མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བའི་མགོ་འཁྲིད་གཞོན་པ་ཟུར་པ་ཞིག་ལ་ལྐོག་རྔན་འབོར་ཆེན་བླངས་བའི་ནག་ཉེས་ཕོག

བོད་ཀྱི་དུས་བབ།
༢༠༢༢/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བའི་མགོ་འཁྲིད་གཞོན་པ་ཟུར་པ་ཀྲང་ཡུང་ཙི་ཞེས་པ་དེས་ལྐོག་རྔན་བླངས་བའི་དོགས་གཞིའི་འོག་ཧྲན་ཞི་ཞིང་ཆེན་ཞི་ཨན་འབྲིང་རིམ་མི་མང་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱས་འདུག

བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བའི་མགོ་འཁྲིད་གཞོན་པ་ཟུར་པ་ཀྲང་ཡུང་ཙི། དྲ་ལམ་གྱི་པར།

ཁ་སང་ཕྱི་ཚེས་ ༣༠ ་ཉིན་རྒྱ་ནག་གཞུང་འབྲེལ་མི་མང་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་མགོ་འཁྲིད་གཞོན་པ་ཟུར་པ་ཀྲང་ཡུང་ཙི་ཟེར་བ་ཞིག་གིས། གོ་གནས་བེད་སྤྱད་དེ་ལྐོག་རྔན་འབོར་ཆེན་བླངས་ཡོད་པའི་དོགས་གཞིའི་འོག་བོད་རང་སྐྱོང་ལྗོངས་ཞིབ་བཤེར་ཁང་ནས་ཞི་ཨན་གྲོང་ཁྱེར་མི་མང་ཞིབ་བཤེར་ཁང་དུ་རྩིས་སྤྲད་ཡོད་པ་དང་། ད་ལྟའི་ཆར་ཞི་ཨན་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཞིབ་བཤེར་བྱེད་བཞིན་ཡོད་འདུག

ད་ལོའི་ཕྱི་ཟླ་ ༡ ཚེས་ ༨ ཉིན་ལྐོག་རྔན་འབོར་ཆེན་བླངས་བའི་དོགས་གཞི་འོག་ཀྲང་ཡུང་ཙི་གོ་གནས་ནས་ཕབ་ཏེ་ཞིབ་བཤེར་བྱེད་མགོ་ཚུགས་ཡོད་པ་དང་། ཁོ་ནི་ཕྱི་ལོ་ ༢༠༢༢ ལོར་འཛིན་བཟུང་བྱས་པའི་སྟག་རྒན་དང་པོ་དང་། རྒྱ་ནག་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༩ པའི་རྗེས་སུ་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་ཞིང་ཆེན་རིམ་པའི་མཐོ་རིམ་དཔོན་རིགས་ཤིག་གོ་གནས་ནས་གནས་དབྱུང་བཏང་བ་ཐོག་མ་དེ་ཆགས་ཡོད་སྐོར་བསྒྲགས་འདུག

འདི་ལོའི་ཕྱི་ཟླ་ ༧ ཚེས ༧ ཉིན་རྒྱ་ནག་གཞུང་ཕྱོགས་ནས་ཀྲང་ཡུང་ཙིས་ནག་ཉེས་ཚབས་ཆེན་བཟོས་ཡོད་སྐོར་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ། དམར་ཕྱོགས་ཚོགས་པའི་ཚོགས་ཁུངས་ནས་ཕྱིར་འབུད་བཏང་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་ཟེར་བའི་སྐབས་ ༡༠ པའི་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་དང་འཐུས་མིའི་ཐོབ་ཐང་བཅས་བླངས་རྗེས། ཟླ་དེའི་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་རྟོག་ཞིབ་ལས་ཁུངས་ཀྱིས་ཞིབ་བཤེར་ཁང་དུ་རྩིས་སྤྲོད་བྱས་ཡོད་པ་དང་། ཉིན་ཤས་གོང་དུ་རྒྱ་ནག་ཆེས་མཐོའི་མི་མང་ཞིབ་བཤེར་ཁང་ཟེར་བས་ནག་ཉེས་ར་འཕྲོད་ཀྱིས་དངོས་སུ་འཛིན་བཟུང་བྱས་ཡོད་ལུགས་བསྒྲགས།

ཀྲང་ཡུང་ཙི་འཛིན་བཟུང་བྱས་པའི་ཟླ་བ་དེ་ག་རང་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲིལ་བསྒྲགས་ཚན་པའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ནིན་ཧྲིན་(王能生)ཡང་འཛིན་བཟུང་བྱས་ཡོད་འདུག་ལ། ཝང་ནིན་ཧྲིན་ཟེར་བ་དེས་ཕྱི་ལོ་ ༡༩༨༣ ནས་ ༢༠༢༡ བར་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲིལ་བསྒྲགས་ཚན་པའི་ནང་དྲིལ་བསྒྲགས་ཀྱི་ལས་ཀ་བྱས་ཏེ་འགན་འཛིན་སོགས་བྱས་ཡོད་འདུག

ཀྲང་ཡུང་ཙི་ནི་ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་ཡུན་ནན་དུ་སྐྱེས་ཞིང་། ཕྱི་ལོ་༡༩༩༨ལོ་ནས་བཟུང་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཟེར་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚན་པའི་འགན་འཛིན་དང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཡིག བོད་རང་སྐྱོང་ལྗོངས་ཟེར་བའི་མི་མང་སྲིད་གཞུང་གི་མགོ་འཁྲིད་གཞོན་པ་སོགས་བཅས་ཀྱི་འགན་འཁུར་ཡོད་འདུག གོ་དབང་ཆེན་པོ་ཐོབ་པའི་གོ་སྐབས་དང་བསྟུན་ཁོས་ལས་འགན་གཙང་ལེན་བྱས་མེད་པ་དང་། འབྲེལ་བ་བརྒྱུད་གོ་གནས་སྤར་བ། ཁྲིམས་མཐུན་མིན་པའི་ཁེ་དབང་གཉེར་བ། ཁྲིམས་འགལ་གྱིས་གཞན་གྱི་རྒྱུ་ནོར་འབོར་ཆེན་བླངས་ཡོད་ལུགས་སོགས་ཀྱི་ནག་ཉེས་གཡོགས་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༥ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༧ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese