མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༡།༣༠ སྟེང་གངས་ཅན་སྐྱིད་ཤོངས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་ཚུགས་སོང་བ་དང་། ཚོགས་ཐོག་ཏུ་གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག་གསུམ་དང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཅིག་བཅས་སྤྱི་མོས་ཐོག་ནས་གཏན་འབེབ་གནང་སོང་བ་དང་། ད་ཐེངས་ཀྱི་གྲོས་ཚོགས་སུ་སྤྱི་འཐུས་གཅིག་གིས་གྲོས་ཚོགས་ཀྱི་ཚོགས་ཡུན་ཆ་ཚང་རིང་དགོངས་པ་ཞུས་ཡོད་པ་དང་སྤྱི་འཐུས་གཉིས་ནས་ཉིན་གྲངས་གསུམ་བཞིའི་རིང་ལ་དགོངས་པ་ཞུས་ཡོད་འདུག

སྐབས་དེར་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་གཙོའི་གསུང་བཤད་གནང་སྐབས། དེ་རིང་སྔ་དྲོར་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་སྡེ་ཁག་ཅིག་ནས་བརྟན་བཞུགས་བསྟར་འབུལ་ཞུ་བའི་སྐལ་བ་བཟང་པོ་བྱུང་བ་དང་མཉམ་དུ། གྲོས་ཚོགས་ཚོགས་མི་ཚང་མས་༧གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུ་བྱུང་བའི་སྐལ་བ་བཟང་པོ་བྱུང་། ༧སྐྱབས་མགོན་རིན་པོ་ཆེ་མཆོག་ནས་ལོ་ངོ་བཅུ་ཕྲག་གཉིས་རིང་སྐུ་འཚོ་བཞུགས་ཀྱི་ཡིད་ཆེས་དང་མཚན་མ་ཡོད་པ་བཀའ་གསལ་བོ་གསུངས་སོང་། ཉེ་ཆར་༧ གོང་ས་མཆོག་གི་སྐུ་གཟུགས་ལ་ལྡི་ལི་ནས་བརྟག་དཔྱད་བྱེད་པའི་སྐབས་སུ་གྲུབ་དོན་དང་གནས་བབ་ཧ་ཅང་ཡག་པོ་ཡིན་པའི་བཀའ་སློབ་ཕེབས་པར་དེ་རིང་ང་ཚོ་ཧ་ཅང་དགའ་བོ་བྱུང་། རྣམ་པ་ཚོ་རྒྱ་ཆེ་མང་ཚོགས་ཀྱིས་མཁྱེན་གྱི་ཡོད་རེད་དེ་གསལ་འདོན་བྱས་ནས་ཞུས་པ་ཡིན།

ཉེ་ཆར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་ཡོངས་ལ་མང་གཙོ་གསོལ་སྩལ་གནང་བའི་དུས་དྲན་ཐེངས་ ༦༢ པ་སྲུང་གཙི་ཞུས་ཟིན་ཙམ་རེད། དེར་བརྟེན། ང་ཚོའི་ཆབ་སྲིད་ཀྱི་གནས་བབ་དང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་གྲོས་ཚོགས་དང་འཛིན་སྐྱོང་བཀའ་ཤག་གི་གཏམ་བཤད་ནང་དེ་ཚོ་གསལ་བོ་འཁོད་ཡོད་པ་རེད། དེ་རིང་ང་ཚོ་འདིར་འཛོམས་པའི་གྲོས་ཚོགས་ཀྱི་ཚོགས་མི་ཚང་མ་བོད་མི་མང་གིས་དངོས་སུ་འོས་བླུགས་ཏེ། མི་མང་བརྒྱུད་པའམ་གྲོས་ཚོགས་ཀྱི་འགན་དབང་སྐུལ་ཡོད་པ་དང་མདོར་ན་མི་མང་གིས་འོས་བསྡུ་བྱས་ནས་ལངས་བསྡད་པ་ཤ་སྟག་ཆགས་ཀྱི་ཡོད། དེ་བས་ང་ཚོར་མང་གཙོའི་ལྟ་གྲུབ་ཀྱི་ཐོག་ལ་ཡིད་ཆེས་དང་ངེས་པ་གང་ལ་གང་འཚམ་རྙེད་དགོས་པའི་གནས་སྟངས་ཆགས་ཡོད།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་གྱི་ནང་དུ་ཆོས་དང་ཆབ་སྲིད། སྤྱི་ཚོགས་བཅས་ཀྱི་མཛད་འཕྲིན་རྒྱ་ཆེ་བ་མང་པོ་ཞིག་ཡོད། དེའི་ནང་དུ་འཛམ་གླིང་སྤྱི་ལ་ཆབ་སྲིད་ཀྱི་ལམ་སྟོན་མང་པོ་ཡོད་པ་དང་ལྷག་པར་དུ་ང་ཚོ་བོད་མི་རྣམས་ལ་ཆབ་སྲིད་ཀྱི་ལམ་སྟོན་དང་མང་གཙོ་གསོལ་སྩལ་གནང་བ་སོགས་ཡོད། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་སློབ་སྔ་རྗེས་ཕེབས་ཡོད་པ་རེད། རིང་ནས་སྙིང་ལ་བརྣག་པའི་འདོད་དོན་གཅིག་ཡིན་ཞེས་གསུངས་པ་དེ། རྣམ་པ་ཚོས་དཔྱད་ཤེས་ཀྱི་རེད་བསམ་བཞིན་ཡོད། དེ་འདྲ་བའི་ལས་ཀ་བྱས་པའི་ཐོག་ནས་བལྟས་ཡོང་དུས། ང་ཚོས་ཆབ་སྲིད་ཀྱི་ཐོག་ནས་རྒྱབ་སྐྱོར་འཚོལ་དགོས་པ་དང་དཔལ་འབྱོར་གྱི་རོགས་ཚོགས་འཚོལ་དགོས་པ། ང་ཚོའི་ཆབ་སྲིད་དང་འཐབ་རྩོད་ཀྱི་གནས་བབ། སྒྲིག་འཛུགས་ཀྱི་གནས་བབ་སོགས་མུ་མཐུད་གནས་ཐུབ་པའི་སྲོག་ཤིང་ནི་མང་གཙོ་ཆགས་ཡོད། སྤྱིར་མང་གཙོའི་ནང་གྲོས་ཚོགས་ཀྱི་ལམ་ལུགས་དང་སྲིད་འཛིན་གྱི་ལམ་ལུགས། སྔ་མོའི་དུས་ཚོད་ལ་ཐད་བསྐོས་དང་བརྒྱུད་ནས་མང་གཙོ་ཟེར་བའི་བརྒྱུད་རིམ་གྱི་ཐོག་ནས་བཤད་སྟངས་ཡོད་པ་རེད། ང་ཚོ་སྐུ་ཚབ་ཀྱི་གྲོས་ཚོགས་ཆགས་ཡོད་པ་དང་གྲོས་ཚོགས་དང་སྲིད་འཛིན་གྱི་ལམ་ལུགས་གཉིས་ཀྱི་ཐོག་ནས་ལས་འཆར་ཡོད་པ་ཞིག་རེད། ང་ཚོ་བཙན་བྱོལ་གྱི་སྒྲིག་འཛུགས་འདི་བཙན་བྱོལ་གྱི་མང་གཙོ་ལ་བརྟེན་པའི་སྒྲོམ་གཞི་འདི་ཧ་ཅང་ཡག་པོ་ཡོད་པའི་ངེས་ཤེས་བསྐྱེད་ཡོང་གི་འདུག

མང་གཙོ་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་ནང་དུ་ལྟ་གྲུབ་མི་འདྲ་བ་ཡོང་ཆོག་པ་དང་དེ་འདྲ་ཡོང་བའི་སྡིངས་ཆ་བསྐྲུན་དགོས་ཀྱི་ཡོད། འོན་ཀྱང་། རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་གནད་དོན་ཐོག་བསླེབས་དུས། ཆབ་སྲིད་ཚོགས་པ་མི་འདྲ་བ་དང་སྒེར་གྱི་ལྟ་བ་མི་འདྲ་བ་ཚང་མས་མཉམ་དུ་ནུས་པ་སྤུང་ཐུབ་དགོས་རྒྱུ་འཛམ་གླིང་གི་ཆབ་སྲིད་ནང་གལ་ཆེན་པོ་བརྩི་ཡི་ཡོད། ཉེ་ཆར་མང་གཙོའི་དུས་དྲན་གྱི་གསུང་བཤད་ནང་དུ་དེ་བཀོད་ཡོད། ང་ཚོ་བཙན་བྱོལ་གྱི་མང་གཙོའི་སྒྲིག་འཛུགས་ནུས་པ་ལྡན་པ་དང་ཚགས་ཚུད་ཡོད་པ། བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་ཉམས་དམས་སུ་མི་འགྲོ་བ། ལྷག་པར་དུ་བོད་མིའི་ཆིག་སྒྲིལ་གྱི་གནས་བབ་དེ་ཉམས་དམས་སུ་མི་འགྲོ་རྒྱུ་ནི། ང་ཚོ་བཙན་བྱོལ་གྱི་མང་གཙོའི་སྲོག་ཤིང་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

ང་ཚོའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་ང་ཚོའི་ཕྱག་ལས་གནང་ཕྱོགས་ཀྱི་བརྒྱུད་རིམ། ༧གོང་ས་མཆོག་གི་དགོངས་གཞི་སོགས་གང་ལྟར་ང་ཚོ་རྩ་དོན་འཐབ་རྩོད་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཆགས་བསྡད་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་འགན་དབང་གལ་ཆེ་ཤོས་བོད་དོན་བདེན་མཐའ་སེལ་ཐབས་དང་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་ལ་ལྟ་རྟོག་བྱ་རྒྱུ། གཞིས་ལུས་བོད་མི་རྣམས་ཀྱི་དཀའ་ངལ་དེ་དག་སེལ་ཐབས། དེ་བཞིན་བོད་ཀྱི་ཁོར་ཡུག་སོགས་ཀྱི་འགན་དབང་མང་པོ་སྐུལ་ཡོད། དེར་བརྟེན་ང་ཚོའི་འཐབ་རྩོད་ཀྱི་དམིགས་ས་དེ་རྒྱ་ནག་གཞུང་གི་གནས་བབ་དེ་ཆགས་ཡོད། ད་ལྟའི་ཆར་རྒྱ་ནག་ནང་སྤྱི་ཡོངས་ནས་ལྟ་གྲུབ་དང་བསམ་བློ་མི་འདྲ་བ་གང་ལ་གང་འཚམ་ཡོད་པ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། བསམ་ཚུལ་དང་ལྟ་གྲུབ་མི་འདྲ་བ་ཙམ་གྱིས་རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་ག་འདྲ་ཞིག་འགྲོ་ཡི་ཡོད་པ་ང་ཚོས་ཞུ་ཚོད་ཐིག་གི་མེད་ལ། མུ་མཐུད་མཁྲེགས་བཟུང་གི་རྣམ་པ་དེ་ཐོན་བསྡད་ཡོད། རིང་མིན་ཕྱི་ཟླ་ ༡༠ ཚེས་ ༡༦ ཉིན་རྒྱ་ནག་གི་ཚོགས་ཆེན་དེ་འཚོགས་གཏན་འཁེལ་ཡོད་པ་རེད། དེའི་ཐོག་ནས་རྒྱ་ནག་གི་ད་ལྟའི་མགོ་ཁྲིད་དེ་ཚོ་འགྱུར་བ་ཐེབས་ཀྱི་ཡོད་དང་མེད། ལྷག་པར་ད་ལྟ་སྲིད་འཛིན་ཞི་ཅིན་ཕིན་གྱི་ལས་ཡུན་མུ་མཐུད་གནས་རྒྱུ་ཡིན་པ་དབྱེ་ཞིབ་པ་ཚོས་ཐག་བཅད་ནས་གསུངས་བསྡད་ཡོད། དེའི་ཐོག་ནས་བོད་ནང་གི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་ཡི་ཡོད་མེད་དེ་དྲི་བ་ཆེན་པོ་ཞིག་ཆགས་བསྡད་ཡོད།

དེ་བཞིན། སྲིད་འཛིན་ཞི་ཅིན་ཕིན་གྱི་འདས་པའི་ལོ་བཅུ་རིང་རྒྱ་ནག་ནང་ལོགས་ཀྱི་སྲིད་ཇུས་ཐོག་ནས་གནས་བབ་ག་འདྲ་བསྐྲུན་ཡོད་པ་དང་རྒྱ་ནག་གི་བཙན་འཛུལ་འོག་ཡོད་པའི་བོད་མཚོན་པའི་གྲངས་ཉུང་མི་རིགས་སོགས་ཀྱི་གནས་བབ་ག་འདྲ་ཆགས་ཡོད་མེད་ཀྱི་གནས་སྟངས་གང་ལ་གང་འཚམ་ཁ་གསལ་བོ་ཆགས་བསྡད་ཡོད། ད་དེ་འདྲ་བའི་སྲིད་ཇུས་མུ་མཐུད་ནས་ཕྱིན་པ་ཡིན་ན། ང་ཚོའི་ངོས་ནས་གདོང་ལེན་དང་ཁ་གཏད། འཆར་གཞི་ག་འདྲ་སྒྲིག་དགོས་པ་སོགས་ཀྱི་བྱེད་སྒོ་དག་གལ་ཆེན་པོ་ཆགས་ཡོད། བོད་ཀྱི་བཞུགས་མོལ་ཚོགས་འདུ་ཟེར་བ་དེ་ཕྱི་ལོ་ ༢༠༢༠ ལོར་འཚོགས་ཡོད་པ་དང་རྒྱ་ནག་གི་སྲིད་ཇུས་དེའི་ཐོག་ནས་བོད་ནང་ལ་སྲིད་ཇུས་ག་རེ་འཛིན་གྱི་ཡོད་མེད་དབྱེ་ཞིབ་གནང་གི་ཡོད། སྲིད་ཇུས་དེའི་ཐོག་ནས་ང་ཚོའི་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་ལས་འགུལ་སོགས་ཤུགས་ཆེན་སྤེལ་བཞིན་འདུག དེ་རྗེས་ཕྱི་ལོ་ ༢༠༢༡ ཟླ་ ༨ ནང་ཞི་ཅིན་ཕིན་ལྷ་སར་ཕེབས་པ་རེད། ལྷ་སར་ཀྲུང་ཧཱ་མི་རིགས་གཅིག་མཐུན་གྱི་འདུས་གྲུབ་ཟེར་ནས་མི་རིགས་མཉམ་བསྲེས་ཀྱི་ལྟ་གྲུབ་ཤུགས་ཆེན་པོ་བསླེབས་ཡོང་གི་ཡོད། ད་ལྟ་བོད་ཀྱི་མགོ་ཁྲིད་དེ་ཚོས་བཀའ་མོལ་གསུང་ཡོང་དུས། དང་པོ་གྲོང་ཁྱེར་དང་ལྷག་པར་གྲོང་གསེབ་ཁག་ཏུ་ལྟ་གྲུབ་དེ་ཚོ་ལག་བསྟར་བྱེད་ཀྱི་ཡོད། གང་ལྟར་བོད་ཀྱི་བཞུགས་མོལ་ཚོགས་འདུ་དང་ཞི་ཅིན་ཕིན་ལྷ་སར་ཕེབས་པ་དེ་ཚོའི་ཐོག་ནས་བལྟས་ཡོང་དུས། ཐད་ཀར་ཞུས་པ་ཡིན་ན་འཆར་གཞི་དང་དམིགས་ཡུལ་ཡོད་པའི་ཐོག་ནས་བོད་མི་རིགས་རྩ་མེད་གཏོང་བའི་བསམ་བློ་འདུག་ཅེས་ངོས་འཛིན་ཞུས་ན་ཞུ་མི་ཐུབ་པའི་གནས་སྟངས་གང་ཡང་མི་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༦ ནང་གྲོས་ཚོགས་ཀྱིས་གཙོ་འགན་འཁུར་ནས་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་༨ པ་སྐོང་འཚོག་ཞུ་ཐུབ་ཡོད་པ་རེད། སྐབས་དེ་དུས་༧གོང་ས་མཆོག་གི་གསུང་འཕྲིན་གནང་ཡོད་ལ། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་ཕི་ལོ་སི་མཆོག་དབུ་འབྱེད་ལ་དངོས་སུ་ཕེབས་པ་དང་། རྒྱལ་ཁབ་ཁག་ ༢༨ གྱི་གྲོས་ཚོགས་འཐུས་མི་དངོས་སུ་ཕེབས་པ་དང་།དྲ་ལམ་ནས་ཀྱང་འཛུལ་ཞུགས་བྱེད་ཐུབ་ཡོད། ཉིན་གཉིས་རིང་གི་གྲོས་ཚོགས་སྟེང་དུ་བོད་དོན་གྱི་ལས་འཆར་དང་བསྒྲགས་གཏམ་སྤེལ་བར་ཧ་ཅང་ཡག་པོ་བྱུང་ཡོད། རྒྱ་ནག་གིས་བོད་ཀྱི་གནད་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནས་ཚུལ་ཞིག་ངོས་འཛིན་བྱེད་ཀྱི་ཡོད་པ་དེ། རྒྱལ་སྤྱིའི་གནས་བབ་ཐོག་ནས་བོད་དོན་ནི་རྒྱལ་སྤྱིའི་ངོ་བོ་ཞིག་ཏུ་གྱུར་ཡོད་པ་གསལ་བ་ཆགས་ཡོད་པར་བསམ་བྱུང་།ལོ་ངོ་ ༦༠ རིང་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། གྲོས་ཚོགས་དང་ས་གནས་བོད་མིའི་ནུས་པ་མཉམ་སྤུངས་ལ་བརྟེན་ནས་ལས་དོན་ཚགས་ཚུད་ཆགས་འདུག

དེ་བཞིན་བཀའ་ཤག་དང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་། རྒྱལ་སྤྱིའི་དོན་ལས་འགུལ་ཁང་བཅས་ཀྱི་མཉམ་རུབ་མཐུན་སྦྱོར་ཡག་པོ་གནང་སོང་བས། དེ་རིང་འདིར་བརྒྱུད་ནས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གྲོས་ཚོགས་ཚོགས་ཐུན་བཞི་བའི་ལས་རིམ་སྙན་སྦྱོར་ཞུ་བར་མྱ་ངན་གྲོས་ཆོད་གྲོས་གཞི་དོན་ཚན་གསུམ་ཡོད། དང་པོ་ནི་ཕྱི་ལོ་༢༠༢༢ ཟླ་༣ ཚེས་ ༢༧ ཉིན་རྔ་བ་ཀིརྟི་དགོན་པའི་ཉེ་འགྲམ་དུ་བཀྲ་ཕུན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཡོད་པ་རྗེས་སུ་འདས་གྲོངས་ཕྱིན་ཡོད་པ་ཤེས་རྟོགས་བྱུང་པས་ཁོང་ལ་མྱ་ངན་གྱི་གྲོས་ཆོད་དང་། གཉིས་པ། སྤྱི་འཐུས་ཟུར་བ་བྱ་སྲང་ཚེ་དབང་རྣམ་རྒྱལ་ལགས་ཕྱི་ལོ་ ༢༠༢༠ ཟླ་༧ ཚེས་ ༢༣ འདས་གྲོངས་ཕྱིན་ཀྱང་། ཉེ་ཆར་འབྲེལ་ཡོད་ནས་ཤེས་རྟོགས་བྱུང་བར། དགུང་ལོ་༨༤ སྟེང་ཨ་རི་ནས་སྐུའི་འཕན་པ་རྫོགས་པར་མྱ་ངན་གྱི་གྲོས་གཞི་གྲོས་ཆོད་གཅིག་འཁོད་ཡོད། གསུམ་པ། ང་ཚོ་བོད་ཀྱི་བློས་ཐུབ་གྲོགས་པོ་ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེས་མཆོག་ཕྱི་ཟླ་༧ ཚེས་༨ ཉིན་འོས་བསྡུའི་དྲིལ་བསྒྲགས་སྐབས་སུ་ཡུལ་མི་ཞིག་གིས་མེ་མདས་བརྒྱབ་ནས་སྐུའི་འཕན་པ་རྫོགས་འདུག་པར་གྲོས་ཚོགས་ཐོག་མྱ་ངན་གུས་འདུད་ཀྱིས་གྲོས་ཆོད་གྲོས་གཞི་འཁོད་ཡོད།

བོད་ནང་གི་ཛ་དྲག་གནད་དོན་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་གཞི་གཅིག་འཁོད་ཡོད། འདི་ནི་ཕྱི་ལོ་ ༢༠༠༨ ནས་ད་ལྟ་བར་བོད་ནང་གི་ཛ་དྲག་གི་གནས་སྟངས་གནས་བསྡད་ཀྱི་འདུག གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་གཞི་དེའི་ནང་དུ་བོད་ཀྱི་ཆབ་སྲིད་གནས་བབ་ཐོག་ལ། འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ཡོངས་དགོངས་ཚུལ་དང་བྱེད་ཕྱོགས་ག་འདྲ་གནང་སྟངས་ཁ་གསལ་ཡོང་གི་རེད། བཅའ་ཁྲིམས་དང་ཁྲིམས་སྒྲིག་བསྐྱར་བཅོས་རིགས་གཅིག་ཡོང་གི་རེད། དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཅི་ཆགས་རྟོག་ཞིབ་ཆེད་བཙུགས་ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་སུ་སླེབས་ཡོད། གྲོས་ཚོགས་ཀྱི་ལས་དོན་མང་པོ་བྱེད་རྒྱུ་ནི་ཕྱི་ལོ་ ༢༠༢༡་ ནས་ ༢༠༢༢་ལྷན་ཁང་ཁག་ཁྱབ་ཁོངས་དང་བཅས་པའི་དབུས་རྒྱུན་གྱི་ལས་སྡོམ་དང་། ལྷན་ཁང་ཁྱབ་ཁོངས་དང་བཅས་པའི་ལས་སྡོམ་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་བྱས་པའི་སྙན་ཐོ་གྲོས་ཚོགས་སུ་སླེབས་ཀྱི་ཡོད་པའི་ཐོག་ལ་བགྲོ་གླེང་དང་གསལ་བཤད། ལན་འདེབས་བཅས་བྱེད་ཀྱི་རེད།

དེ་བཞིན་སྐབས་ཐོག་གི་དྲི་བ་དང་གཞུང་འབྲེལ་གྱི་གྲོས་ཆོད་རིགས་བཅས་ཡོང་གི་ཡོད་པ་གྲོས་ཚོགས་ཚོགས་དུས་བཞི་པའི་རགས་ཟིན་དང་། ལས་རིམ་གྱི་ནང་དུ་ཆ་ཤས་བཞེས་པའི་སྐབས་བོད་མི་མང་གི་བཅའ་ཁྲིམས་བཀུར་བའི་ཐོག་ནས་བཀའ་ཤག་དང་་སྤྱི་འཐུས་རྣམ་པས་ལྷག་བསམ་དང་སེམས་ཤུགས་ཀྱིས་བོད་ཀྱི་རྩ་དོན་ཐུགས་ཕན་སོས་ཐུབ་པའི་བསམ་ཚུལ་སྤུངས་རྒྱུ་གལ་ཆེན་པོ་རེད། མཚམས་རེ་སྒེར་གྱི་ཚོར་བས་གྲོས་ཚོགས་ཀྱི་ལས་རིམ་ལ་བར་ཆད་ཆགས་ཀྱི་འདུག དེ་ནང་བཞིན་སྤྱི་ཚོགས་ནང་དུ་གོ་བརྡ་ལོགས་ཀ་ཆགས་མི་སྲིད་པ་མེད་དུས། ཚང་མས་ལྷག་བས་མརྣམ་དག་འགན་འཁུར་བཞེས་ནས་བགྲོ་གླེང་དང་ལན་འདེབས། ཆ་ཤས་བཞེས་སྟངས་སོགས་ལ་བོད་སྤྱི་བའི་ལས་དོན་ཐོག་འབབ་པར་དགོངས་པ་རྒྱ་ཆེ་ས་བཞེས་པར་འབོད་སྐུལ་ཞུ་རྒྱུ་ཡིན། ལས་རིམ་རྣམ་གཞག་ཀྱང་ཁྲིམས་སྒྲིག་ནང་བཞིན་འགྲོ་ཐུབ་པ་ཡིན་ན་དཀའ་ངལ་མི་འདུག་ལ། ཁྲིམས་སྒྲིག་བཞིན་འགྲོ་མ་ཐུབ་དུས་ཚོགས་གཙོ་གཙོ་སྐྱོང་བྱེད་ཕྱོགས་ལའང་བསམ་བློ་མང་པོ་ཞིག་གཏོང་དགོས་ཀྱི་འདུག ཁྲིམས་སྒྲིག་གཞིར་བཟུང་གིས་འགྲོ་ཐུབ་པ་ཡིན་ན་དཀའ་ངལ་གང་ཡང་ཡོང་གི་མི་འདུག ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་དང་སྐལ་བཟང་སྦྱིན་པ་གཉིས་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

སྐར་མ ༥༨ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese