མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིན་ཆེན་དོན་འགྲུབ་ཚུད་པའི་བོད་མི་བདུན་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

རིན་ཆེན་དོན་འགྲུབ་ཚུད་པའི་བོད་མི་བདུན་ལ་ཏོག་དབྱིབས་རིམས་ནད་སྐོར་གྱི་པར་དང་བརྙན་སོགས་འགྲེམས་སྤེལ་བྱས་པའི་ཉེས་མིང་གཡོགས་ནས་འཛིན་བཟུང་བཀག་ཉར་བྱས་ཏེ་ཁྲིམས་ལུགས་སློབ་གསོ་ཟེར་བ་ཞིག་སྤྲོད་མུས་ཡིན་འདུག

བོད་མི་རིན་ཆེན་དོན་འགྲུབ། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་བྱས། ༢༠༢༢།༩།༡༦

བོད་ནང་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེན་ཕྱིན་ནས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཁུལ་མང་པོ་ཞིག་ཏུ་ཐེམ་སྤང་བཀག་རྒྱ་བསྡམས་ནས་ཟླ་བ་གཅིག་ལྷག་འགྲོ་མུས་ཡིན་པ་དང་། བོད་ནང་གི་བོད་མི་མང་པོ་ཞིག་ས་གནས་གཞན་དང་ཟུར་བཀག་ཚོམས་ཁང་སོགས་སུ་བཀག་ཉར་བྱས་ཏེ། ནད་པ་རྣམས་ལ་སྨན་བཅོས་དང་ཟ་མ་དུས་ཐོག་མི་སྟེར་བར་དཀའ་ངལ་འཕྲད་མུས་ཡིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་བོད་ནག་ཆུ་རྫོང་ནས་ཤན་རྩ་རྫོང་དང་། ལྷ་ས། ཆུ་དམར་ལེབ་རྫོང་བཅས་ནས་ཡིན་པའི་རིན་ཆེན་དོན་འགྲུབ་ཚུད་པའི་བོད་མི་བདུན་གྱིས་དྲ་ལམ་སོགས་སུ་ཏོག་དབྱིབས་རིམས་ནད་སྐོར་གྱི་སྐད་ཆ་བཤད་པ་དང་། བརྙན་དང་པར་སོགས་འགྲེམས་སྤེལ་བྱས་པའི་ཉེས་མིང་གཡོགས་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

འདི་གའི་གསར་འགོད་པར་གནས་ཚུལ་ཁུངས་ལྡན་མཁོ་སྤྲོད་བྱས་པ་ལྟར་ན། བོད་ཤན་རྩ་རྫོང་དང་། ལྷ་ས། ཆུ་དམར་ལེབ་རྫོང་ནས་ཡིན་པའི་རིན་ཆེན་དོན་འགྲུབ་གཙོས་བོད་མི་བདུན་གྱིས་རྒྱ་ནག་གཞུང་གིས་བཟོས་པའི་ཏོག་དབྱིབས་རིམས་ནད་ཀྱི་ཟུར་བཀག་ཁང་དུ། བོད་མི་རྣམས་ལ་ཉིན་གཅིག་ལ་ཟས་ཐུན་གཅིག་ལས་སྟེར་གྱི་མེད་པ་མ་ཟད། ནད་རྟགས་ཐོན་པ་དང་ནད་རྟགས་མེད་པའི་བོད་མི་རྣམས་མཉམ་དུ་ཟུར་བཀག་བྱས་པ་དང་། ཏོག་ནད་འགོས་པའི་བོད་མི་རྣམས་ལ་སྨན་བཅོས་བྱེད་ཀྱི་མེད་པའི་བརྙན་བླངས་པ་དང་། དྲ་ལམ་དུ་བརྒྱུད་བསྐུར་བྱས་པ། པར་སོགས་འགྲེམས་སྤེལ་བྱས་པའི་ཉེས་མིང་གི་འོག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་སྐོར་སོགས་འགྲེལ་བརྗོད་བྱས་སོང་།

ཡང་ཁོང་གིས། རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་བདུན་པོ་ནི་སློབ་སྦྱོང་གང་ཡང་མེད་པའི་འབྲོག་མི་རྣལ་མ་རྐྱང་རྐྱང་ཡིན་པ་དང་། ཁོང་ཚོ་འཛིན་བཟུང་བྱས་རྗེས་ཉིན་གྲངས་ལྔ་རིང་ལ་ནག་ཆུ་རྫོང་གི་བདེ་འཇགས་ལས་ཁུངས་ཟེར་བ་ཞིག་གིས་བཀག་ཉར་བྱས་ཏེ། རིམས་ནད་སྐོར་གྱི་པར་དང་བརྙན་སོགས་སུ་སུ་ལ་བསྐུར་ཡོད་སྐོར་འདྲི་བརྩད་ནན་མོ་བྱས་ཡོད་པ་མ་ཟད། མི་རེ་རེ་ལ་རྒྱ་སྒོར་སུམ་སྟོང་རེ་ཡི་ཉེས་ཆད་བཅད་ནས། ད་ལྟ་མུ་མཐུད་དུ་ནག་ཆུ་རྫོང་བདེ་འཇགས་ལས་ཁུངས་ (ཉེན་རྟོག་ཁང་།) ཟེར་བར་བཀག་ཉར་དང་ཁྲིམས་ལུགས་སློབ་གསོ་ཟེར་བ་ཞིག་སྤྲོད་མུས་ཡིན་སྐོར་དང་། སྤྱིར་རྒྱ་ནག་གཞུང་གི་རིམས་ནད་གོ་སྒྲིག་ཚོགས་ཆུང་ཟེར་བ་ཞིག་གིས་བོད་མི་སུ་འདྲ་ཞིག་ལ་ཏོག་ནད་འགོས་ཚེ། ཟུར་བཀག་ཁང་དུ་ཟས་གོས་གནས་མལ་སོགས་ཀྱི་མཐུན་རྐྱེན་ཡག་པོ་ཡོད་ལུགས་བཤད་ཡོད་ཀྱང་། ཟུར་བཀག་ཁང་དུ་བོད་མི་རྣམས་ལ་ཟས་ཐུན་གཅིག་ལས་མི་སྤྲད་པ་དང་། སྨན་པ་ཚོས་ནད་པ་རྣམས་ལའང་སྨན་བཅོས་བྱེད་ཀྱི་མེད་སྐོར་སོགས་འགྲེལ་བརྗོད་བྱས་སོང་།

གཞན་ཡང་། ཉེ་ལམ་བོད་ཁུལ་གྱི་ས་གནས་མང་པོ་ཞིག་ཏུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེན་ཕྱིན་ནས་བོད་མི་རྣམས་ཀྱི་འཚོ་བར་དཀའ་ངལ་འཕྲད་མུས་ཡིན་པ་ལྟར། རྒྱ་ནག་གཞུང་གི་ཉེན་རྟོག་པས་ཏོག་དབྱིབས་རིམས་ནད་ལ་ཁ་གཡར་ནས། ཡ་ཆེན་སྒར་གྱི་གྲྭ་བཙུན་རྣམས་ཀྱི་སྡོད་ཤག་ཞིབ་བཤེར་དང་མིང་ཐོ་སོགས་བསྡུ་རུབ་བྱས་ཏེ། ས་གནས་གཞན་ནས་ཡོང་བའི་གྲྭ་བཙུན་རྣམས་ཕྱིར་ཕུད་དང་འཇིགས་སྐུལ་བྱེད་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༥ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese