མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འདས་མ་ད་གསུམ་གང་དུའང་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་ཞུ་ཡི་མེད།

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༨ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཛོམས་ཐེངས་བཞི་བའི་ལས་ཉིན་གཉིས་པའི་ཚོགས་ཐུན་དང་པོའི་སྟེང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལེའུ་བདུན་པའི་དོན་ཚན་ ༢༢ དགོངས་དོན་ལྟར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱི་དོན་ཚན་གསུམ་ཅན་གྱི་སྐར་རྟགས་ཅན་གྱི་དྲི་བ་དང་འབྲེལ། སྤྱི་འཐུས་ཚོགས་གཙོ་མཆོག་གི་སྟངས་འཛིན་བཀའ་འཁྲོལ་འོག སྐར་རྟགས་ཅན་གྱི་དྲི་བ་དེ་དང་འབྲེལ་བའི་འཕྲོས་དོན་དྲི་བ་བཅོ་བརྒྱད་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

སྐབས་དེར་སྐར་རྟགས་ཅན་གྱི་འཕྲོས་དོན་དང་འབྲེལ་ནས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གཙོས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་སྤྱི་འཐུས་མཁན་པོ་ཀ་བྲག་བསོད་ནམས། སྤྱི་འཐུས་ཨ་ཀྲུག་ཚེ་བརྟེན་ལགས་སོགས་ཀྱིས། སྲིད་སྐྱོང་མཆོག་གི་བོད་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་པའི་བཀའ་མོལ་དེ། སྲིད་སྐྱོང་མཆོག་གིས་ཕར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་གསུངས་པའམ་ཡང་ན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་ཚུར་སྲིད་སྐྱོང་མཆོག་ལ་གསུངས་པ་གང་ཡིན་དང་། དབུ་མའི་ལམ་གྱི་སྲིད་བྱུས་དང་སྲིད་ཇུས་ཞེས་བྱུས་དེ་གཉིས་ལོགས་གར་འབྲི་དགོས་དོན་གང་ཡིན་སྐོར་སོགས་དྲིས་པའི་ལན་དུ།  སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བཀའ་ཤག་གི་ལན་འདིའི་ནང་ལ་ག་རེ་ཞུ་ཡི་ཡོད་ཟེར་ན། སྐབས་དེ་དུས་གནས་སྟངས་འགྲེལ་བཤད་བརྒྱབ་ཡོད། སྲིད་སྐྱོང་དང་འབྲེལ་ཡོད་ལས་བྱེད་ཁག་ཅིག་གིས་དམིགས་བསལ་འབྲེལ་མཐུད་པ་དང་མཇལ་ཁ་བཅར་བ་རེད། དེ་ནས་མར་ཐོན་པ་དང་གསར་འགོད་པ་སྒུག་བསྡད་འདུག གསར་འགོད་པས་སྐབས་དེར་སྐད་ཆ་ག་རེ་བྱུང་ཡོད་པ་དང་གྲུབ་འབྲས་ག་རེ་བྱུང་སྐོར་གྱི་དྲི་བ་དྲིས་པའི་སྐབས་སུ། བོད་རང་བཙན་ཡིན་པའི་གནས་བབ་དང་། ད་ལྟ་བོད་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་པ། དབུ་མའི་ལམ་གྱི་སྲིད་ཇུས་འདིའི་འོག་ནས་དབུ་མའི་ལམ་གྱི་སྲིད་ཇུས་ལ་གདེང་འཇོག་རག་པའི་གནད་དོན་ཐོག་ལ་ག་འདྲ་བྱེད་དགོས་མིན། ཨ་རིའི་གཞུང་གི་སྲིད་ཇུས་འཛིན་སྟངས་ག་འདྲ་ཡིན་མིན་དེ་ཚོའི་སྐོར་ལ་གླེང་མོལ་བྱུང་སོང་ཟེར་ནས་བཤད་པ་རེད་མ་གཏོགས། སྐད་ཆ་འདི་བཤད་པ་དེས་བཀའ་ཤག་གི་ལངས་ཕྱོགས་དང་སྲིད་ཇུས་འཛིན་སྟངས་འདི་ཡིན་གདའ་ཟེར་ནས་ལབ་ཀྱི་མེད།

སྐད་ཆ་མགོ་བཙུགས་པའི་སྐབས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དེ་གལ་ཆེན་པོ་ཡིན་པར་བརྟེན། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་སྒང་ལ་ཨ་རིའི་གྲོས་ཚོགས་དང་ཨ་རིའི་འཛིན་སྐྱོང་གི་ངོས་ནས་སྲིད་ཇུས་འཛིན་སྟངས་གཅིག་པ་དགོས་ཀྱི་འདུག་བསམ་ནས་ཞུས་པ་རེད། འདི་ཞུ་དགོས་པའི་རྒྱུ་མཚན་ནི་ཨ་རིའི་གྲོས་ཚོགས་དང་ཨ་རིའི་འཛིན་སྐྱོང་དབར་ལ་བོད་དོན་གྱི་སྒང་ལ་བཞེངས་ཕྱོགས་མི་འདྲ་བ་ཞིག་རང་བཞིན་གྱིས་ཆགས་ཡོད། ད་ལྟའི་བཀའ་ཤག་གིས་གོ་སྐབས་འདི་བཟུང་བའི་ཐོག་ནས་ཨ་རིའི་གྲོས་ཚོགས་ཀྱི་ཡིག་ཆའི་ནང་ ༡༩༩༡ ནས་བཟུང་ (Tibet is an occupied country) ཟེར་བའི་སྲིད་ཇུས་འཛིན་གྱི་ཡོད། འོན་ཀྱང་ཨ་རིའི་འཛིན་སྐྱོང་གི་ངོས་ནས་གྲོས་ཚོགས་ཀྱི་སྲིད་ཇུས་འཛིན་སྟངས་དང་གཅིག་མཚུངས་བཟུང་མེད།  དེར་བརྟེན། ཕྱི་ལོ་ ༢༠༢༡ གི་ (Negotiation Report) ཟེར་བ་འདི་ ༢༠༠༢ ཀྱི་ (Tibet Policy Act) ཟེར་བའི་ཁྲིམས་ཡིག་འདིའི་འོག་ནས་འཛིན་སྐྱོང་གིས་གྲོས་ཚོགས་ལ་ལོ་རྟག་པར་བོད་རྒྱ་འབྲེལ་མོལ་གཙོ་བོ་བྱས་པའི་ ༢༠༠༢ ཀྱི་ཨ་རིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་དགོངས་དོན་སྙན་ཐོ་ཕུལ་དགོས་ཀྱི་ཡོད་རེད། ད་ལྟ་འདི་ལ་བསྐྱར་བཅོས་ཕྱིན་ནས་ ༢༠༢༠ ལོར་ (Tibet Policy and Support Act) ཟེར་གྱི་ཡོད། ཕྱི་ལོ་ ༢༠༢༡ ལོའི་ (Negotiation Report) ནང་གི་བོད་རྒྱ་གྲོས་མོལ་གྱི་སྙན་ཐོའི་ནང་། དེ་སྔ་ཨ་རིའི་གཞུང་གིས་ (We recognize Tibet as part of PRC) ལབ་ཡོད།  དེར་བརྟེན་ད་ལན་དེ་ལ་ཐ་སྙད་གཅིག་འགྱུར་བ་བཏང་ཡོད།  ཚིག་(recognize) ཟེར་བའི་ཚབ་ལ་ (view) ཟེར་བ་དེ་བརྒྱབ་ཡོད།  recognize ཟེར་བ་དེ་ངོས་འཛིན་བྱེད་ཀྱི་ཡོད་ཟེར་བ་དེ་རེད། view ཟེར་དུས་ལྟ་སྟངས་ལབ་ཀྱི་ཡོད།  ཨ་རིའི་གཞུང་གི་ལྟ་སྟངས་ལ་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རྩིས་ཀྱི་ཡོད་ཟེར་བའི་སྲིད་ཇུས་བཟུང་བསྡད་ཡོད་པར་བརྟེན། ང་ཚོར་ཚུར་སྐད་ཆ་འདྲི་མི་དགོས་པར་ཕར་ཞུ་དགོས་པའི་རྒྱུ་མཚན་དེ་འདྲ་ཆགས་ཀྱི་ཡོད། བོད་རང་བཙན་གྱི་གནས་བབ་དེ་གལ་ཆེན་པོ་ཡིན་པ་དང་འདིའི་སྐོར་ལ་ང་ཚོའི་གྲོས་ཚོགས་ནང་དུ་ཉན་ཞིབ་བྱ་རྒྱུའི་འཆར་གཞི་སྒྲིག་གི་ཡོད། དེ་བཞིན་གྲོས་ཚོགས་ནང་དུ་ཁྲིམས་འཆར་འདོན་རྒྱུའི་འཆར་གཞི་སྒྲིག་གི་ཡོད་པ་སོགས་འགྲེལ་བཤད་བརྒྱབ་ཡོད།

ནེའུ་ཡོག་ལ་གཏམ་བཤད་བྱས་པ་དེ་ཆ་ཚང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ང་ཚོའི་སྲིད་ཇུས་དང་འབྲེལ་བའི་ཐོག་ནས་གསལ་བཤད་ནང་ལོགས་ལ་འཁོད་ཡོད་པ་དག  གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་ནང་ལོགས་ཀྱི་བཀའ་ཤག་གི་སྲིད་ཇུས་སོགས་ལ་གཟིགས་ཡོད་ན། མགོ་མཇུག་ཆ་ཚང་དང་ད་ལྟའི་གསར་འགོད་པར་སྐད་ཆ་བཤད་པ་འདིའི་མགོ་མཇུག་བར་གསུམ་ཆ་ཚང་གཟིགས་པ་ཡིན་ན། དེ་ལ་འགལ་ཟླ་འགྲོ་དགོས་རྒྱུ་མེད། བཀའ་ཤག་གི་སྲིད་ཇུས་ལངས་ཕྱོགས་དེ་ད་ལྟ་བོད་འདི་རྒྱ་ནག་གི་བཙན་འཛུལ་བྱས་པའི་ལུང་པ་ཞིག་རེད་ཟེར་བ་འདི་ནེའུ་ཡོག་ཏུ་གསལ་པོ་བཤད་ཡོད། བོད་ཀྱི་གནད་དོན་འདི་ཐག་མ་ཆོད་བར་དུ་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཟེར་ནས་ངོས་འཛིན་བྱེད་ཐུབ་ཀྱི་མ་རེད། སྔོན་མ་ཡིན་ནའང་བཤད་ཡོད། ད་ལྟ་ཡིན་ནའང་བཤད་ཀྱི་ཡོད། ད་ལྟ་ནང་དོན་ག་རེ་སྐད་ཆ་བྱུང་སོང་ཟེར་དུས་སྐད་ཆ་འདི་འདི་བྱུང་སོང་ལབ་པ་མ་གཏོགས། དེའི་རྗེས་ལ་ནེའུ་ཡོག་ཏུ་སྐད་ཆ་དྲིས་པའི་སྐབས་སུའང་བོད་འདི་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་རེད་ཟེར་ན་ཟེར། དེ་འདྲ་སོང་ཙང་ད་ལྟ་འཐབ་རྩོད་བྱེད་པའི་གནས་བབ་ཅིག་ལ་བསླེབས་ཡོད་རེད་ཟེར་ནས་གསལ་པོ་ཞུས་ཡོད་མ་གཏོགས། བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་འདི་རེད་ཟེར་ནས་རྩ་བ་ཉིད་ནས་ཞུ་ཡི་མེད། ད་ལྟ་ཡིན་ནའང་ཞུ་ཡི་མེད། དེའི་སྔོན་ལ་ཡིན་ནའང་ཞུ་ཡི་མེད། མ་འོངས་པ་ལའང་ཞུ་སྲིད་ཀྱི་མ་རེད།

ང་ཚོས་ནང་འགལ་ཆགས་ཉེན་དེ་ག་རེ་བྱས་ནས་ལབ་ཀྱི་ཡོད་རེད་ཟེར་ན། ཁྱེད་རང་ཚོས་ཕྱོགས་གཅིག་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་ལབ་ཀྱི་འདུག ཕྱོགས་གཞན་ཞིག་ནས་བོད་རྒྱ་འབྲེལ་མོལ་ལ་རྒྱབ་སྐྱོར་ཡོད་ལབ་ཀྱི་འདུག འདི་གཉིས་ནང་འགལ་ཆགས་རྒྱུའི་ཉེན་ཁ་འདུག རྒྱུ་མཚན་ནི་བོད་ནང་ལོགས་ལ་ར་མགོ་ནང་བཞིན་རྒྱ་ནག་གིས་བདམས་འདུག རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ལབ་ཡོང་དུས། རྒྱ་ནག་ང་ཚོའི་འགྲམ་དུ་ཡོང་ནས་སྐད་ཆ་བཤད་དགོས་པའི་རྒྱུ་མཚན་མི་འདུག་ཟེར་ནས་འགྲེལ་བཤད་ཞུ་ཡི་ཡོད། བོད་རང་བཙན་གྱི་གནས་བབ་འདི་བཤད་པ་ཡིན་ན་རྒྱ་ནག་གིས་ང་ཚོ་ལ་སྐད་ཆ་བཤད་དགོས་པའི་གནས་སྟངས་ཤིག་འགྱུར་ཐུབ་ཀྱི་རེད་བསམ་ནས་དབུ་མའི་ལམ་ལ་གདེང་འཇོག་ཡོང་རྒྱུ་ཟེར་བ་དེ་རྒྱུ་མཚན་འདིའི་ཐོག་ནས་འགྲེལ་བཤད་བརྒྱབ་ཀྱི་ཡོད།

སྔོན་མ་གནས་སྟངས་ཡོད་མེད་དེ་སྐབས་སྔོན་མའི་འགན་འཁྱེར་མཁན་ཚོས་ཤེས་ཀྱི་རེད། ང་ལ་རྩིས་སྤྲོད་རྩིས་ལེན་གྱི་སྐབས་སུ་གནས་སྟངས་དེ་འདྲ་ཆགས་བསྡད་ཡོད་པ་དང་། དེ་ཚོ་ལ་འགྲེལ་བཤད་དེ་འདྲ་བརྒྱབ་ཡོད་པ་རེད། འགྲེལ་བཤད་དེ་འདྲ་བརྒྱབ་དགོས་རེད་ཟེར་ནས་གསུངས་རྒྱུའི་གནས་སྟངས་གང་ཡང་མ་བྱུང་། ད་ལྟའི་བཀའ་ཤག་གིས་ཐབས་ལམ་དེ་འདྲ་བཟུང་ན་ང་ཚོ་ལ་ཁེ་ཕན་ཡོད་ས་རེད་བསམ་ནས་ང་ཚོས་སྲིད་ཇུས་དེ་འདྲ་བཟུང་བ་ཡིན། གལ་སྲིད་དེ་འདྲ་བཟུང་ན་འགྲིག་གི་མི་འདུག བོད་རང་བཙན་གྱི་གནས་བབ་སྐོར་ལ་བཤད་ན་ང་ཚོར་ཁེ་ཕན་གང་ཡང་མི་འདུག བཀའ་ཤག་གི་བྱེད་སྟངས་འདི་འགྲིག་གི་མི་འདུག་ཟེར་ནས་གྲོས་ཚོགས་ཀྱིས་ཐག་གཅོད་ཀྱི་ཡོད་ན། དེ་རིང་ནས་བཟུང་གྲོས་ཚོགས་ཀྱིས་ག་དུས་ཐག་གཅད་རུང་། ཉིན་མོ་དེ་ནས་བཟུང་ང་ཚོས་འཛམ་གླིང་ནང་དུ་གནད་དོན་འདིའི་སྐོར་ལ་བཤད་རྒྱུ་མཚམས་འཇོག་གི་ཡིན། དེ་འགྲིག་གི་མི་འདུག་མ་གསུངས་བར་དུ་ང་ཚོ་བཀའ་ཤག་གི་ལངས་ཕྱོགས་དེ་ག་རང་འཁྱེར་ནས་འགྲོ་རྒྱུ་ཡིན།

སྤྱིར་བཏང་གིས་འཛམ་གླིང་ནང་དུ་བོད་འདི་རང་བཙན་རེད་ཟེར་ནས་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་གཅིག་ཀྱང་མེད། ཨ་རིའི་གྲོས་ཚོགས་ཀྱི་ལངས་ཕྱོགས་ནི་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་རེད་ཟེར་ནས་བྲིས་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་དེ་བཀག་ཐུབ་ཀྱི་མེད་ན་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་རེད་འབྲི་རོགས་བྱས། ཡང་ན། འདི་བསྐྱར་ལྡབ་མ་བྱེད་རོགས་ཟེར་ནས་ང་ཚོས་ཞུ་ཡི་ཡོད། རྒྱ་གར་གཞུང་གིས་ ༢༠༡༤ ནས་བསྐྱར་ལྡབ་བྱེད་ཀྱི་མེད། རྒྱ་ནག་གཅིག་གྱུར་ཟེར་བ་དེ་ཐའེ་ཝན་གཅིག་པུ་ལ་གོ་དགོས་རེད། ཡང་ན་བོད་དང་ཤར་ཏུར་ཀི་སི་ཐན་དེ་ཚོ་ལའང་གོ་དགོས་ཀྱི་ཡོད་མེད་སོགས་གོ་བ་ལེན་སྟངས་སྣ་ཚོགས་ཡོད། རྒྱ་གར་གཞུང་གིས་རྒྱ་ནག་གིས་བཤད་པ་ནང་བཞིན་ (One China Policy) འཛིན་དགོས་ཀྱི་ཡོད་ན། རྒྱ་ནག་གིས་ (One India Policy) འཛིན་དགོས་ཀྱི་ཡོད་ཟེར་བའི་གནད་དོན་དེ་འདྲའི་ཐོག་ནས་བསྐྱར་ལྡབ་བྱས་མེད།  ཉེ་བའི་ཆར་ཐའེ་ཝན་གྱི་གནས་ཚུལ་བྱུང་ཚར་བའི་རྗེས་སུ་རྒྱ་ནག་གཞུང་གིས་གཞུང་ཚབ་ཚང་མར་ཡི་གེ་བཏང་ནས་རྒྱ་ནག་གཅིག་གྱུར་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་སོ་སོའི་ཐོ་གཞུང་འཁྱེར་ཤོག་ཟེར་བ་དེ་འདྲ་བྱུང་ཡོད་པ་དང་། དེང་སང་རྒྱ་ནག་གཞུང་གིས་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཟེར་གྱི་མེད་པ་བཤད་མཁན་བྱུང་། དེ་འདྲ་ཡིན་ན་གལ་སྲིད་རྒྱ་ནག་གཞུང་གིས་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཟེར་དགོས་ཀྱི་མེད་ཚེ།  ཨ་རིའི་གཞུང་གི་ངོས་ནས་ཨུ་ཚུགས་བརྒྱབ་ནས་འབྲི་དགོས་པའི་རྒྱུ་མཚན་ག་ཡིན་ནམ། འདི་ཡིན་རུང་རྩོད་པ་བརྒྱབ་ཀྱི་ཡོད་གདའ། དེར་བརྟེན་རྒྱལ་ཁབ་སོ་སོའི་སྲིད་ཇུས་འཛིན་སྟངས་ཀྱི་ཐོག་ནས་ཞིབ་ཕྲ་ཆ་ཚང་བ་ཞིག་འཛམ་གླིང་ཡོངས་རྫོགས་ཤེས་ཀྱི་མེད་དེ། ད་ལྟ་བར་དུ་རྒྱལ་ཁབ་གཅིག་གིས་ཀྱང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། ཉི་ཧོང་གི་གྲོས་ཚོགས་ནང་དུ་རྒྱབ་སྐྱོར་ཡག་པོ་ཡོད།  གྲོས་ཚོགས་ཀྱི་འཐུས་མི་ ༡༠༠ ལྷག་ཡོད་ཟེར་ནས་གསུངས་ཀྱི་ཡོད་དེ་ད་ལྟའང་གཞུང་ལ་འབྲེལ་བ་བྱ་རྒྱུ་དེ་ཁག་པོ་འདུག

ཁྱེད་རང་ཚོས་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཟེར་ནས་ལབ་ཀྱི་ཡོད་ན་ཁྲིམས་འགལ་ཆགས་ཀྱི་ཡོད་རེད་ཟེར་ནས་ལབ་ཀྱི་ཡོད། ད་ལྟ་ཐུག་ཚད་ཚང་མ་ལ་ལབ་ཡོད། འདི་ལབ་པའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོ་ཁྲིམས་འགལ་ཆགས་མེད་ཟེར་ནས་ཚུར་རྩོད་པ་བརྒྱབ་ཀྱི་མི་འདུག རྩོམ་པ་པོས་ཀྱང་ང་ལ་སྐད་ཆ་དྲིས་སོང་། འདི་ལ་ཁ་གཏད་གཅོག་མཁན་དེ་འདྲ་འདུག་གམ། གཞུང་གཞན་པ་ནས་འཆད་མཁན་དེ་འདྲ་འདུག་གམ། དཔེར་ན་ (Michael) གྱི་དེབ་དང་ (Professor Lao) ཡི་དེབ་འདོན་ནས་ལོ་གཉིས་ལྷག་འགྲོ་ཡི་ཡོད་རེད་དེ། ད་བར་རྒྱ་ནག་གིས་ལན་བརྒྱབ་མེད།  དེར་བརྟེན་ཁོང་གཉིས་ཀྱི་དེབ་འདི་ཁུངས་ལྡན་ཡིན་པ་སྟོན་གྱི་ཡོད།  ང་རང་ཚོས་ལོ་རྒྱུས་བྲིས་ཡོད་པ་དང་ད་ལྟ་ཕྱིའི་མི་ལ་འགྲེལ་བཤད་བརྒྱབ་དགོས་ཀྱི་ཡོད་དུས། བོད་པ་རང་གི་མ་ཡིན་པར་དེབ་རྩོམ་མཁན་གཅིག་རྒྱ་མི་རིགས་དང་ནུབ་ཕྱོགས་ཀྱི་མི་རིགས་རེད་གདའ། དེབ་དེ་ཡང་ཉེ་བའི་ཆར་བརྩམས་པ་དང་ཁུངས་མང་པོ་དེད་པའི་ཐོག་ནས་བརྩམས་པ་ཞིག་རེད། དེར་བརྟེན་འདི་ཁུངས་ལྡན་ཆགས་ཀྱི་ཡོད་རེད་ཟེར་ནས་འགྲེལ་བཤད་བརྒྱབ་ཀྱི་ཡོད།

ལོ་རྒྱུས་ཀྱི་ཆ་ནས་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཟེར་ནས་དུས་ནམ་ཡང་ལབ་མ་མྱོང་། དེ་ལས་ལྡོག་སྟེ་ང་ཚོས་འགྲེལ་བཤད་བརྒྱབ་ཀྱི་ཡོད།  འདི་གསལ་པོ་མཁྱེན་པ་གནང་རོགས་གནང་། གཞུང་གི་འཛིན་ཕྱོགས་ནི་ད་ལྟ་བོད་འདི་རྒྱ་ནག་གི་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་རེད།  གཞུང་འདི་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་དུས། མི་མང་ཡང་རང་བཞིན་གྱིས་འདིའི་འོག་ལ་ཚུད་འགྲོ་ཡི་ཡོད།  འདིའི་སྒྲུབ་བྱེད་ཀྱི་ཐོག་ནས་ཞུས་པ་ཡིན། དེ་མིན་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པ་དང་། ལོ་རྒྱུས་ཀྱི་ཐོག་ནས་བོད་འདི་རྒྱ་ནག་གི་ཆ་ཤས་མིན་པ་འདི་དེ་སྔ་གསལ་པོ་ཞུས་ཡོད་ལ། ད་ལྟའང་གསལ་པོ་ཞུ་ཡི་ཡོད། ཅེས་དང་། དབུ་མའི་ལམ་གྱི་སྲིད་བྱུས་དང་སྲིད་ཇུས་ཞེས་འབྲི་སྲོལ་མི་འདྲ་བ་གཉིས་བྱུང་བའི་ཐད་ཆབ་སྲིད་ཀྱི་རྒྱབ་ལྗོངས་གང་ཡང་མེད་པ་མ་ཟད། དེ་ལ་དོ་སྣང་ཡང་དམིགས་བསལ་གང་ཡང་བྱས་མེད་པས། སྲིད་བྱུས་དང་སྲིད་ཇུས་གཉིས་གཅིག་གྱུར་བཟོ་ཆོག་ཆོག་ཡིན་སྐོར་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་ད་ལྟ་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་ཡིག་ཐོག་ཏུ་གསལ་ཞིང་མཛད་སྒོ་རིམ་པའི་བཀའ་མོལ་དེ་བཞིན་གསུངས་སོང་བ་དང་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བའི་སྐད་ཆ་དེ་ཕྱིར་འཐེན་གནང་དགོས་སྐོར་གྱི་དོགས་འདྲི་གནང་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་ལྟ་དཔལ་ལྡན་ཚོགས་གཙོ་མཆོག་གི་བཀའ་འཁྲོལ་ཡོད་པའི་ཐོག་ནས། བོད་དེ་འདས་པའི་མི་ལོ་ ༧༠ དོན་གྲངས་རིང་བཙན་བཟུང་གི་འོག་ནས་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་ཟེར་བའི་ཚབ་ཏུ། བོད་དེ་འདས་པའི་མི་ལོ་་༧༠ དོན་གྲངས་རིང་རྒྱ་ནག་གི་བཙན་བཟུང་འོག་གནས་པའི་རྒྱལ་ཁབ་ཅིག་ཡིན་ཞེས་པར་བཅོས་པ་ཡིན་ན། བཀའ་ཤག་གིས་ངག་ཐོག་ནས་བཤད་བྱེད་བཞིན་པ་དང་ཏག་ཏག་བསྡད་ཀྱི་འདུག་ཞུ་རྒྱུ་ཡིན་ཞེས་དང་། བཀའ་ཤག་གིས་བོད་དང་རྒྱ་ནག་གཉིས་བར་སྐད་ཆ་བཤད་ནས་ཐབས་ཤེས་ཤིག་མ་འཐོན་གྱི་བར་དུ།  བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་པ་མ་ཟད་ལོ་རྒྱུས་ཀྱི་ཐོག་ནས་ཀྱང་ངོས་འཛིན་བྱེད་ཀྱི་མེད་སྐོར་དང་། གནད་དོན་དེ་དང་འབྲེལ་བའི་ཐ་སྙད་དང་འགྲེལ་བཤད་རྒྱག་སྟངས་དེ་བོད་པ་ཁོ་ནའི་སྲིད་ཇུས་ཙམ་མ་ཡིན་པར་རྒྱལ་ཁབ་གཞན་ལ་འགྲེལ་བཤད་བསྐྱོན་པར་འབྲེལ་བ་ཤུགས་ཆེན་ཡོད་སྟབས། གྲོས་ཚོགས་ཀྱིས་གྲོས་ཆོད་གྲོས་འཆར་ཞིག་འཇོག་ཐུབ་པ་ཡིན་ན་བཀའ་ཤག་ངོས་ནས་དེ་ལྟར་ཞུ་རྒྱུ་ཡིན་སྐོར་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༩ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist