཨོག་སི་ཧྥོ་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་གུ་ཡངས་མང་གཙོ་ཚོགས་པའི་ཚོགས་གཙོ་དང་ས་གནས་ (Lewisham Deptford) གྲོས་ཚོགས་འོག་མའི་ཚོགས་གཙོ། དེ་བཞིན། ཕྱི་ལོ་ ༢༠༡༠ ནས་དངོས་སུ་དབྱིན་ཇིའི་གྲོས་ཚོགས་འོག་མའི་ནང་འདེམས་ཐོན་བྱུང་བ་ནས་ད་བར་མི་ལོ་ ༢༦ ཡས་མས་ཙམ་གྱི་རིང་དབྱིན་ཇིའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་སྡིངས་ཆ་ཆེ་མ་ཆུང་གསུམ་འདྲ་མིན་ནང་སྲི་ཞུ་ཞུས་མྱོང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

ཆུ་ཚོད་ ༡༥ སྔོན་ལ།
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

ཆུ་ཚོད་ ༡༦ སྔོན་ལ།
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

ཆུ་ཚོད་ ༡༦ སྔོན་ལ།
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese