མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ལུས་པོའི་ཁྲག་ནང་ནས་( DNA) འཐེན་སྦྱོར་བྱ་དགོས་པའི་རྒྱབ་ལྗོངས་དམིགས་ཡུལ།

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

སྤྱིར་ང་ཚོའི་གཟུགས་པོ་དེ་ཕྲ་ཕུང་མང་པོས་གྲུབ་ཡོད་པ་དང་། ( DNA) དེ་ཕྲ་ཕུང་དེ་དག་གི་དབུས་སུ་ཡོད་པའི་( Nucleus ) ནང་དུ་ཆགས་ཡོད། DNA ནི་མི་ཞིག་གི་མ་འོངས་པའི་ཕྱིའི་གཟུགས་དབྱིབས་ཀྱི་བཀོད་པ་ཐག་གཅོད་བྱ་རྒྱུའི་མ་དཔེ་དེ་ཡིན། ང་ཚོ་འགྲོ་བ་མི་ཡིན་པ་གཅིག་གྱུར་ཡིན་ཡང་ཕྱིའི་ལུས་པོའི་ཆ་ནས་མ་འདྲ་ས་མང་དག་ཅིག་ཡོད། དཔེར་ན། སྤྱི་ཡོངས་ནས་ནུབ་ཕྱོགས་པ་ཚོ་ང་ཚོ་ཨེ་ཤ་ཡ་དང་མི་འདྲ་བར་གཟུགས་རིང་ཞིང་སྐྲའི་ཁ་མདོག་སེར་པོ་དང་མིག་གི་མདོག་སྔོན་པོར་ཡོད་པ་མཐོང་ཆོས་སུ་ཡོད།    དེ་དག་གི་རྒྱུ་རྐྱེན་གཙོ་བོ་ནི་ང་ཚོ་མི་ཚང་མར་ (DNA) འི་བཀོད་རིམ་མ་འདྲ་བ་ཡོད་པའི་རྒྱུ་མཚན་གྱིས་རེད།

དེ་བཞིན་ང་ཚོར་གཅིག་མཚུངས་མེད་པའི་གཟུགས་པོའི་ཆ་ཤས་གདོང་དབྱིབས་(Face) དང་། མཛུབ་རིས་(Fingerprint ) དང་། མིག་རིལ་ནང་གི་ (Iris) དང་། གོམ་པ་སྤོ་སྟངས་ ( Gait Pattern) དང་ལ་སོགས་པའི་མ་འདྲ་བའི་ཆ་མང་དག་ཅིག་ཡོད་པ་དེ། དེང་སང་ཉེན་རྟོག་པ་ཚོས་ནག་ཅན་རྩད་གཅོད་ཀྱི་ཆེད་ཀམ་པུ་ཊར་ནང་ཉར་ཚགས་བྱེད་ཀྱི་ཡོད།   དཔེར་ན་ང་ཚོ་མི་ཚང་མར་མཛུབ་རིས་དང་( DNA) མ་འདྲ་བ་ཡོད་པ་མ་ཟད་མཐའ་ན་ཕ་མ་གཅིག་ལས་སྐྱེས་པའི་མཚེ་ཕྲུག་གཉིས་ཀྱི་མཛུབ་རིས་ལའང་ཁྱད་པར་ཡོད། མཛུབ་རིས་དེ་དག་མི་ཞིག་གི་མི་ཚེ་ཧྲིལ་པོར་འགྱུར་བ་འགྲོ་མི་སྲིད།   རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱལ་ཁབ་མང་པོས་རང་ཉིད་ཀྱི་མི་མང་གི་མཛུབ་རིས་ཉར་ཚགས་བྱེད་ཀྱི་ཡོད།  མཁོ་སྒྲུབ་བྱས་པའི་མཛུབ་རིས་དེ་དག་ནག་ཉེས་བྱུང་སར་རྙེད་པའི་མཛུབ་རིས་དང་གཤིབ་བསྡུར་བྱས་ནས་མཐའ་མ་ནག་ཅན་པ་འཛིན་བཟུང་བྱེད་ཀྱི་ཡོད།  དེ་བཞིན་ ( DNA) ནི་མཛུབ་རིས་ལས་ལྷག་པའི་ནག་ཅན་པ་རྩད་གཅོད་བྱེད་པའི་ཐབས་ལམ་བརྟན་ཤོས་དེ་ཡིན།  འོན་ཀྱང་དེས་གང་ཟག་མི་སྒེར་གྱི་གནས་ཚུལ་ཚད་ལས་བརྒལ་བ་མཁོ་སྤྲོད་ཐུབ་པས་དེ་རྒྱལ་སྤྱིའི་ནང་བགྲོ་གླེང་གི་རྩོད་གཞི་ཞིག་ཏུ་གྱུར་ཡོད།  མི་ཞིག་གི་ ( DNA ) བརྒྱུད་ཁོ་རང་ལ་ན་ཚ་གང་ཡོད་མེད་དང་། མ་འོངས་པར་ན་ཚ་ཅི་ཞིག་ན་རྒྱུའི་ཉེན་ཁ་ཡོད་མེད་དང་། ཕ་མ་དང་ཕྲུ་གུ་དང་སྤུན་སོགས་ཁོ་རང་གི་རིགས་བརྒྱུད་ཁུངས་འདེད་བྱེད་ཐུབ་པ་སོགས་ངོ་མཚར་ཆེ་བའི་གནས་ཚུལ་ཕྱོགས་བསྡུས་བྱེད་ཐུབ་ཀྱི་ཡོད།

རྒྱལ་ཁབ་མང་པོས་ཐབས་ལམ་དེ་དག་ནག་ཅན་པ་རྩད་གཅོད་ཀྱི་ཆེད་ལག་བསྟར་བྱེད་ཀྱི་ཡོད་རུང་། རྒྱ་ནག་གཞུང་ནས་དེས་ཉེས་སྐྱོན་མེད་པའི་བོད་མི་ཚོར་བགྲོད་ཤུགས་སྟངས་འཛིན་བྱ་རྒྱུའི་འཆར་གཞི་ཡོད་པ་མངོན་གསལ་རེད།  རང་ཉིད་ཀྱི་སྒེར་གྱི་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ་པའི་ལུས་པོའི་ཆ་ཤས་དེ་དག་གཞུང་ནས་རྒྱུ་མཚན་ཁ་གསལ་མེད་པར་བཙན་སྐུལ་གྱིས་འཐེན་སྦྱོར་བྱེད་མི་ཆོག་པ་དེ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ནང་གསལ་ཡོད།  རྒྱ་གར་གཞུང་གི་( Aadhaar) ལག་འཁྱེར་ལ་མི་མང་གི་མཛུབ་རིས་སྤྲོད་དགོས་པ་དེར་རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཀྱང་དེ་ཁྲིམས་མཐུན་མིན་པ་གསལ་ཡོད

ལྷ་མོ་སྐྱབས།

(MSc Forensic Science, Christ University Bangalore)

ཚན་རིག་གི་ལམ་ནས་ལག་དམར་རྩད་གཅོད་ཀྱི་སློབ་སྦྱོང་ཐོག་གཙུག་ལག་རབ་འབྱམས་པ་བྱེད་བཞིན་ཡོད།

འབྲེལ་ཡོད་གསར་འགྱུར།

བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist