མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚོགས་པ་ལྔ་ནས་བརྟན་བཞུགས་ཕུལ།

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་གཟུགས་གསལ་ཐང་ཡིན་པ་མ་ཟད་འབྱུང་འགྱུར་མི་ལོ་བཅུ་ཕྲག་གཉིས་ལྷག་རིང་བཞུགས་རྒྱུར་ཐུགས་ཁྲལ་མེད་སྐོར་སོགས་གསུངས་སོང་།

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞིས་བྱེས་གཉིས་ཀྱི་རྒྱལ་བ་ཇོ་ནང་བ་ཡོངས་དང་། མདོ་སྨད་མང་འབའ་བྱ་གསུམ། མོན་ཡུལ་རིག་གཞུང་གཅེས་འཛིན་ཁང་། སིཌ་ནི་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་སོང་།

མཛད་སྒོའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས།  ངོས་རང་ལ་བྱང་ཆུབ་སེམས་ཀྱི་མྱོང་བ་བཅོས་མ་ཞིག་སྐྱེས་བསྡད་ཡོད་རེད། བྱས་ཙང་བྱང་ཆུབ་སེམས་ཀྱི་མྱོང་བ་བཅོས་མ་ཞིག་ཡོད་པའི་ཐོག་ནས། ཇི་སྲིད་ནམ་མཁའ་གནས་པ་དང་།  །འགྲོ་བ་ཇི་སྲིད་གནས་གྱུར་པ།  །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་ངོས་རང་ནས་ཉིན་མཚན་མེད་པར་སྨོན་ལམ་བརྒྱག་གི་ཡོད། ངོས་རང་ལས་དང་སྨོན་ལམ་གྱིས་༧རྒྱལ་དབང་གི་མིང་ཐོགས་མཁན་ཞིག་ཏུ་སྐྱེས། བོད་རྒྱ་ཆེ་མི་མང་ལྟ་ཅི་དགོས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་དེ་དག་གིས་ཀྱང་མཐའ་གཅིག་ཏུ་དད་མོས་ཆེན་པོ་བྱེད་ཀྱི་འདུག ཉེ་ཆར་ངོས་རང་ཟངས་དཀར་དང་ལ་དྭགས་གླེའི་ས་ཁུལ་ཁག་ཁ་ཤས་སུ་ཕྱིན་པ་ཡིན།  མི་མང་ཚོས་དད་འདུན་དེ་ཧ་ལས་པའི་ཤུགས་ཆེན་པོ་རེད། འབྱུང་འགྱུར་མོན་ལ་འགྲོ་རྒྱུའི་འཆར་གཞི་བཏིང་གི་ཡོད། མོན་པ་ཚོས་ཀྱང་དངོས་གནས་དྲང་གནས་དད་དམ་གཡོ་བ་མེད་པ་བྱེད་ཀྱི་ཡོད་པ་རེད། བྱས་ཙང་། སྐྱེས་བ་འདིར་མཐོང་ཆོས་སུ་མི་མང་པོ་ཞིག་གིས་དགའ་མོས་བྱས་ནས། ངོས་རང་གིས་བསྟན་པའི་ཞབས་འདེགས་གང་ལ་གང་འཚམ་སྒྲུབ་པ་མིག་མཐོང་ལག་ཟིན་ཡིན་པའི་སྐབས་སུ། ངོས་རང་གིས་ཚེ་རིང་དུ་གནས་རྒྱུ་དེ་རྒྱུ་མཚན་ལྡན་པ་ཞིག་རེད། ངོས་རང་ད་ལྟ་ལོ་ ༨༧ རེད། མུ་མཐུད་ནས་བརྟག་དཔྱད་བྱས་ཡོང་དུས། ལོ་བརྒྱ་དང་བཅུ་གྲངས་ཤིག་འཚོ་ཐུབ་རྒྱུའི་ཚད་མ་བརྟན་པོ་འདུག དེ་འདྲ་ཡིན་དུས་ད་ལྟ་འབྱུང་འགྱུར་ལོ་ ༢༠ ལྷག་འཚོ་ཐུབ་ཀྱི་རེད། དངོས་ཡོད་གནས་ཚུལ་ལ་ངོས་རང་གིས་མི་མང་པོ་ཞིག་ལ་ཕན་ཐོགས་བྱ་ཐུབ་རྒྱུ་དང་། ནང་པ་མིན་པའི་མི་མང་པོ་ཞིག་ལའང་ཕན་ཐོགས་ཏོག་ཙམ་བྱེད་ཐུབ་པ་ཆགས་དུས། ནམ་མཁའ་མ་ཟད་ཀྱི་བར་དུ་འགྲོ་བའི་དོན་བྱེད་ཀྱི་ཡིན་ཞེས་སྨོན་ལམ་བརྒྱབ་པ་དང་། དམ་བཅའ་བཞག་ཡོད་མཁན་ཞིག་ཡིན་དུས། དེ་འདྲའི་ཕན་ཐོགས་ཡོད་པའི་གོ་སྐབས་དེ་ག་ཚོད་རིང་རིང་འཚོ་ཐུབ་པ་བྱ་རྒྱུ་དེ། རྒྱུ་མཚན་ལྡན་པའི་སྐད་ཆ་རེད་པཱ། དེ་ནི་ཆབ་སྲིད་དང་དཔལ་འབྱོར་གྱི་ལས་ཀ་སོགས་ཀྱི་སྐད་ཆ་ཞིག་མ་རེད། གཞན་ཕན་གྱི་ལྷག་བསམ་ལྡན་པའི་བློ་ཞིག་སྐྱེས་ནས་གང་ལ་གང་འཚམ་གྱིས་ཕན་ཐོགས་ཡོང་གི་ཡོད་དུས།  ཚེ་འདི་རིང་དུ་གནས་རྒྱུ་ཞིག་ངོས་རང་གིས་སྨོན་ལམ་བརྒྱབ་ཀྱི་ཡོད། ཁྱེད་ཚོས་ཀྱང་སྨོན་ལམ་བསྐྱོན་ཤོག་ཨ། དེ་རིང་སྒྲོལ་དཀར་གྱི་ཚེ་སྒྲུབ་དང་འབྲེལ་ནས་བརྟན་བཞུགས་གནང་གི་ཡོད་རེད། ཁོང་འཕགས་པའི་ལྷ་ཐུན་མོང་མ་ཡིན་པ་ཞིག་རེད། ངོས་རང་གིས་སྒྲོལ་དཀར་གྱི་ཚིག་དེ་ཉིན་ལྟར་འདོན་གྱི་ཡོད། དེ་རིང་འདིར་ཚེ་སྒྲུབ་གནང་རྒྱུར་ཁྱེད་རང་ཚོས་སྨོན་ལམ་ཡག་པོ་ཞིག་བསྐྱོན།  ངོས་རང་ནས་རྡོ་རྗེ་ཕ་ལམ་ནང་བཞིན་གྱི་ཕན་པ་བརྟན་པོ་ཞིག་བཟུང་བསྡད་ཡོད་པས། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱེད་ནས་བཞུགས་ཨ།  ཅེས་གསུངས་སོང་།

ཡང་མགོན་པོ་མཆོག་གིས། ཉེ་ཆར་ངོས་རང་བོད་ཀྱི་ས་མཚམས་སུ་ཡོད་པའི་ལ་དྭགས་དང་ཟངས་དཀར་སོགས་སུ་འགྲོ་དུས། མི་ཚོས་ཧ་ལས་པའི་དད་པ་གཡོ་བ་མེད་པ་ཞིག་བྱེད་ཀྱི་འདུག དེ་བོད་ཀྱི་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་ཆ་ནས་དད་པ་དམ་ཚིག་གཡོ་བ་མེད་པ་ཞིག་འདུག་གཱ  ད་ལྟ་བཙན་དབང་གི་འོག་ཏུ་ཚུད་པའི་བོད་ནང་ལ་ཡོད་པའི་རྒྱ་ཆེ་མི་མང་བརྒྱ་ཆ་བརྒྱ་ཐམ་པ་ངོས་རང་ལ་དད་པ་དང་། མོས་པ། ཡིད་ཆེས་རྩེ་གཅིག་ཡོད་པ་རེད། དེ་རིང་ཁ་སང་རྒྱ་ནག་ནང་དུ་ཡིན་ན་ཡང་ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་ཕྱིན་འདུག ནང་ཆོས་ཤེས་ཡོང་དུས་དེ་སྔ་ཏཱ་ལའི་བླ་མ་ལོག་སྤྱོད་པ་ཞེས་བཤད་བསྡད་པ་དེ་ལོག་སྤྱོད་པ་རང་རེད་མི་འདུག་ག་ཞེས་བཤད་ཀྱི་འདུག   གང་ལྟར་དགའ་པོ་བྱེད་མཁན་མང་དུ་འགྲོ་ཡི་འདུག མཐོང་ཆོས་སུ་མི་མང་པོར་ཕན་གྱི་ཡོད་པ་ཡིན་དུས་ངོས་རང་ནས་སྙིང་སྟོབས་སྐྱེད་ནས་ཚེ་ཡུན་དུ་བརྟན་གྱི་ཡིན། དེ་བཞིན་འཕགས་ཡུལ་རྒྱ་གར་དང་། རྒྱ་ནག བོད་ཁ་བ་གངས་ཅན་གྱི་མི་ཙམ་མ་ཡིན་པའི་ཡུལ་ལྷ་གཞིས་བདག་ཚང་མས་དངོས་གནས་དྲང་གནས་ངོས་རང་ལ་དད་འདུན་ཆེན་པོ་བྱེད་ཀྱི་ཡོད་པ་དེ། རྨི་ལམ་སོགས་ཀྱི་ནང་དུ་གནས་ཚུལ་གསལ་པོ་ཡོང་གི་འདུག དེ་འདྲ་ཡིན་དུས་བྱང་ཆུབ་ཀྱི་སེམས་བསམ་བློ་གཏོང་མཁན་ཞིག་གིས་དངོས་ཡོད་གནས་ཚུལ་ལ་མི་མང་པོ་ཞིག་ལ་ཁ་ཡོད་ལག་ཡོད་ཀྱིས་དངོས་སུ་ཕན་གྱི་ཡོད་རེད། དེ་འདྲ་ཡིན་དུས་ཕན་ས་དེར་བསམ་བློ་གང་ཡང་མེད་པ་བྱས་ནས་གཞན་པ་ཞིག་ལ་གཞན་དོན་བྱེད་ཀྱི་ཡིན་ལབ་ན་ཆོ་གལ་མི་འདུག ད་ལྟ་ཁ་ཡོད་ལག་ཡོད་ཀྱིས་མི་ལ་ཕན་ཡོང་བསྡད་པ་དེས་མི་ཙམ་མ་ཡིན་པར་ཡུལ་ལྷ་གཞིས་བདག་སོགས་ཀྱི་དགའ་བོ་ཞེ་དྲགས་གནང་གི་འདུག བྱས་ཙང་མདོ་སྨད་ནས་སྐྱེས་པའི་ཨ་མདོ་ལྷ་མོ་དོན་གྲུབ་ཀྱི་ལས་དང་སྨོན་ལམ་གྱི་ཐོག་ནས་ལྷ་འདྲེ་མི་གསུམ་མང་པོ་ཞིག་ལ་ཕན་ཐོགས་ཡོང་བསྡད་པ་ཞིག་ཆགས་བསྡད་འདུག་པས། ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་ཀྱི་ཡིན་ཟེར་ནས་སྨོན་ལམ་བརྒྱབ་ཀྱི་ཡོད་རེད་ལ། ཁ་ཡོད་ལག་ཡོད་ཀྱིས་མི་ཚེ་འདིར་མཐོང་ཆོས་ལ་ལྷ། ཀླུ། གཞིས་བདག་མང་པོ་ཞིག་ལ་ཕན་གྱི་ཡོད་པ་ཡིན་དུས། ངོས་རང་གི་གཟུགས་པོ་ཡག་ཐག་ཆོད་ཡོད། ཉེ་ཆར་ལྡི་ལི་ནས་བརྟག་དཔྱད་བྱས་པ་ཡིན། ཡག་པོ་ཞེ་དྲགས་འདུག་ཟེར། ད་པུས་མོ་ཏོག་ཙམ་དཀའ་ངལ་འདུག་མ་གཏོགས་གཞན་གཟུགས་པོ་ཞེ་དྲགས་ཡག་པོ་འདུག་ཟེར། བྱས་ཙང་ངོས་རང་འབྱུང་འགྱུར་ལོ་ཉི་ཤུ་སུམ་ཅུ་བསྡད་ཀྱི་རེད། ཁྱེད་རང་ཚོས་དེ་རིང་བརྟན་བཞུགས་གནང་ནས་སྨོན་ལམ་བཏབ་པར། ངོས་རང་གིས་སྨོན་ལམ་དེ་དེ་བཞིན་བསྒྲུབ་པའི་ཚོད་ཐིག་གི་འདུག ཅེས་གསུངས་སོང་།

མགོན་པ་གང་ཉིད་ཀྱིས། བོད་བྱང་བརྒྱུད་ཀྱི་མོན་ནས་བཟུང་ཁྱེད་རང་ཚོས་གཙོ་བོ་བྱས་ནས་བོད་ཆོལ་ཁ་གསུམ་གྱི་མི་རིགས་ཡོངས་རྫོགས་སྔོན་གྱི་ལས་སྨོན་གྱི་འབྲེལ་བའི་ཐོག་ནས། ངོས་རང་གིས་བོད་བསྟན་སྲིད་ཀྱི་ཞབས་འདེགས་ངོ་སོ་མེད་པ་ཞིག་བསྒྲུབ་ཡོད་རེད། ད་དུང་སླད་ཀྱང་ཚེ་རབས་ནས་ཚེ་རབས་གཞན་དོན་དང་བསྟན་པའི་དོན་བསྒྲུབ་རྒྱུར་སྨོན་ལམ་ཉིན་ལྟར་བརྒྱབ་ཀྱི་ཡོད། ད་ལྟ་དངོས་ཡོད་གནས་ཚུལ་ཁ་ཡོད་ལག་ཡོད་ལ་བསྟན་པ་དང་འགྲོ་བའི་དོན་དུ་ཞབས་འདེགས་སྒྲུབ་ཀྱི་ཡོད་དུས། ངོས་རང་གིས་མུ་མཐུད་ནས་ལོ་བཅུ་གྲངས་ཁ་ཤས་ཤིག་བསྡད་རྒྱུར་ཡིད་ཆེས་ཡོད་ལ་སྨོན་ལམ་ཀྱང་བརྒྱབ་ཀྱི་ཡོད། ངོས་རང་གི་སྙིང་སྟོབས་སྐྱེད་ནས་འབྱུང་འགྱུར་ལོ་བཅོ་ལྔ་ཉི་ཤུ་ལྷག་བསྡད་ཀྱི་ཡིན།  ཞེས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese