མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གིས་དབྱིན་ཇིའི་རྒྱལ་མོའི་དབུ་རྒྱན་གྱི་སླད་དུ་འཁྲུག་པ་རྒྱག་དོན་ཅི་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༢༢/༡༠/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་བུ་སྐལ་བཟང་སྦྱིན་པས་དབྱིན་ཡིག་ལས་བོད་བསྒྱུར་ཞུས།

ཕྱི་ཟླ་ ༩ ཚེས་ ༨ ཉིན་དབྱིན་ཇིའི་རྒྱལ་མོ་ཨིལ་ཛི་བྷ་ཐི་མཆོག་འདས་གྲོངས་སུ་ཕྱིན་པར་མི་མང་ས་ཡ་མང་པོས་མྱ་ངན་དང་རྗེས་དྲན་བྱེད་པ་སོགས་ཀྱི་དོན་རྐྱེན་དེས་འཛམ་གླིང་ཧྲིལ་པོ་སྐྱོམ་སྐྱོམ་དུ་བཏང་ཡོད། འོན་ཀྱང་། ཡུན་རིང་མ་འགོར་བར་གནད་དོན་གཞན་ཞིག་གིས་མི་མང་གི་དོ་སྣང་བཀུག་ཡོད། དེ་ནི་དབྱིན་ཇིའི་རྒྱལ་ཁང་དུ་ཡོད་པའི་རྡོ་རྗེ་ཕ་ལམ་གསུམ་གྱི་སྐོར་ཡིན་ལ། ཕ་ལམ་གསུམ་གྱི་གནས་ཚུལ་དེ་རྒྱལ་ཡུམ་ཨིལ་ཛི་བྷ་ཐི་ (Elizabeth)མཆོག་གི་འདས་མཆོད་ལས་ལྷག་གིས་མི་མང་གི་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། རྒྱལ་ཡུམ་མཆོག་གི་དབུ་རྒྱན་གྱི་སྟེང་གི་རིན་ཆེན་ནོར་བུ་ ༢༣༠༠༠ ཕུད་དེ། ཁཱོ་ཨེ་ནཱོར་(Koh-i-noor) རྡོ་རྗེ་ཕ་ལམ་དང་དབྱིན་ཇིའི་རྒྱལ་སྲིད་མངའ་ཐང་མཚོན་པའི་ཨ་ཧྥི་རི་ཁའི་སྐར་ཆེན་ནམ་ཡང་ན་ཁཱ་ལེ་ནན་(Cullinan I) རྡོ་རྗེ་ཕ་ལམ་དང་པོ་དང་གཉིས་པ་སོགས་ནི་དབྱིན་ཇིའི་རྒྱལ་ཁང་དང་། རྒྱ་གར། ལྷོ་ཨ་ཧྥི་རི་ཁ་བཅས་བར་གྱི་རྩོད་གཞི་ཆགས་ཡོད།

ཁཱོ་ཨེ་ནཱོར་རྡོ་རྗེ་ཕ་ལམ།

རྒྱལ་སྤྱིའི་རྡོ་རྗེ་ཕ་ལམ་གྱི་ཚོང་ཁང་གྲགས་ཅན་ (Baunat Smart Jewellery) ལྟར་ན།  དཔེ་ཚད་སྲང་འབྲུ་(carat) ༡༠༥།༦ ཡིན་པའི་ཁཱོ་ཨེ་ནཱོར་རྡོ་རྗེ་ཕ་ལམ་ལ་ལྗིད་ཚད་གྷ་རམ་ ༢༡ ལས་མེད་ཀྱང་། དེའི་རིན་གོང་ཨ་སྒོར་ས་ཡ་ ༤༠༠ ཡིན་ཟེར། ཨ་རིའི་(Smithsonian Magazine) དུས་དེབ་ཀྱིས།  ཐོག་མའི་ཆར་ཕ་ལམ་དེའི་དཔེ་ཚད་སྲང་འབུ་ ༡༨༦ ཡིན་ཡང་། ཕྱི་ལོ་ ༡༨༥༢ ལོར་རྒྱལ་མོ་ཝི་ཊོ་རེ་ཡའི་བཟའ་ཟླ་རྒྱལ་སྲས་ཨལ་བྷར་ཊི་ (Prince Albert) ཡིས་རྡོ་རྗེ་ཕ་ལམ་དེ་གཅོད་གཏུབ་ཀྱིས་དེང་རབས་ཡུ་རོབ་ཀྱི་བཟོ་བཀོད་ལ་འགྱུར་བ་བཏང་སྟེ། རྒྱལ་མོ་ཨ་ལེག་ཛན་དྷི་ར་ (Alexandra) ཡི་དབུ་རྒྱན་གྱི་སྟེང་དུ་སྤྲས་པ་ནས་རིམ་བཞིན་རྒྱལ་མོ་མའེ་རེ་དང་། ཕྱི་ལོ་ ༡༩༣༧ ལོར་རྒྱལ་ཡུམ་ཨིལ་ཛི་བྷ་ཐི་མཆོག་བཅས་ཀྱིས་བསྣབས་ཡོད་ཟེར། རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཀྱིས། ད་ལྟའི་དབྱིན་ཇིའི་རྒྱལ་པོ་ཆཱར་ལེ་སི་ཡི་སྐུ་ཟླ་ (Camilla) ལགས་ཀྱིས་ཀྱང་རང་ཉིད་རྒྱལ་མོ་ཡིན་སྟབས། རྡོ་རྗེ་ཕ་ལམ་གྱིས་སྤྲས་པའི་དབུ་རྒྱན་དེ་བསྣབ་རྒྱུ་ཡིན་སྐོར་བརྗོད་འདུག

འཛམ་གླིང་གི་བཟོ་བཀོད་བྱས་པའི་རྡོ་རྗེ་ཕ་ལམ་ཆེ་ཤོས་ཁཱོ་ཨེ་ནཱོར་དེ་དོན་དངོས་ཐོག་དབྱིན་ཇིའི་རྒྱལ་རྒྱུད་ལ་དབང་བ་ཞིག་མིན།  དེ་ནི་དབང་སྒྱུར་གྱི་འཇིགས་སྐྲག་འོག་རྩོད་རྙོག་འགྲིག་འཇགས་བྱས་པ་བརྒྱུད་བླངས་པ་ཞིག་ཡིན། དེ་ཡང་། རྒྱ་གར་གྱི་མི་འགྲོའི་འཆར་གཞི་སྡེ་ཚན་ལྟར་ན། ཕ་ལམ་དེ་ནི་དེ་སྔ་ཁ་ཆེ་རྒྱལ་པོ་ཤ་ཧེ་ (Qutub Shahi) ཡིས་རྒྱ་གར་ནང་བཙན་འཛུལ་བྱས་ཏེ་(Hyderabad) ནང་རྒྱལ་ས་བྱས་མྱོང་བའི་གྷོལ་ཁོན་ཌ་ (Golconda) གྲོང་ཁྱེར་ནས་གཏེར་ཁ་སྔོག་འདོན་ཁྲོད་རག་ཡོད་ཅིང་། ཕྱི་ལོ་ ༡༨༤༩  ལོར་དབྱིན་ཇིའི་ཚོང་གཉེར་ཁང་ (East India Company) གིས་སིག་(Sikh empire)རྒྱལ་རྒྱུད་མཐའ་མ་ཌོལ་པེ་སིན་ཧི་ (Maharaja Duleep Singh) ཡི་ལག་ནས་བླངས། སྐབས་དེ་དུས་སིག་ལ་དམག་འཁྲུག་གི་ཕམ་ཁ་བྱུང་སྟེ། པན་ཇབ་ནང་གི་དབྱིན་ཇིའི་བཙན་རྒྱལ་དང་སིག་གཉིས་ཀྱི་དམག་འཁྲུག་མཚམས་འཇོག་གི་སླད་དུ་ལ་ཧོར་གྲོས་ཆོད་(Treaty of Lahore) བཞག་སྟེ། སིག་རྒྱལ་པོས་རྡོ་རྗེ་ཕ་ལམ་དེ་རྒྱལ་མོ་ཝིག་ཊོ་རེ་ཡར་འབུལ་དགོས་བྱུང་། ལ་ཧོར་གྲོས་ཆོད་ནི་ད་ལྟ་པ་ཀི་སི་ཐན་གྱི་ཤར་ཕྱོགས་དང་རྒྱ་གར་གྱི་བྱང་ཕྱོགས་བར་བཞག་པ་ཞིག་ཡིན།

འཛམ་གླིང་ལོ་རྒྱུས་ལྟར་ན། རྡོ་རྗེ་ཕ་ལམ་དེ་རྒྱལ་རྒྱུད་མང་པོའི་ལག་པ་བརྒྱུད་ནས་ཡོང་ཡོད་ཅིང་། ཐོག་མར་དུས་རབས་བཅུ་དྲུག་པའི་ནང་རྒྱ་གར་གྱི་མོ་གྷལ་རྒྱལ་རྒྱུད་ (Mughal Emperors) ནས་ཨི་རན་གྱི་རྒྱལ་པོ་ཐོག་མ་ནཱ་ཌར་ཤཱ་ (Nader Shah)། ཨབ་གྷན་ནེ་སི་ཐན་གྱི་རྒྱལ་རྒྱུད་དང་། མཐར་ཕྱི་ལོ་ ༡༨༡༣ ལོར་སིག་རྒྱག་པོ་རཱན་ཇེ་ཊི་སིན་ཧི་ (Ranjit Singh) ལ་ལག་སོན་བྱུང་ཡོད།  དེར་བརྟེན། ད་ལྟ་རྒྱ་གར་དང་ཨབ་གྷན་ནེ་སི་ཐན། ཨི་རན་དང་པ་ཀི་སི་ཐན་སོགས་ཀྱིས་དབྱིན་ཇིའི་རྒྱལ་ཁང་ལ་རྡོ་རྗེ་ཕ་ལམ་གྱི་བདག་དབང་རྩོད་བཞིན་པར་ཡ་མཚར་སྐྱེ་དགོས་དོན་མེད།

ཨ་རིའི་(NBC News) གསར་ཁང་གིས།  ཨི་རན་གྱི་པིར་ཤི་ཡན་སྐད་དུ་ཁཱོ་ཨེ་ནཱོར་གྱི་གོ་དོན་ནི་འོད་ཀྱི་རི་བོ་ཡིན་ཞིང་། དེས་བུད་མེད་ཁོ་ནར་ཁ་ལས་རླུང་རྟ་འཁྱེར་ཡོང་བ་དང་། རྨོངས་དད་ཀྱི་ཐོག་ནས་བཤད་ན་གལ་སྲིད་སྐྱེས་པ་ཞིག་གིས་ཕ་ལམ་དེ་སྐེ་རུ་གྱོན་ཚེ།  མི་དེར་གནོན་པ་དང་རྐྱེན་ངན་གོད་ཆག་བྱུང་གི་ཡོད་སྐོར་བརྗོད་འདུག་ལ། དཀྲོག་གཏམ་དེའི་འབྱུང་ཁུངས་ནི་ཕ་ལམ་དེ་རྒྱལ་པོ་མང་པོས་དེ་སྔ་ལག་ཏུ་བཟུང་ཞིང་རྗེས་སུ་བོར་བརླག་བྱུང་བའི་ལོ་རྒྱུས་ལས་བྱུང་བ་ཞིག་རེད། དེར་བརྟེན། ཕ་ལམ་དེའི་སྐྱོ་གར་གྱི་ལས་དབང་ནི་བུད་མེད་ཁོ་ན་ཡིས་སེལ་ནུས་ཤིང་། རྒྱལ་ཡུམ་ཨིལ་ཛི་བྷ་ཐི་མཆོག་གི་དཔེ་མཚོན་ལས་དེ་ནི་དོན་དངོས་ལྟ་བུར་གྱུར་ཡོད།

ཨ་ཧྥི་རི་ཁའི་སྐར་ཆེན།

ཨ་ཧྥི་རི་ཁའི་སྐར་ཆེན་ནི་ལྷོ་ཨ་ཧྥི་རི་ཁའི་གཏེར་ཁ་སྔོག་འདོན་ཁྲོད་ཕྱི་ལོ་ ༡༩༠༥ ལོར་གསར་དུ་རྙེད་ཡོད་ཅིང་། ད་སྔ་བར་གཅོད་གཏུབ་བྱས་མ་མྱོང་བའི་རྡོ་རྗེ་ཕ་ལམ་ཆེ་ཤོས་དེ་ཡིན། མིང་ལ་ཁཱ་ལེ་ནན་(Cullinan) ཞེས་གཏེར་ཁ་སྔོག་འདོན་སྐབས་ཀྱི་བདག་པོ་ཐོག་མ་སྐུ་ཞབས་ཐོ་མ་སི་ཁཱ་ལེ་ནན་ (Thomas Cullinan) ལགས་ཀྱི་མིང་བཏགས་ཡོད། ཨ་ཧྥི་རི་ཁའི་སྐར་ཆེན་ཐོག་མར་རྙེད་སོན་བྱུང་སྐབས་དཔེ་ཚད་སྲང་འབྲུ་ ༣༡༠༦ ཡིན་ཞིང་མི་ཞིག་གི་སྙིང་དང་གཅིག་མཚུངས་ཀྱི་ཆེ་ཚད་ཡོད། ཅེས་དབྱིན་ཇིའི་རྒྱལ་ཁང་གི་དངོས་རྫས་བསྡུ་ལེན་ཐེབས་རྩ་ཁང་གིས་བརྗོད། ཕ་ལམ་དེ་ལས་རྡོ་དགུ་གཅོད་གཏུབ་བྱས་རྗེས། ད་ལྟ་རྡོ་རྗེ་ཕ་ལམ་ཆེ་ཤོས་ཡིན་པའི་ཨ་ཧྥི་རི་ཁའི་སྐར་ཆེན་དང་པོའི་དཔེ་ཚད་སྲང་འབྲུ་ ༥༣༠ ཡིན།

སི་ཨན་ཨན་གསར་ཁང་ལྟར་ན། ཕྱི་ལོ་ ༡༩༠༧ ལོར་ཕ་ལམ་དེ། དབྱིན་ཇིའི་དབང་སྒྱུར་འོག་གནས་པའི་ལྷོ་ཨ་ཧྥི་རི་ཁའི་གཞུང་(Transvaal) གིས། དབྱིན་ཇིའི་རྒྱལ་པོ་ཨེ་ཝར་ཌི་བདུན་པར་ (Edward VII) སྐྱེས་སྐར་གྱི་ལེགས་སྐྱེས་སུ་ཕུལ་ཏེ། རྒྱལ་ཁབ་གཉིས་བར་གྱི་དམག་འཁྲུག་གཉིས་པ་མཚམས་འཇོག་བྱས་པ་ནས། གཞི་ནས་ལྷོ་ཨ་ཧྥི་རི་ཁ་དང་དབྱིན་ཇི་གཉིས་བར་ལོ་ལྔའི་རིང་ཞི་བདེ་བརྟན་ལྷིང་ཡོང་བར་ཕན་ཐོགས་བྱུང་ཡོད། ཕྱི་ལོ་ ༡༩༡༠  ལོར་དབྱིན་ཇིས་ཆུ་ཐིོགས་ཀྱི་དབྱིབས་ལྟ་བུའི་ཕ་ལམ་དེ་རྒྱལ་ཁབ་ཀྱི་རྒྱལ་སྲིད་མཚོན་རྟགས་སྟེང་དུ་ཁྲ་རྒྱན་བྱས།  རྒྱལ་སྲིད་མཚོན་རྟགས་དེ་ནི་ཕྱི་ལོ་ ༡༦༠༠ ལོ་ནས་བྱུང་བའི་རྒྱལ་ཁང་གི་དངོས་པོ་བྱིན་རླབས་ཅན་ཞིག་ཡིན་པ་དང་། ཕྱི་ལོ་ ༡༦༦༡ ལོར་རྒྱལ་པོ་ཆཱར་ལེ་སི་གཉིས་པའི་རྒྱལ་སྲིད་མཛད་སྒོ་ནས་དབུ་ཚུགས་པའི་རྒྱལ་སྲིད་ཁྲི་འདོན་མཛད་སྒོ་ཚང་མའི་སྟེང་དུ་མཚོན་རྟགས་དེ་འཁྱེར་ཡོད།

སི་ཨན་ཨན་གསར་ཁང་ལྟར་ན། ད་ལྟ་ལྷོ་ཨ་ཧྥི་རི་ཁའི་མི་མང་གིས་རྐུ་འཁྱེར་བྱས་པའི་ཕ་ལམ་དེ་ཕྱིར་ལོག་བྱ་དགོས་པའི་ཁོ་ཁྲོང་གི་རྣམ་འགྱུར་སྟོན་གྱི་ཡོད་པ་དང་། ཨ་ཧྥི་རི་ཁའི་ཆབ་སྲིད་པ་སྐུ་ཞབས་ (Vuyolwethu Zungula) ཡིས་སྒེར་གྱི་ཊུ་ཝི་ཊར་སྟེང་དུ། དབྱིན་ཇིས་ཨ་ཧྥི་རི་ཁ་ནས་རྐུ་འཁྱེར་བྱས་པའི་གསེར་དང་རྡོ་རྗེ་ཕ་ལམ་ཚང་མ་ཕྱིར་ལོག་བྱ་དགོས་པ་མ་ཟད། གནོད་འཚེ་བཟོས་པའི་བྱ་སྤྱོད་ཡོངས་ཀྱི་ཆེད་དུ་གྱོད་གཤེགས་བྱ་དགོས་ཞེས་བརྗོད་ཡོད་ལ། འཐབ་རྩོད་ལས་འགུལ་བ་ཟཱ་བྷེ་ལོ་(Thanduxolo Sabelo) ཡིས། ཁཱ་ལེ་ནན་རྡོ་རྗེ་ཕ་ལམ་མགྱོགས་མྱུར་ཕྱིར་ལྷོ་ཨ་ཧྥི་རི་ཁར་རྩིས་སྤྲོད་དགོས། རྒྱལ་ཁབ་གཞན་གྱིས་ང་ཚོའི་རྒྱལ་ཁབ་ཀྱི་གཏེར་ཁ་དང་མི་མང་གི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་དབྱིན་ཇིར་ཁེ་ཕན་བསྐྲུན་མཚམས་འཇོག་དགོས་ཞེས་བརྗོད་ཡོད།

ཨ་ཧྥི་རི་ཁའི་སྐར་ཆེན་གཉིས་པ།

ཨ་ཧྥི་རི་ཁའི་སྐར་ཆེན་གཉིས་པར་དཔེ་ཚད་སྲང་འབྲུ་ ༣༡༧ ཡོད་ཅིང་རྡོ་བརྐོས་ཕ་ལམ་ཆེ་ཤོས་གཉིས་པ་ཡིན། ཕྱི་ལོ་ ༡༩༠༧ ལོར་འཛམ་གླིང་ཡོངས་ཀྱིས་ལྷོ་ཨ་ཧྥི་རི་ཁ་ནས་ཐོན་པའི་རྡོ་རྗེ་ཕ་ལམ་དེའི་འགྲུལ་བཞུད་ལ་ཟུར་མིག་འཕངས་ནས་བསྡད་ཡོད་དུས། དབྱིན་ཇིའི་བཙན་རྒྱལ་གྱི་རྡོ་རྗེ་ཕ་ལམ་ཆེད་མཁས་པས། སྐབས་དེར་དབྱིན་ཇིའི་གཞུང་གིས་དོགས་ཟོན་དང་སྤྱང་གྲུང་དོད་པོའི་ངང་ནས་སྐོར་སྲུང་བ་དང་དམག་མི་ཡིན་ཁུལ་གྱི་སྡེ་ཚན་ཞིག་བསྐྲུན་ཏེ་ཕ་ལམ་བདེ་འཇགས་ངང་དབྱིན་ཡུལ་དུ་སྐྱེལ་འདྲེན་བྱས་པ་ཡིན་ཞེས་བརྗོད་ཡོད། འོན་ཀྱང་དོན་དངོས་ཐོག་རྡོ་རྗེ་ཕ་ལམ་སྤྲག་ཐུམ་སྐྱ་བོ་ཞིག་གི་ནང་དུ་བཅུག་ནས་ལོན་ཌོན་དུ་སྤྲག་ལམ་ནས་བཏང་ཡོད་པ་རེད།

ཨ་ཧྥི་རི་ཁའི་སྐར་ཆེན་གཉིས་པ་དབྱིན་ཡུལ་དུ་འབྱོར་རྗེས། དབྱིན་ཇིའི་རྒྱལ་རྒྱུད་ཀྱི་མངའ་ཐང་མཚོན་པའི་དབུ་རྒྱན་ཞིག་གི་སྟེང་དུ་མཛེས་སྤྲས་བྱས་ཏེ། ཕྱི་ལོ་ ༡༩༣༧ ལོར་ཇཱོར་ཇི་ (George VI) དྲུག་པས་རྒྱལ་སྟོན་མཛད་སྒོར་གྱོན་ཡོད། དེ་ནས་བཟུང་དབུ་རྒྱན་དེ་ནི་རྒྱལ་པོས་ཁྲི་གསོལ་མཛད་སྒོའི་གྲོལ་རྗེས་ཝེ་སི་ཊི་མེན་ས་ཊར་(Westminster Abbey)ལྷ་ཁང་ནས་ཐོན་ཁར་གྱོན་སྲོལ་ཡོད་ཅིང་། ཨ་ཧྥི་རི་ཁའི་སྐར་ཆེན་གཉིས་པ་ནི་དབུ་རྒྱན་དེའི་སྟེང་གི་རྡོ་རྗེ་ཕ་ལམ་ཆེ་ཤོས་ཡིན་ཡང་། ད་དུང་དབུ་རྒྱན་གྱི་སྟེང་དུ་རྡོ་རྗེ་ཕ་ལམ་ཁྱོན་ ༢༨༦༨ ཡོད་ཅིང་། དེའི་ཁྲོད་ཕ་ལམ་སྔོན་པོ་༡༧ དང་གཡུ་ ༡༡། མུ་ཏིག་ ༢༦༩ དང་པད་མ་ར་ག ༤ བཅས་ཡོད་ལ། ལྗིད་ཚད་ཀེ་ལོ་གྷི་རམ་གཅིག་ལྷག་ཙམ་ཡོད་འདུག

མ་རྩོམ་གྱི་འབྲེལ་ཐག https://www.scmp.com/magazines/style/celebrity/article/3193572/why-world-fighting-over-queen-elizabeths-royal-jewels-koh?fbclid=IwAR1-8rsJ0XUU6V5jtyem_kzsEy8K6j3hdvtBu-b65OG6NXDo6PpXLcDLyeI

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese