མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་ཏོག་དབྱིབས་ནད་དུག་ལས་འཕྲོས་པའི་བསམ་ཚུལ།

བོད་ཀྱི་དུས་བབ།
༢༠༢༢/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

གུས་པས་གླེང་སློང་བྱེད་འདོད་པ་ནི། དེང་སྐབས་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདབ་ཕྱིན་པ་དང་དུས་མཉམ། རྒྱ་གཞུང་གིས་གོ་སྐབས་དེ་བཟུང་ནས་བོད་རྣམས་འགྲོ་འོང་མི་ཆོག་པར་བཟོས་ཡོད་པ་ཙམ་དུ་མ་ཟད། ནད་རྟགས་ཡོད་མེད་ཀྱི་བོད་མི་ཚང་མ་ཕྱོགས་གཅིག་ཏུ་སྤུངས་ཏེ་བཞག་ཡོད་པས། ད་སྐབས་ཉིན་རེ་ནས་ཉིན་རེ་བཞིན་གནས་སྟངས་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད། དང་ཐོག་གོང་རིམ་གྱིས་བཀའ་ལྟར་མི་དམངས་ཚང་མས་ནུས་ཤུགས་གཅིག་སྤུངས་བྱས་ཡོད། འོན་ཀྱང་སྔོན་འགོག་ཡོང་རྒྱུའི་ཚབ་ཏུ་ནད་རྟགས་ཐོན་མཁན་མང་དུ་འགྲོ་བཞིན་ཡོད། གཞིས་ལུས་སྤུན་ཟླ་རྣམས་ཀྱིས་ཟླ་བ་གཅིག་ལྷག་ཙམ་བཟོད་སྒོམ་བྱས་ནས་བསྡད་ཡོད། བརྒྱུད་རིམ་དེ་དག་གི་ནང་དུ་ནད་པ་རྣམས་ལ་བཞེས་ལག་དུས་ཐོག་མ་རག་པ་དང་། གལ་སྲིད་ཉིན་གཅིག་ལྟོ་དུས་གཅིག་རག་རུང་དེ་དག་ཟས་རྙིང་དྲི་མ་ཁ་བ་དེ་འདྲའི་སྤྲོད་ཀྱི་ཡོད། མིའི་མ་དགོས་དུད་འགྲོའི་ཁྱི་ཞིག་ཡིན་ནའང་མི་ཟ་བ་དེ་འདྲའི་ནད་པར་སྤྲོད་བཞིན་ཡོད། མང་ཚོགས་ཀྱིས་དཀའ་སྡུག་དེ་དག་འགོ་ཁྲིད་ཚོར་རིམ་པར་ཞུས་རུང་དོ་སྣང་ཙམ་ཡང་མ་བྱས་པར་སྣང་ཆུང་བཏང་ནས་བཞག་ཡོད་ལ། མཐར་རྒྱ་ཆེ་མང་ཚོགས་རྣམས་ཐབས་ཟད་འུ་ཐུག་ཏུ་གྱུར་ནས་བརྒྱུད་ལམ་ཁག་ཏུ་ཐོན་ནས་མི་མང་གི་བདེ་སྡུག་རྣམས་གོང་རིམ་ལ་ཞུས་ཡོད། ལྷག་དོན་བོད་ཉི་མ་ལྷ་ས་ནི་བོད་མི་རིགས་ཀྱི་སྙིང་དབུས་སུ་ཆགས་པའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཡིན་པས། དེར་བོད་མདོ་དབུས་ཁམས་གསུམ་ནས་རྒན་དར་གཞོན་གསུམ་ཉིན་ལྟར་ཆད་མེད་མཆོད་མཇལ་ལ་ཡོང་མཁན་དུ་མ་ཞིག་ཡོད། ད་རེས་ནད་ཡམས་དེས་རྒྱ་ཆེའི་ཞིང་འབྲོག་མི་དམངས་ཉམས་ཆུང་དུ་མ་ཞིག་དུས་ཐོག་སོ་སོའི་རང་ཁྱིམ་དུ་ལོག་མ་ཐུབ་པར་ལྷ་སར་ལྷག་སྟེ་གཞུང་ལམ་གཡས་གཡོན་ལ་སྡོད་དགོས་ཐུག་པ་ཙམ་དུ་མ་ཟད། བཟའ་ཆས་ཚང་མ་རྫོགས་ནས་ཉིན་རེར་ཁ་ལག་ཟ་རྒྱུ་མེད་པར་གྱུར་ནས་དཀའ་སྡུག་གི་གནས་སུ་ལྷུང་ཡོད། དེ་དག་ལ་གོང་རིམ་འགོ་ཁྲིད་དང་ལས་ཀྱི་སྣེ་མོ་བ་ཚོས་ལྟ་རྟོག་ཡག་པོ་འཐུས་སྒོ་ཚང་བ་ཞིག་བྱས་མེད། དུས་རྒྱུན་ཡིན་ན་གུང་ཁྲན་ཏང་མི་ཚོས་ཁ་ནས་སྤུན་ཟླ་ཞེས་མ་ཎི་བགྲང་བགྲང་བྱེད་ཀྱི་ཡོད་རུང་། དོན་དངོས་སུ་བོད་མི་རྣམས་ལ་དཀའ་ངལ་འཕྲད་དུས་ལྟ་རྟོག་ཚུལ་ལྡན་མ་བྱས་པར་ནད་ཡམས་གསེང་ལ་གཡག་བཞག་པ་རེད་ལ། ཏོག་ནད་ལ་ཁ་གཡར་ནས་མི་རིགས་རྩ་མེད་བཟོ་རྒྱུར་དམིགས་ཡུལ་བཟུང་ནས་ནད་རྟགས་ཡོད་མེད་ཚང་མ་མཉམ་དུ་སྤུངས་ནས་འཇོག་གི་ཡོད། བྱེད་སྟངས་དེ་དག་ལ་བལྟས་པ་ཡིན་ན་བོད་མི་རིགས་མེད་པ་བཟོ་རྒྱུར་དམིགས་ཡུལ་ངན་པ་ཞིག་བཟུང་ནས་ལས་དོན་བྱེད་བཞིན་ཡོད་པ་རང་བཞིན་མེད་པར་བློ་དོགས་མི་ཤར་ཀ་མེད་རེད་འདུག་ཅིང་། དེ་མིན་ན་ནད་རྟགས་ཡོད་མེད་ཚང་མ་མཉམ་དུ་བཞག་དགོས་དོན་གང་ཞིག་ཡོད་དམ།

ལྷག་པར་ལྷ་སར་མཆོད་མཇལ་དུ་ཡོང་མཁན་ཞིང་འབྲོག་རྣམས་ཕྱིར་སོ་སོའི་སྡོད་གནས་སུ་ལོགས་མ་ཐུབ་པའི་དབང་གིས་གོང་ཞུས་ལྟར་ཁ་ལག་ཟ་རྒྱུ་མི་རག་པའི་དཀའ་ངལ། འགའ་ཤས་ལྷ་སའི་ཕྱོགས་སུ་བཙོང་ཙག་ཙིག་རྒྱག་མཁན་རྣམས་ཀྱང་དུས་ཡུན་ཟླ་ངོ་གཅིག་ལྷག་ཙམ་རིང་ལ་ཡོང་སྒོ་གང་ཡང་མེད་པར་སྡོད་དགོས་དུས་དེ་སྔོན་ཕྲན་བུ་ཡོད་པ་དེ་དག་རིམ་གྱིས་རྫོགས་ནས་དཀའ་ངལ་གྱི་གནས་སུ་ལྷུང་བ། འགའ་ཤས་ལ་སྒོར་མོ་ཡོད་རུང་ཟ་ཆས་ཉོ་རྒྱུ་མི་རག་པའི་དཀའ་ངལ། འགའ་རེར་ཟས་རིགས་ཉུང་ངུ་ཉོ་རྒྱུ་རག་རུང་གོང་ཚད་ལྡབ་ལོག་འཕར་བ་སོགས་ཀྱིས་ཉོ་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད། དེ་བཞིན་ནད་པར་ལྟ་རྟོག་བྱེད་མཁན་ཚད་ལྡན་མེད་པའི་འཕྲོད་བསྟེན་ཐོག་ཏུ་ཧ་ཅང་གི་དཀའ་ངལ་ཚད་ལས་འདས་པ་མྱངས་དང་མྱོང་བཞིན་ཡོད་ཅིང་། དེ་བཞིན་བོད་ཀྱི་ཞིང་པ་རྣམས་དུས་ཐོག་རང་ཁྱིམ་དུ་ལོག་མ་ཐུབ་པར་ལྷག་ཡོད་ཅིང་། བོད་ཀྱི་ཞིང་པར་ཆ་མཚོན་ན། སྟོན་ལས་ནི་ཞིང་པ་ལ་ལོ་གཅིག་གི་ཡོང་སྒོའི་འཚོ་རྟེན་གཙོ་བོ་དེ་ཡིན་ཞིང་། དེ་དག་དུས་ཐོག་ཏུ་སྟོན་ལས་བྱེད་མ་ཐུབ་ཚེ། ལོ་གཅིག་གི་ཞིང་པའི་འཚོ་རྟེན་མེད་པར་གྱུར་ནས་ནང་མི་རྣམས་སྤྲང་པོར་འགྱུར་རྒྱུ་ཡིན་པ་ནི་འགྲེལ་བརྗོད་མི་དགོས་པའི་གནས་སྟངས་ཤིག་རེད། ནད་རྟགས་མེད་མཁན་ཚོས་སོ་སོའི་ལུང་པར་འགྲོ་ཆོག་པའི་ཆོག་མཆན་ཞུས་ཡོད་ཀྱང་འགྲོ་བཅུག་གི་མེད་ལ། གྲོང་གསེབ་ཁག་གི་འགོ་ཁྲིད་ཚོས་ཀྱང་མ་ཡོང་མ་གཏོགས་གལ་སྲིད་ཁྱོད་རང་ཡོང་བ་ཡིན་ན་ང་ཚོའི་ལྟོ་གོས་དང་འབྲེལ་བ་ཡོད་རེད་ཅེས་བརྗོད་ནས་ཡོང་བཅུག་གི་མེད། གོང་རིམ་གྱིས་གྲོང་གསེབ་ཁག་གི་འགོ་ཁྲིད་ལའང་དེ་འདྲའི་གནོད་ཤུགས་སྤྲད་ཡོད།

རྒྱུ་མཚན་དེ་དག་ལ་བརྟེན་ཞིང་པ་རྣམས་ལྷ་སར་སླེབས་ནས་ཕྱིར་རང་ཁྱིམ་དུ་ལོག་མ་ཐུབ་པར་ལུས་སེམས་གཉིས་དཀའ་སྡུག་གི་འོག་ཏུ་ཚུད་ཡོད། གཞིས་ལུས་སྤུན་ཟླ་འགའ་ཤས་ཀྱིས་རང་སྲོག་བློས་བཏང་གིས་མི་མང་གི་མདུན་དུ་ཐོན་ནས་དཀའ་སྡུག་གླེང་གི་འདུག་ཅིང་། དེ་ཡང་བོད་ནས་ན་གཞོན་ཞིག་གིས་བརྙན་ཞིག་གི་ནང་དུ། ང་ཚོར་བསོད་ནམས་མེད་པའི་རྐྱེན་གྱིས་ཁྱེད་ཀྱི་ཞལ་རས་མཇལ་ཐུབ་མ་སོང་ལ། ང་ཚོར་བསོད་ནམས་མེད་པའི་རྐྱེན་གྱིས་ཁྱེད་ཀྱི་བཀའ་སློབ་དང་དཔེ་ཁྲིད་ཉན་ཐུབ་མ་སོང་། དེ་བས་ཀྱང་གངས་ཅན་བོད་ལ་བར་ཆད་ཞེ་དྲགས་འཕྲད་སོང་། སྤུན་ཟླ་ཚོའི་ཚེ་སྲོག་ལ་རྩེད་མོ་བརྩེས་སོང་། སེམས་མ་བདེ་བ་བཟོས་སོང་། འཚོ་བར་དཀའ་ངལ་འཕྲད་སོང་། ཡིན་ནའང་གངས་རིའི་འཁྱམ་པོ་ང་ཚོས་རྒྱང་རིང་གི་ཕྱོགས་ནས་ཁྱེད་ལ་གསོལ་བ་འདེབས། ཁྱེད་ཀྱི་བྱམས་བརྩེ་དང་སྙིང་རྗེ། ཐུགས་རྗེའི་འོད་ཟེར་གྱིས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ནད་མེད་བར་ཆད་མགྱོགས་ནས་མྱུར་དུ་ཐར་བའི་སྨོན་ལམ་འདེབས། བླ་མ་མཁྱེན། བླ་མ་མཁྱེན། ཞེས་གསོལ་བ་འདེབས་བཞིན་མཆིས། བརྙན་ཐུང་དང་སྒྲ་དེ་འདྲའི་མང་པོ་ཞིག་འདུག་ཅིང་། དེ་དག་མཐོང་དུས་སྡུག་བསྔལ་གྱིས་རོ་སྟོད་དབུགས་ཀྱིས་ཚངས་ཤིང་། རང་དབང་མེད་པའི་མིག་ཆུ་ས་རུ་ཟགས་ཡོང་གི་འདུག །གཟིགས་དང་གངས་ཅན་པ་ཚོ། གཞིས་ལུས་སྤུན་ཟླ་ཚོས་ང་ཚོར་དེ་འདྲའི་རེ་བ་དང་། ཡིད་ཆེས་གནང་གི་ཡོད་དུས། ང་ཚོའི་ཤ་ཁྲག་གཅིག་ལས་གྲུབ་པའི་སྤུན་ཟླ་རྣམས་ཀྱི་ཛ་དྲག་གི་དཀའ་སྡུག་སེལ་ཐབས་སུ། ང་ཚོས་ནུས་ཤུགས་གཅིག་ཏུ་སྤུངས་ནས་ལས་འགུལ་སྤེལ་དགོས་འདུག་སྙམ། བོད་ནང་དུ་རང་དབང་གི་གཏམ་བརྗོད་དང་། འགྲོ་འདུག་སོགས་ལ་དཀའ་ངལ་འཕྲད་མུས་ཡིན་ཐོག་ཏུ་ད་ལོ་ཏོག་དབྱིབས་ནད་དུག་དེས་མུ་གེའི་སྒང་ལ་ཟླ་ལྷག་ཅེས་པ་ལྟར་བོད་ཁམས་ལ་དཀའ་ངལ་ཚད་མེད་བཟོས་སོང་། ང་ཚོའི་མི་རིགས་འདི་ལ་དཀའ་སྡུག་འདི་འདྲའི་མྱོང་དགོས་པ་གང་ཞིག་ཡིན་ནམ། དཀོན་མཆོག་གི་མཁྱེན།

ད་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གཙོས་འཛམ་གླིང་གི་རང་དབང་ལ་དགའ་མཁན་ཚོར་ངེས་པར་བོད་ཀྱི་ནད་པར་ལྟ་རྟོག་ཡོང་བའི་རེ་སྐུལ་ཞུ་རྒྱུ་ནི་ང་ཚོ་བྱེས་འབྱོར་བའི་ཕྲག་སྟེང་དུ་ལྷུང་བའི་ལས་འགན་གལ་ཆེན་ཞིག་ཡིན་པས། ཞུ་གཏུགས་ཀྱི་ལས་འགུལ་ད་དྲག་གི་སྤེལ་དགོས་པ་ཞིག་ལས་གོ་མེད་ཚོར་མེད་དུ་སྡོད་པའི་དུས་ཚོད་ཅིག་གཏན་ནས་མ་རེད་སྙམ། ངེས་པར་འཛམ་གླིང་ས་ཕྱོགས་གང་སར་བཞུགས་མཁན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་ད་ལྟའི་དུས་སྐབས་སུ་བོད་ནང་དུ་རྒྱ་དམར་གྱི་ཏོག་དབྱིབས་ལ་ཁ་གཡར་ནས་གཞིས་ལུས་སྤུན་ཟླ་རྣམས་ལ་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་ངོ་མ་རྣམས་འཛམ་གླིང་གི་ཐོག་ཏུ་བསྒྲགས་ཏེ་བོད་ནང་གི་དཀའ་ངལ་དེ་དག་མགྱོགས་ནས་མྱུར་དུ་སེལ་ཐབས་ཆེད་དུ་ལས་འགུལ་སྤེལ་དགོས་པ་ཞིག་ཏུ་སེམས། དུས་རྒྱུན་ང་ཚོའི་གཞིས་ལུས་བོད་མི་རྣམས་ཀྱི་ང་ཚོ་མགྲིན་ཚབ་པ་ཡིན་ཟེར་གྱི་ཡོད་ན། ངེས་པར་ད་རེས་ལས་འགུལ་སྤེལ་དགོས། ང་ཚོའི་ནང་ཁུལ་ང་དང་ཁྱོད་ཅེས་རྩོད་བསྡད་པའི་དུས་ཚོད་ཅིག་གཏན་ནས་མིན་ཞིང་། ད་ལྟའི་དུས་ཚོད་འདི་དག་ནི་སྐར་མ་གཅིག་ཀྱང་འཕྲོད་ལྷག་ཕྱིན་པ་ཡིན་ན། ལོ་རྒྱུས་ནང་ཁ་གསབ་མི་ཐུབ་པའི་གྱོང་གུད་ཆེན་པོ་ཞིག་ཏུ་འགྱུར་བའི་གནས་སྟངས་ཆགས་ཡོད། འདི་འདྲའི་ཛ་དྲག་གི་དུས་སྐབས་སུ་ཕན་ཐོགས་མེད་པའི་ང་དང་ཁྱོད་ཅེས་བརྩད་ནས་དུས་ཚོད་སྟོང་ཟད་དུ་གཏོང་བ་ནི་ཧ་ཅང་བློ་ཕམ་དགོས་པའི་གནད་དོན་ཞིག་ཡིན་པ་ནི་བརྗོད་མི་དགོས། བློ་གཟུར་བོར་གནས་པའི་མི་རབས་རྗེས་མ་ཚོས་སྐབས་དེ་དུས་དེ་འདྲ་ཞིག་བྱས་པ་རེད་ཟེར་ནས་ང་ཚོར་ཁེངས་ར་མི་བྱེད་པའི་ངེས་པ་མེད་པ་ཡིད་ལ་བཟུང་ནས་ལས་དོན་གནང་དགོས་པ་ཞིག་ཏུ་འདོད། ད་ནི་ང་ཚོ་ཚང་མའི་དགོངས་པ་གཏིང་ཟབ་དང་། ཡག་པོ་བཞེས་ཏེ་གནས་སྐབས་ཀྱི་ཁེ་ཕན་འདོར་བ་དང་། མི་རིགས་ཤིག་གི་མ་འོངས་པའི་ཕུགས་མདུན་ཁེ་ཕན་གཙོ་བོར་བཟུང་ནས་ལས་དོན་གནང་དགོས་པ་ཞིག་ཏུ་སེམས་སོ།

ལྷག་དོན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་ཏུ་དཔལ་ལྡན་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད་ལས། བཀུར་འོས་རྣམ་པས་གྲོས་ཚོགས་ནང་དུ་བཀའ་མོལ་གསུང་དུས་ཚིག་རྒྱག་བེད་སྤྱོད་གཏོང་སྟངས་དེ་ཚོ་མཚམས་རེར་ཐལ་ཆ་དེ་འདྲ་ཡོང་གི་འདུག མ་འོངས་པར་དེའི་ཚོ་གྲས་མི་ཡོང་བར་འབད་བརྩོན་ཞུ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག བཀའ་བློན་རྣམ་པ་ཡིན་ནའང་འདྲ་འདུག དེ་བཞིན་གྲོས་ཚོགས་འཐུས་མི་ཡིན་ནའང་འདྲ་འདུག གང་ལྟར་མི་རེད། མི་ཡིན་ཕྱིན་ཆད་བདེ་སྡུག་གི་ཚོར་བ་སུ་ལ་ཡིན་ནའང་ཡོད་རེད། དེ་བརྟེནང་ཚོ་མཉམ་དུ་འཛོམས་ཐུབ་པ་དེ་ལས་དང་སྨོན་ལམ། རྟེན་འབྲེལ་ཞིག་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་བོད་སྤྱི་པར་ཞབས་ཕྱི་ཞུ་ཐུབ་པ་དེ་བསོད་ནམས་ཆེན་པོ་རེད། བསྐལ་བ་བཟང་པོ་རེད། སྡིངས་ཆ་འདི་སྡིངས་ཆ་མཐོ་ཤོས་དེ་ཆགས་བསྡད་ཡོད། དེའི་ཐོག་ནས་བོད་སྤྱི་པ་དང་བོད་མིའི་སྒྲིག་འཛུགས་ལ་ལེགས་སྐྱེས་ཤིག་འབུལ་ཐུབ་པ་ཡིན་ན། སོ་སོའི་མི་ཚེ་དེ་དོན་དང་ལྡན་པ། སོ་སོའི་ལས་ཀ་འཁྱུར་བའི་སྐབས་སུ་ཡིན་ནའང་། ངས་དེ་འདྲ་ཞིག་བྱས་པ་ཡིན་བསམ་བསམ་གྱིས་སོ་སོར་ཡིད་ཆེས་བསླེབ་ཐུབ་པ་ཞིག་ཡོང་གི་རེད་བསམ་གྱི་འདུག འདིའི་ཐོག་ནས་འཐུས་ཤོར་ཕྱིན་སོང་བ་ཡིན་ན་སོ་སོའི་ཡིད་ཆེས་དང་རེ་བ་དེ་བརླག་འགྲོ་ཡི་ཡོད། མང་ཚོགས་ཚོ་ཡིན་ནའང་རེ་བ་བརླག་འགྲོ་ཡི་རེད། སོ་སོ་ཡིན་ནའང་རྒྱབ་རྟེན་གང་ཡང་མེད་པའི་གནས་སྟངས་ཆགས་འགྲོ་ཡི་རེད། མ་འོངས་པར་དེ་ཚོའི་ཐོག་ལ་དགོངས་པ་བཞེས་རོགས་གནང་ཞུ་རྒྱུ་ཡིན། ཞེས་འབོད་སྐུལ་དང་འབྲེལ་ལམ་སྟོན་གལ་ཆེ་ཞིག་གནང་སོང་བས། བཀུར་འོས་འཐུས་མི་རྣམ་གཙོས་པའི་རྒྱ་མང་ཚོགས་རྣམས་ཀྱིས་ཐུགས་སུ་དམ་བཅའ་གཏན་པོ་ཞིག་བཟུང་ནས་ལས་དོན་གནང་བའི་རེ་བ་དང་ཡིད་ཆེས་ཡོད། ད་ནི་ཞུ་མཚམས་འདི་ནས་འཇོག་རྒྱུ་ཡིན་ན། མགོ་མཇུག་མེད་པའི་མང་པོ་ཞིག་ཞུ་དགོས་བྱུང་སོང་ན་དགོངས་འགལ་མེད་པ་ཞུ། ཤ་ཚའི་ཁ་ལ་གཏམ་སྙན་མེད། ནད་དྲག་པའི་སྨན་ལ་ཞིམ་པོ་མེད་ཅེས་པ་དེ་དོན་ཀུན་གྱིས་མཁྱེན་པ་མཛོད།

མཐའ་དོན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༧རྒྱལ་བ་རིན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཞིང་། བོད་གཞིས་བྱེས་མཉམ་འཛོམས་མགྱོགས་ནས་མྱུར་དུ་ཡོང་བའི་སྨོན་འདུན་དང་བཅས། ཆབ་མདོ་ངག་ཕུན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese