མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ནས་བོད་ནང་བོད་ལུགས་གསོ་རིག་སྨན་དང་སྨན་ཞབས་པ་གཏང་བར་གྲ་སྒྲིག་ཨང་གསར་ཡོད་པའི་གསལ་བསྒྲགས་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པའི་སྐབས་འདིར་བོད་མིའི་སྒྲིག་འཛུགས་ནས་ང་ཚོས་བོད་ནང་ཏོག་དབྱིབས་གཉན་རིམས་འགོག་ཐབས་སླད་བོད་ཀྱི་གསོ་རིག་སྨན་དང་སྟོབས་སྐྱེད་སྨན། སྨན་བཅོས་ཡོ་བྱད། སྨན་ཞབས་པ། དྭང་བླངས་པ་སོགས་ཀྱི་མཐུན་རྐྱེན་སྦྱོར་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ཅེས་ཡོངས་ཁྱབ་ཐོག་གསལ་བསྒྲགས་སྤེལ་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག བོད་མིའི་སྒྲིག་འཛུགས་ཀྱི་པར།

འདི་ལོའི་ཕྱི་ཟླ་ ༨ པ་ཙམ་ནས་བཟུང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་གཙོ་བོར་གྱུར་བའི་བོད་ཀྱི་ས་ཆ་མང་པོའི་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་བྱུང་སྟེ། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུའི་ཟུར་བཀག་ཁང་ཁག་ཏུ་ཉུང་མཐར་མི་གྲངས་ ༥༣༠༧༦ ཙམ་ཟུར་བཀག་ཏུ་ཡོད་པ་མ་ཟད། ཟུར་བཀག་ཁང་གི་སྨན་བཅོས་མཐུན་རྐྱེན་དང་བཟའ་བཏུང་སོགས་འཚོ་བའི་མཐུན་རྐྱེན་ཧ་ཅང་ཞན་པའི་ཁར། གོང་རིམ་གྱི་བཀའ་རྒྱར་མ་ཉན་པའི་ཉེས་མིང་འོག་རྡུག་རྡེག་དང་བཙན་གནོན་གཏོང་བཞིན་ཡོད་པའི་རྐྱེན་གྱིས། བོད་མི་མང་པོས་སྤྱི་ཚོགས་དྲ་ལམ་ནས་སྲིད་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་བྱེད་བཞིན་པ་དང་། འུ་ཐུག་ཐབས་ཟད་ཀྱིས་བོད་མི་རེ་ཟུང་ནས་རང་ཤི་བརྒྱབ་ཡོད་པའི་ཛ་དྲག་གནས་སྟངས་ཐད་བཀའ་ཤག་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་གནང་འདུག

བཀའ་ཤག་གིས་གསལ་བསྒྲགས་ནང་དུ། བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འགྲོ་སྐབས་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་མེད་པ་བཟོ་རྒྱུའི་ཏོག་དབྱིབས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ཞེས་པ་ལག་བསྟར་བྱ་རྒྱུར་གདུག་རྩུབ་ཆེ་བའི་ཐབས་ལམ་སྤྱད་པའི་རྐྱེན་གྱིས་བོད་མིར་ཕན་པ་ལས་གནོད་ཚབས་ཆེ་བ་བྱུང་ཡོད། བོད་ནང་གཉན་རིམས་ཁྱབ་གདལ་འགོག་ཐབས་སུ་སྟངས་འཛིན་ཚུལ་བཞིན་མ་ཐུབ་པ་དེས་རྒྱ་གཞུང་གི་ཏོག་དབྱིབས་གཉན་རིམས་ཀྱི་སྲིད་བྱུས་ལམ་ལྷོངས་བྱུང་མེད་པ་གསལ་སྟོན་བྱུང་ཡོད་པ་དང་། དེ་ལ་བརྟེན་ནས་བོད་མི་མང་པོའི་ཚེ་སྲོག་ཉེན་ཁའི་གནས་སུ་ལྷུང་ཡོད། རྒྱ་གཞུང་ནས་ཏོག་དབྱིབས་གཉན་རིམས་འགོག་ཐབས་ཐད་མིག་དཔེ་བསྟན་རྒྱུའི་འབད་རྩོལ་བྱེད་སྐབས་སྨན་བཅོས་མཐུན་རྐྱེན་དང་ལྟ་སྐྱོང་དགོས་པའི་བོད་མི་རྣམས་ཀྱི་ཉེན་སེལ་དང་བདེ་འཇགས་ལ་སྣང་ཆུང་བཏང་ཞིང་། དེ་ལྟ་བུའི་ཉམ་ང་བའི་ཐེམ་སྤངས་བཀའ་རྒྱའི་དམ་དྲག་ལ་བརྟེན་བོད་མི་རྣམས་ལ་དངོས་ཐོག་དཀའ་ངལ་འཕྲད་པ་དྲ་ཐོག་ནས་མངོན་གསལ་ཇེ་དོད་དུ་གྱུར། བོད་མི་རྣམས་ཀྱིས་ཏོག་ནད་ཟུར་འཇོག་ཁང་ནང་འཚང་ཁ་ཆེ་བ་དང་། ཟས་བཅུད་དང་སྨན་སྦྱོར་མཐུན་རྐྱེན་དཀོན་པ། ཁོར་ཡུག་བཙོག་པ་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་མ་ཟད། བོད་མི་འགའ་ཤས་ཀྱིས་གནས་སྟངས་དེ་ནི་བཙོན་ཁང་ལས་ཚབས་ཆེ་བ་ཡོད་པའི་འགྲེལ་བརྗོད་བྱས་ཡོད། ཅེས་དང་། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བ་ཁོ་ནའི་ནང་མི་གྲངས་ ༥༣༠༧༦ ཟུར་འཇོག་ཁང་དུ་བཞག་ཡོད་པའི་ཚོད་དཔག་དང་། དེ་བཞིན་བོད་མདོ་སྟོད་སྨད་གཉིས་ཀྱི་ས་ཁུལ་དུའང་ཉིན་རེ་བཞིན་ཏོག་དབྱིབས་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་གསུངས་འདུག

རྒྱ་གཞུང་ནས་འཁོན་འཛིན་རྣམ་པ་འདྲ་མིན་ཐོག་ནས་སློག་མིན་ལ་མ་ལྟོས་པར་བོད་མི་རྣམས་ཀྱིས་སྤྱི་ཚོགས་དྲ་རྒྱའི་སྟེང་དཀའ་ངལ་གསལ་སྟོན་གྱིས་ས་གནས་དབང་འཛིན་པ་ཚོར་ནད་གཞི་ཡོད་མིན་ལ་མ་ལྟོས་པར་ཟུར་འཇོག་ཁང་དུ་བཞག་ཡོད་པའི་བོད་མི་རྣམས་ཀྱི་དགོས་མཁོ་འཕྲལ་དུ་བསྐོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། འཛིན་སྐྱོང་གི་ཡ་ང་སྙིང་རྗེ་མེད་པའི་བྱེད་སྟངས་ལ་མི་མང་པོས་ཡོངས་གྲགས་སུ་སྐྱོན་བརྗོད་བྱས་ཡོད་སྐོར་ལུང་འདྲེན་གནང་བ་དང་སྦྲགས། བོད་མི་རྣམས་ཀྱིས་འཕྲོད་བསྟེན་མཐུན་རྐྱེན་ཞན་པའི་གནས་སྟངས་ལ་ཞེ་སུན་གྱིས་སྐྱོན་བརྗོད་བྱས་པར་རྒྱ་ནག་གཞུང་ནས་ངོས་ལེན་དང་། གཞུང་ངོས་ནས་དོ་དམ་ཚུལ་བཞིན་མ་བྱུང་བར་མི་མང་གིས་བསམ་ཚུལ་བཤད་པར་འཁོན་ལན་སློག་སྲིད་པར་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

གསལ་བསྒྲགས་ཀྱི་མཇུག་ཏུ། རྒྱ་གཞུང་ངོས་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་དགོངས་དོན་ལྟར་བོད་མི་རྣམས་ཀྱི་ཐོབ་ཐང་ལ་གུས་བརྩི་དགོས་པ་མ་ཟད། ཁོང་ཚོར་བརྩི་བཀུར་དང་ཏོག་དབྱིབས་གཉན་རིམས་གཙང་སེལ་གྱི་སྲིད་བྱུས་ནང་གསལ་ལྟར་འདང་ངེས་ཀྱི་སྨན་བཅོས་མཐུན་རྐྱེན་དང་གཞི་རྩའི་དགོས་མཁོ་མཁོ་སྤྲོད་གནང་དགོས། དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ནས་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་ཆེད་བོད་མི་རྣམས་ལ་དུས་ཐོག་གི་སྨན་དང་གཞི་རྩའི་དགོས་མཁོ་ཅི་རིགས་ཀྱི་རོགས་སྐྱོར་གནང་མཁན་ཚོར་ཆོག་མཆན་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན་པ་མ་ཟད། བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འགོག་ཐབས་སུ་ཁོང་ཚོའི་ཉམས་མྱོང་དང་ཆེད་ལས་བེད་སྤྱོད་བྱེད་པར་རྒྱ་གཞུང་ནས་འགོག་རྐྱེན་མི་བཟོ་བའི་རེ་བ་ཡོད།  ང་ཚོས་བོད་ནང་ཏོག་དབྱིབས་གཉན་རིམས་འགོག་ཐབས་སླད་བོད་ཀྱི་གསོ་རིག་སྨན་དང་སྟོབས་སྐྱེད་སྨན། སྨན་བཅོས་ཡོ་བྱད། སྨན་ཞབས་པ། དྭང་བླངས་པ་སོགས་ཀྱི་མཐུན་རྐྱེན་སྦྱོར་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ཅེས་གསུངས་འདུག

བྱམས་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་འདིར་དྲངས།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༢༣ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese