མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ལ་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༢/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འདི་ལོའི་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཧྥ་རན་སིའི་ཚན་རིག་པ་ཨ་ལིན་ཨེ་སི་ཕེ་ཁི་ཌི་དང་ཨ་རིའི་ཚན་རིག་པ་རྗོན་ཁི་ལཱ་ཟིར། ཨོ་སུ་ཁྲི་རི་ཡའི་ཚན་རིག་པ་ཨེན་ཊོན་ཛེ་ལིན་གྷིར་བཅས་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་འདུག

His Holiness the Dalai Lama and Anton Zeilinger together at a conference in Vienna, Austria May 26, 2022. Photo by Tenzin Choejor

ཁ་སང་ཕྱི་ཚེས་ ༤ ཉིན་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་ནས་འདི་ལོའི་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་དེ་ཧྥ་རན་སིའི་ཚན་རིག་པ་ཨ་ལིན་ཨེ་སི་ཕེ་ཁི་ཌི་(Alain Aspect)ལགས་དང་། ཨ་རིའི་ཚན་རིག་པ་རྗོན་ཁི་ལཱ་ཟིར་(John F. Clauser)ལགས།  ཨོ་སི་ཊི་རི་ཡའི་ཚན་རིག་པ་ཨེན་ཊོན་ཛེ་ལིན་གྷིར་(Anton Zeilinger)ལགས་བཅས་ལ་ཐོབ་པ་གསལ་བསྒྲགས་གནང་ཡོད་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཚན་རིག་པ་ཁོང་གསུམ་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་ཏེ།  ཁོང་ཅག་གིས་འགྲོ་བ་མིའི་རིགས་ཀྱི་སྤྱིའི་ཁེ་ཕན་ལ་ཕན་ནུས་ལྡན་པའི་ཞབས་འདེགས་བསྒྲུབ་པར་བསྔགས་བརྗོད་མཛད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྩལ་བའི་གསུང་འཕྲིན་ནང་། འདི་ལོའི་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་དེ་ངོས་ཀྱི་གྲོགས་པོ་ཚན་རིག་པ་ཨེན་ཊོན་ཛེ་ལིན་གྷིར་ལགས་དང་།  ཨ་ལིན་ཨེ་སི་ཕེ་ཁི་ཌི་ལགས་དང་། རྗོན་ཁི་ལཱ་ཟིར་ལགས་བཅས་སུ་སྤྲད་རྒྱུ་ཡིན་པ་ཤེས་རྟོགས་བྱུང་། ཁོང་ཅག་གིས་དུས་སྐབས་གསར་པའི་ཚད་རྡུལ་གྱི་འཕྲུལ་རིགས་ཀྱི་རྨང་གཞི་འཚོལ་ཞིབ་བྱེད་པའི་འཕྲུལ་རིགས་འཕེལ་རྒྱས་གཏོང་བའི་ལས་སུ་གཞོལ་ཡོད། ངོས་རང་ནས་ཁོང་ཅག་གི་གསར་གཏོད་ལྡན་པའི་ཉམས་ཞིབ་ལ་འཚམས་འདྲི་ཞུ། ཞེས་དང་། ངོས་ནས་མི་ལོ་བཞི་བཅུ་ཙམ་ལ་ཚན་རིག་པར་བགྲོ་གླེང་བྱས་པའི་ཁྲོད། ངོས་ནས་སློབ་དཔོན་ཆེན་མོ་ཨེན་ཊོན་ཛེ་ལིན་གྷིར་དང་ལྷན་ཚད་རྡུལ་དང་འབྲེལ་བའི་བགྲོ་གླེང་བྱ་རྒྱུའི་གོ་སྐབས་ལན་འགར་བྱུང་། ངོས་རང་གཉིས་ཕྱི་ལོ ༡༩༩༧ ལོར་དྷ་ས་ནས་ཐོག་མར་ཐུག་ཅིང་། ཕྱི་ལོ ༡༩༩༨ ལོར་ངོས་རང་ཨིན་སི་བྷིག་གཙུག་ལག་སློབ་གཉེར་ཁང་(University of Innsbruck) དུ་ཡོད་པའི་ཁོང་གི་རྫས་འགྱུར་བརྟག་དཔྱད་ཁང་དུ་ཕྱིན་པ་ཡིན། དེའི་རྗེས་སུ་ངོས་རང་གཉིས་དྷ་སར་འཚོགས་པའི་སེམས་དང་སྲོག་གི་ཚོགས་ཆེན་དུ་ཐུག་པ་རེད། ཅེས་གསུངས་འདུག

 ཡང་མགོན་པོ་མཆོག་གིས། ངོས་ནས་དེང་རབས་ཚན་རིག་གི་ཐོག་ལ་བསམ་བློ་གཏིང་ཟབ་དང་ཡུན་རིང་བཏང་ཡོད་ལ། དེར་གུས་བཀུར་ཡང་ཆེན་པོ་བྱེད་ཀྱི་ཡོད། དེས་ང་ཚོར་དངོས་ཡོད་ཀྱི་གནས་སྟངས་བཤད་ཐུབ་པ་ཙམ་མ་ཡིན་པར། འགྲོ་བ་མིའི་རིགས་ཀྱི་རིན་ཐང་ལའང་ཤུགས་རྐྱེན་ཆེན་པོ་སྤྲད་ཐུབ་ཀྱི་ཡོད་པ་རེད། ངོས་རང་འདི་ལོའི་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་དེ་འགྲོ་བ་མིའི་རིགས་ཀྱི་ཁེ་ཕན་གྱི་སླད་དུ་ཕན་ནུས་ལྡན་པའི་ལས་ལ་གཞོལ་མཁན་གྱི་ཨེན་ཊོན་ཛེ་ལིན་གྷིར་ལགས་དང་ཁོང་གི་ལས་རོགས་ཚོར་གནང་བར་དགའ་པོ་བྱུང་། ཞེས་གསུངས་འདུག

ཕྱི་ལོ་ ༢༠༢༢ ལོའི་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཚན་རིག་པ་གསུམ། དྲ་ལམ་གྱི་པར།

ད་ལྟ་རང་ལོ་ ༧༧ ཡིན་པའི་ཚན་རིག་པ་ཨེན་ཊོན་ཛེ་ལིན་གྷིར་ལགས་ནི་ཡུ་རོབ་ཀྱི་ཨོ་སི་ཊི་རི་ཡ་རྒྱལ་ཁབ་ཏུ་སྐྱེས་ཤིང་། ཁོང་གིས་ཡུ་རོབ་ཁུལ་གྱི་ཨིན་སི་བྷིག་གཙུག་ལག་སློབ་གཉེར་ཁང་(University of Innsbruck) གཙོས་གཙུག་ལག་སློབ་གཉེར་མང་དག་ཅིག་ལ་སློབ་དཔོན་ཆེན་མོའི་ཕྱག་ལས་གནང་།  ཁོང་ལ་ད་བར་དངོས་ཁམས་རིག་པ་དང་འབྲེལ་བའི་རྒྱལ་སྤྱི་རང་བཞིན་ཅན་གྱི་གཟེངས་རྟགས་ཆེ་གྲས་གསུམ་ཐོབ་མྱོང་འདུག་ལ། ཁོང་ལ་འདི་ལོའི་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་དེ་ཐོབ་ཡོད་ཅིང་། ཁོང་ནི་༧གོང་ས་རྒྱལ་བ་རིན་པོ་མཆོག་གི་ཐུགས་ཐག་ཉེ་བའི་གྲོགས་པོ་ཞིག་ཡིན་པ་མ་ཟད། སེམས་དང་སྲོག་གི་སྐོར་བགྲེ་གླེང་མང་པོ་ཞིག་ལའང་མཉམ་ཞུགས་གནང་ཡོད་འདུག

ཨ་ལིན་ཨེ་སི་ཕེ་ཁི་ཌི་ (Alain Aspect) ནི་ཕྱི་ལོ་ ༡༩༤༧ ཟླ་ ༧ ཚེས་ ༡༥ ཉིན་ཧྥ་རན་སིར་སྐྱེས་ཞིང་། ཕྱི་ལོ་ ༡༩༦༩ ལོར་ཕ་རི་སི་གཙུག་ལག་སློབ་གཉེར་ཁང་དུ་དངོས་ཁམས་རིག་པའི་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཕྱི་ལོ་༡༩༨༠ ལོར་ཧེ་རོ་ཌི་ཝེ་ཁྲི་གཙུག་ལག་སློབ་གླིང་ནས་མཁས་པའི་མཚན་སྙན་ཐོབ། ཁོང་ལ་ད་ལྟ་བར་དུ་རྒྱལ་སྤྱིའི་ཐོག་ཏུ་སྙན་གྲགས་ཆེ་བའི་དངོས་ཁམས་རིག་པའི་གཟེངས་རྟགས་བཞི་ཐོབ་ཡོད་ཅིང་། འདི་ལོའི་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཀྱང་ཐོབ་ཡོད་པ་རེད།

རྗོན་ཁི་ལཱ་ཟིར་(John F. Clauser)ལགས་ནི་ཕྱི་ལོ་༡༩༤༢ ཟླ་ ༡༢ ཚེས་ ༡ ཉིན་ཨ་རིའི་ཁཱ་ལི་ཧྥོར་ནི་ཡ་མངའ་སྡེ་ནང་དུ་སྐྱེས། ཕྱི་ལོ་ ༡༩༦༦ ལོར་ཁོ་ལུམ་བྷི་ཡ་གཙུག་ལག་སློབ་གཉེར་ཁང་དུ་སྒྱུ་རྩལ་དང་དངོས་ཁམས་རིག་པའི་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༦༩ ལོར་ཁོ་ལུམ་བྷི་ཡ་གཙུག་ལག་སློབ་གླིང་ནས་དངོས་ཁམས་རིག་པའི་ཐོག་འབུམ་རམས་པའི་ལག་འཁྱེར་བླངས། ཁོང་ལ་ད་བར་རྒྱལ་སྤྱིའི་ཐོག་ཏུ་སྙན་གྲགས་ཆེ་བའི་དངོས་ཁམས་རིག་པའི་གཟེངས་རྟགས་གཅིག་ཐོབ་འདུག་ལ། འདི་ལོའི་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཀྱང་ཐོབ་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese