མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་དོན་ཚན་ ༣༠ མང་མོས་གཏན་འབེབས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྲོས་ཚོགས་ཀྱི་ལས་ཉིན་བདུན་པའི་སྟེང་། སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་གནང་བར། སྤྱི་འཐུས་ཁག་ཅིག་གིས་བསྐྱར་བཅོས་ཁྲིམས་འཆར་ཡོངས་ལ་དགག་བྱ་བཏོན་པར་བརྟེན། ས་ཁང་སྒྲིག་གཞི་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་གྱི་བརྗོད་པ་དང་པོ་དང་གཉིས་པ་ཡོངས་མང་མོས་ཀྱི་ཐོག་ནས་གཏན་འབེབས་བྱུང་སོང་།

སྐབས་དེར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་བོད་མི་མང་སྤྱི་འཐུས་བཅུ་གཅིག་ལྷག་གིས་དོགས་འདྲི་དང་དགོངས་འཆར་སོགས་ཀྱི་ལམ་ནས་ཆ་ཤས་བཞེས་གནང་ཞིང་། སྤྱི་འཐུས་མང་ཤོས་ཀྱིས་དེ་སྔའི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་། ས་ཁང་ཐོབ་པའི་གཞིས་མིའམ། དེའི་འདོད་གཅིག་ནང་མི་སུ་རུང་གཅིག་ལས་མ་ཉུང་བ་གཞིས་ཁང་སོ་སོའི་ནང་ལོ་རེར་ཉུང་མཐར་ཟླ་གསུམ་གནས་སྡོད་བྱེད་དགོས་པའི་ཚབ་ཏུ། བསྐྱར་བཅོས་ནང་ལོ་གཉིས་རེར་ཉུང་མཐར་ཟླ་གཅིག་གནས་སྡོད་བྱེད་དགོས་ཞེས་པའི་ཐད་དོགས་འདྲི་དང་ས་ཁང་བདག་འཛིན་གྱི་སྒྲིག་གཞི་བསྐྱར་བཅོས་གནང་ཚེ་ལག་བསྟར་ཐུབ་པའི་གདེང་ཚོད་ཡོད་མེད་སོགས་ཀྱི་དྲིས་པའི་ལན་དུ། སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས། ས་ཁང་གི་སྒྲིག་གཞི་བསྐྱར་བཅོས་དེ་བོད་ནས་ཕེབས་པའི་རྗེས་འབྱོར་བ་ཚོར་སྡོད་ཁང་གི་མཐུན་རྐྱེན་བསྐྲུན་དགོས་ཀྱི་ཡོད་སྟབས། འབྱུང་འགྱུར་ཟླ་ ༦ ཙམ་ཡས་མས་ཀྱི་ནང་གཞིས་ཆགས་ཁག་ནས་ནང་སྲིད་ལས་ཁུངས་ཀྱི་མིང་ཐོག་ཏུ་ས་ཁང་གང་མང་རག་ཐབས་དང་འབྲེལ་བ་ཡོད་པ་ཡིན་པའི་གསལ་བཤད་དང་སྦྲགས།

ད་ལྟའི་བར་གཞིས་ཆགས་ཁག་ཅིག་ནང་ས་ཁང་སྒྲིག་གཞི་ལག་བསྟར་ཡག་པོ་འགྲོ་ཡི་ཡོད་དང་གཞིས་ཆགས་ཁ་ཤས་ནང་ལག་བསྟར་འགྲོ་ཐུབ་ཀྱི་མེད་པ་སོགས་ས་ཁང་སྒྲིག་གཞི་ལག་བསྟར་ཐུབ་དང་མ་ཐུབ་ཀྱི་གནས་སྟངས་མང་པོ་ཡོད་པ་དང་། ས་ཁང་སྒྲིག་གཞི་ལག་བསྟར་གནང་ཕྱོགས་དེ་ཡང་འབྲེལ་ཡོད་མངའ་སྡེ་གཞུང་གི་སྲིད་ཇུས་ཁག་དང་བསྟུན་དགོས་པའི་གནས་སྟངས་ཡོད་ཅིང་། ད་ལྟའི་བར་ས་ཁང་ཕུལ་སྦྱིན་དང་ནང་བཤུག་སོགས་ཀྱི་དཀའ་ངལ་མང་ཆེ་བ་བཀའ་ཤག་སྐབས་སྔོན་མའི་རིང་སེལ་ཐུབ་ཡོད། ད་ལྟའི་དཀའ་ངལ་འཕྲད་གཞི་ནི་བོད་ནས་ཚུར་ཕེབས་པའི་རྗེས་འབྱོར་བ་དང་མཐའ་མཚམས་ཁག་ནས་ཕེབས་པ། དེ་བཞིན་སྡོད་ཁང་གི་ཐོབ་ཐང་མེད་རིགས་ལ་ཁང་པ་བརྒྱག་དགོས་ཀྱི་ཡོད་ཀྱང་། ཨོ་ཌི་ཤའི་ལ་རྒྱབ་ཏུ་ཨར་ཀ་ ༡༣༠ ནང་སྲིད་ལས་ཁུངས་ལ་ཡོད་པ་མ་གཏོགས་མར་ས་ཁང་བགོ་ཤ་རྒྱག་རྒྱུའི་སྤར་མོ་གང་ཡང་མེད། དེར་བརྟེན། སྒྲིག་གཞི་བསྐྱར་བཅོས་འདི་བརྒྱུད་གཞིས་ཆགས་ཁག་ཏུ་རྗེས་ཤུལ་ནང་མི་ཡོད་ན་མ་གཏོགས། མེད་མཁན་རིགས་ཀྱི་ས་ཞིང་རྣམས་ནང་སྲིད་ལས་ཁུངས་ལ་འབུལ་དགོས་པ་དང་། དེ་སྔ་ནས་སྒྲིག་གཞིའི་ནང་གསལ་བ་ལྟར། གཏན་འཇགས་གཞིས་ཐོན་བྱས་པའི་ཆ་རྐྱེན་གྱི་ནང་དུ། ཁང་སའི་ནང་དུ་མི་གཅིག་མ་གཏོགས་ལྷག་མེད་ནའང་མུ་མཐུད་སྡོད་ཆོག་གི་ཡོད་ཀྱང་། ཞིང་ས་རྣམས་ཡར་རྩིས་འབུལ་ཞུ་དགོས་ཀྱི་ཡོད། འོན་ཀྱང་། ཞིང་ས་ཡར་རྩིས་འབུལ་བྱེད་མཁན་ཡོང་གི་མེད་པ་རེད།

ད་ལྟ་མི་ཚང་ ༡༩༩༩ གཞིས་ཆགས་ཁག་ཏུ་མར་སྤོར་དགོས་བྱུང་ན་ཁོ་ཚོར་ས་ཁང་དགོས་ཀྱི་ཡོད། དེ་བས་ད་རེས་ས་ཁང་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་འདི་འཁྱེར་ཡོང་དགོས་དོན་ནི། འབྱུང་འགྱུར་ཟླ་ ༦  ནང་རྗེས་འབྱོར་བ་རྣམས་ལ་ས་ཁང་གི་མཐུན་རྐྱེན་བསྐྲུན་ཐབས་སུ་ནང་སྲིད་ལས་ཁུངས་ལ་ས་ཁང་མེད་ན་ཡོང་གི་མི་འདུག རྒན་འཁོགས་དང་བདག་པོ་མེད་རིགས་ཀྱི་ས་ཁང་ཡར་ནང་སྲིད་ལ་རག་པ་དང་ནང་སྲིད་ལས་ཁུངས་མར་བགོ་འགྲེམས་བྱ་རྩིས་ཡིན། ད་ལྟ་བོད་ནས་རྗེས་འབྱོར་བ་གྲངས་་༡༩༩༩ དང་སྒུག་ཐོའི་ནང་ཁ་འཐོར་ས་ཁང་མེད་རིགས། མཐའ་མཚམས་སོགས་སུ་ཡོད་པ་ཚང་མར་ལས་གཞི་བང་རིམ་བསྒྲིགས་ཡོད། མ་འོངས་པར་བོད་ནས་བོད་མི་ག་ཚོད་ཅིག་ཕེབས་ཐུབ་མིན་མི་ཤེས་ཏེ། བོད་ནས་ཕེབས་མཁན་གྱི་བོད་མི་རྣམས་ལ་དགོངས་པ་བཞེས་ཏེ། ད་ལྟ་ནས་ས་ཆ་ཞིག་ཡོད་པ་ཡིན་ན་བགོ་ཤ་རྒྱག་ཆོག་ཆོག་དང་མཐུན་རྐྱེན་བསྐྲུན་ཆོག་ཆོག་རེད།

རྩ་བའི་ཆ་ནས་གཞིས་ཆགས་རེ་ཟུང་ནང་ས་ཁང་སྒྲིག་གཞི་བརྩི་སྲུང་བྱེད་ཀྱི་མེད་ཟེར་མཁན་ཡོང་གི་ཡོད་ཚོད་འདུག ད་རེས་ང་ཚོས་གྲོས་ཚོགས་འདི་བརྒྱུད་ས་ཁང་སྒྲིག་གཞི་མི་ཚང་མས་བརྩི་སྲུང་ཐུབ་ཐབས་སུ་འབད་བརྩོན་བྱ་རྒྱུ་ཡིན། འོན་ཀྱང་མུ་མཐུད་ས་ཁང་སྒྲིག་གཞི་བརྩི་སྲུང་བྱེད་ཀྱི་མིན་ཚེ། མ་འོངས་པར་རྒྱ་གར་གཞུང་མཉམ་དུ་དཀའ་ངལ་འཕྲད་སྐབས། བོད་མིའི་སྒྲིག་འཛུགས་ངོས་ནས་ལྟ་རྟོག་བྱ་རྒྱུ་ཁག་པོ་ཆགས་ཀྱི་རེད་ཅེས་གྲོས་ཚོགས་བརྒྱུད་གསལ་པོ་ཞུ་རྒྱུ་ཡིན། ནམ་རྒྱུན་ནས་ས་ཁང་སྒྲིག་གཞི་བརྩི་སྲུང་མི་བྱེད་མཁན་རིགས་ལ་དཀའ་ངལ་འཕྲད་སྐབས་ལག་པ་འཆང་གི་མིན་ཟེར་གྱི་མེད་ནའང་ཁག་པོ་ཆགས་ཀྱི་རེད།

ད་རེས་ས་ཁང་སྒྲིག་གཞི་བསྐྱར་བཅོས་ནང་གཏན་འཇགས་ཕྱོགས་སྐྱོད་ལ་འགྱུར་བ་གཏོང་གི་ཡོད། རྣམ་པ་ཚོས་མཁྱེན་གསལ་ལྟར། སྔོན་མ་ལོ་གཅིག་གི་ཟླ་གསུམ་རིང་གཞིས་ཆགས་ནང་སྡོད་དགོས་ཀྱི་ཡོད་པ་དང་ཟླ་ ༩ རིང་ཕྱི་ལོགས་སུ་བསྐྱོད་ན་འགྲིག་གི་ཡོད། ཟླ་གསུམ་རིང་གཞིས་ཆགས་ནང་མ་བསྡད་ཚེ་གཞིས་ཁོངས་ནས་འཕུད་ཀྱི་ཡིན་གསུང་གི་ཡོད་ཀྱང་། ད་ལྟའི་བར་དུ་ལོ་གཅིག་དང་གཉིས་རིང་ཕྱི་ལོགས་སུ་ཕྱིན་པ་རྣམས་གཞིས་ཁོངས་ནས་ཕྱིར་ཕུད་ལག་བསྟར་བྱས་པ་གཅིག་ཀྱང་བྱུང་མེད།  འོན་ཀྱང་། ད་རེས་བསྐྱར་བཅོས་ཀྱི་ནང་། ང་ཚོས་ལོ་གཉིས་ཀྱི་ནང་ལ་ཟླ་གཅིག་གཞིས་ཆགས་སུ་སྡོད་དགོས་ཟེར་གྱི་ཡོད། དོན་དངོས་ཐོག་ས་ཁང་སྒྲིག་གཞི་ལྟར་ན།  ཕྱི་རྒྱལ་དུ་ཕེབས་པ་དང་གཞིས་ཆགས་སུ་སྡོད་མཁན་མེད་རིགས་ཀྱི་ས་ཁང་དག་ཕྱིར་བསྡུ་དགོས་ཀྱི་ཡོད་གསུངས་ཡོད། འོན་ཀྱང་། ད་ལྟའི་བར་བསྡུ་ཐུབ་པའི་གནས་སྟངས་གཅིག་ཀྱང་བྱུང་མེད་པ་དང་ལག་ལེན་འཁེལ་མི་ཐུབ་པ་ཞིག་སྒྲིག་གཞིའི་ནང་འཁོད་པ་ནི་ཁག་པོ་རེད་འདུག འོན་ཀྱང་། ལོ་གཉིས་རིང་ཟླ་གཅིག་གཞིས་ཆགས་སུ་མ་བསྡད་ཚེ། ང་ཚོས་ཁྱིམ་ཚང་དེར་ནང་མི་གཅིག་ཀྱང་གཞིས་ཆགས་ནང་བསྡད་མེད་པའི་བརྡ་ལན་སྤྲད་དེ་ས་ཁང་ཡར་བསྡུ་རྒྱུ་ཡིན། ད་ལྟའི་ཆ་རྐྱེན་ནི་མི་སུ་ཡིན་ཡང་ཟླ་གཅིོག་རིང་གཞིས་ཆགས་སུ་བསྡད་པ་ཡིན་ན་འགྲིག་གི་ཡོད། ཅེས་ལན་འདེབས་གནང་སོང་།

ནང་སྲིད་བཀའ་བློན་མཆོག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲོད། དོན་ཚན་ལྔ་པ། ནང་གསེས་དང་པོ། ཚིག་བརྗོད་རྙིང་པ། ས་ཞིང་བེད་སྤྱོད།སྐྱབས་བཅོལ་བོད་མི་ཚོ་བཙན་བྱོལ་དུ་གནས་སྡོད་རིང་སྡོད་ཡུལ་དང་འཚོ་རྟེན། ཞིང་ལས་བཅས་ཀྱི་ཆེད་དུ་གནས་ཡུལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་མངའ་གཞུང་སོ་སོ་ནས་བོགས་མར་བཏང་བའམ། ཚོགས་སྡེ་དང་སྒེར་གང་ཞིག་ནས་ནང་སྲིད་ལས་ཁུངས་ལ་རྩིས་འབུལ་ཞུས་པ། ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ངལ་སེལ་ཚོགས་པའི་འབུལ་ཡོན་ཞུས་པའི་ཞིང་ས་རྣམས་ཕྱི་མི་སོ་སོར་གཡར་བ་ཡིན་པའི་ས་ཁང་ཐོབ་པའི་ཕྱི་མིའམ་དེའི་འདོད་གཅིག་ནང་མི་སུ་རུང་གཅིག་ལས་མ་ཉུང་བ་གཞིས་ཁང་སོ་སོའི་ནང་ལོ་རེ་རེའི་ཟླ་གསུམ་གནས་སྡོད་བྱེད་དགོས་ཐོག་ས་ཞིང་རྣམས་བདག་གཅེས་ཚད་ལྡན་གྱིས་སོ་ནམ་དང་སྐྱེད་ཚལ། ལྡུམ་རྭ། སྐྱེས་ཤིང་འདེབས་འཛུགས། སྡོད་ཁང་བཅས་ཀྱི་ཆེད་བེད་སྤྱོད་བྱེད་དགོས།

སྐྱར་བཅོས་ཚིག་བརྗོད། རང་འཇགས། སྐྱབས་བཅོལ་བོད་མི་ཚོ་བཙན་བྱོལ་དུ་གནས་སྡོད་རིང་སྡོད་ཡུལ་དང་འཚོ་རྟེན། ཞིང་ལས། ཆོས་དང་རིག་གཞུང་། ཤེས་ཡོན་བཅས་ཀྱི་ཆེད་དུ་གནས་ཡུལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་མངའ་གཞུང་སོ་སོ་ནས་དབུས་བོད་མིའི་ངལ་སེལ་ཚོགས་པར་བོགས་མར་བཏང་བའམ། ས་ཐོ་ལག་འཛིན་གྱི་བྱ་རིམ་འགྲོ་བཞིན་པ་རྣམས་ཕྱི་མི་སོ་སོར་བཀོད་སྤྱོད་བྱེད་དུ་བཅུག་པའམ། ཚོགས་སྡེ་དང་སྒེར་གང་ཞིག་ནས་དབུས་བོད་མིའི་ངལ་སེལ་ཚོགས་པར་རྩིས་འབུལ་ཞུས་པ། ཡང་ན་དབུས་ངལ་སེལ་ཚོགས་པས་འབུལ་ཡོན་བྱས་པའི་གཞིས་ས་རྣམས་གཞིས་མི་སོ་སོར་བཀོད་སྤྱོད་ཀྱི་ཆེད་དུ་གཡར་བ་ཡིན་པས། ས་ཁང་ཐོབ་པའི་ཕྱི་མིའམ་དེ་ཡི་འདུ་གཅིག་ནང་མི་སུ་རུང་གཅིག་ལས་མ་ཉུང་བ་གཞིས་ཁང་སོ་སོའི་ནང་ལོ་གཉིས་རེར་ཉུང་མཐར་ཟླ་གཅིག་གནས་སྡོད་བྱེད་དགོས་ཐོག ས་ཞིང་རྣམས་བདག་གཅེས་ཚད་ལྡན་གྱིས་སོ་ནམ་དང་སྐྱེད་ཚལ། ལྡུམ་རྭ། སྐྱེ་ཤིང་འདེབས་འཛུགས། སྡོད་ཁང་། ཆོས་དང་རིག་གཞུང་། ཤེས་ཡོན། འཕྲོད་བསྟེན། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཆེད་བེད་སྤྱོད་བྱེད་དགོས།

དེ་བཞིན། ནང་གསེས་ ༢ པའི་ཀ་དང་། ཁ དོན་ཚན་དྲུག་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ནང་གསེས་ ༣ པ། དོན་ཚན་བདུན་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ནང་གསེས་ ༣ པ། དོན་ཚན་བརྒྱད་པའི་ནང་གསེས་ ༡ པོ་དང་ནང་གསེས་ ༢ པ། ནང་གསེས་ ༣ པ། དོན་ཚན་དགུ་པའི་ནང་གསེས་ ༡ པོ་དང་ནང་གསེས་ ༢ པ། ནང་གསེས་ ༣ པ། ནང་གསེས་ ༤ པ། ནང་གསེས་ ༥ བ། ནང་གསེས་ ༦ པ། དོན་ཚན་བཅུ་པའི་ནང་གསེས་ ༥ བ་དང་ནང་གསེས་ ༦ པ། ནང་གསེས་ ༧ པ། དོན་ཚན་བཅུ་གཅིག་པའི་ནང་གསེས་ ༡ པོ་དང་ནང་གསེས་ ༢ པ། ནང་གསེས་ ༣ པ། ནང་གསེས་ ༤ པ། ནང་གསེས་ ༥ པ། དོན་ཚན་བཅུ་གཉིས་པའི་ནང་གསེས་ནང་གསེས་ ༡ པོ་དང་ནང་གསེས་ ༣ པ། ནང་གསེས་ ༤ བ། དོན་ཚན་བཅུ་གསུམ་པའི་ནང་གསེས་ ༢ པ། དོན་ཚན་བཅུ་བཞི་པའི་ནང་གསེས་ ༥ པ་བཅས་ཀྱི་ཐོག་སྤྱི་ལྷན་གྱིས་བགྲོ་གླེང་གནང་བའི་མཐར་མང་མོས་ཀྱི་ཐོག་ནས་གཏན་འབེབ་གནང་སོང་།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༡༩ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ཟླ་བ། 9 སྔོན།

    གཞིས་ཆགས་ཁག་གི་ས་ཁང་དང་འབྲེལ་བའི་སྒྲིག་གཞི་གསར་བཟོ་འམ་བསྐྱར་བཅོས་སོགས་ག་འདྲ་ཞིག་བྱ་དགོས་ཀྱང་གཞིས་ཆགས་སོ་སའི་ནང་ཡོད་པའི་ཁྲིམས་བཟོ་ས་གནས་གྲོས་ཚོགས་ནས་བཅའ་ཁྲིམས་དོན་ཚན་ ༨༢ ནང་གསལ་བའི་ས་གནས་ཀྱི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་བཟོ་འགོད་དང་གཏན་འབེབས་བྱ་རྒྱུའི་འགན་དབང་ཡོངས་རྫོགས་ས་གནས་འཐུས་མིའི་ཚོགས་འདུར་ཡོད་ཟེར་བའི་བཅའ་ཁྲིམས་ཀྱི་འབྲུ་དོན་དང་རྟག་རྟག་བསྡད་ཡོད་པ་ཡིན་ནམ་། ས་གནས་ཀྱི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་སྤྱི་འཐུས་གྲོས་ཚོགས་ནས་བཟོ་གི་ཡོད་ན་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་གསལ་བའི་མང་གཙོ་མཉམ་འབྲེལ་ཟེར་བའི་ཐ་སྙད་དེ་ལ་བསྐྱར་བཅོས་གནང་ནས་དེའི་ཚབ་ཏུ་མང་གཙོ་གཅིག་སྒྲིལ་ཟེར་བའི་ཐ་སྙད་དེ་ཡར་འཇུག་དགོས་པ་མ་རེད་དམ་། ས་གནས་ཀྱ་ལས་དོན་སྤྱི་འཐུས་ནས་གནང་གི་ཡོད་ན་ས་གནས་འཐུས་མིའི་ཚོགས་དགོས་གལ་མ་མཐོང་བ་བཅས་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist