མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་བོད་དོན་བདེན་མཐའ་གསལ་རྒྱུ་ཏན་ཏན་ཡོང་གི་རེད་གསུངས།

བོད་ཀྱི་དུས་བབ།
༢༠༢༢/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་མཆོག་གིས་བདེ་ལེགས་སྨན་ཁང་གི་མགོ་ལས་ཡོངས་ལ་མཇལ་ཁ་སྩལ་སྐབས་ད་ལྟ་ཆབ་སྲིད་ཀྱི་ཐོག་ནས་བོད་རྒྱ་མིས་དབང་བསྒྱུར་ནས་བསྡད་ཡོད་པ་དང་མ་འོངས་པར་ནང་ཆོས་ཐོག་ནས་རྒྱ་ནག་དབང་བསྒྱུར་ཐུབ་པ་ཞིག་ཆགས་ཀྱི་རེད། ཅེས་གསུངས།

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བདེ་ལེགས་སྨན་ཁང་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་སྐབས་དང་བསྟུན་ནས། སྨན་ཁང་གི་ལས་ཀྱི་སྣེ་མོ་བ་ཡོངས་ལ་མཇལ་ཁའི་སྐབས། ༧སྐུ་མདུན་མཆོག་དང་འཕགས་པ་ཝ་ཏི་བཟང་པོའི་སྐུ་བཞུགས་ཡོད་སྟབས་དྷ་སར་ཡོད་པའི་བདེ་ལེགས་སྨན་ཁང་ནི་སྨན་ཁང་དམིགས་བསལ་བ་ཞིག་ཡིན་ཞིང་། བོད་ཀྱི་བདེན་མཐའ་ཏན་ཏན་གསལ་རྒྱུ་ཡིན་པ་དང་བདེ་ལེགས་སྨན་ཁང་གི་མགོ་ལས་ཡོངས་བཙན་བྱོལ་དུ་ཡོད་པའི་བྱས་རྗེས་ཅན་གྱི་བོད་མི་ཆགས་ཡོད་པའི་ཡི་རངས་བསྔགས་བརྗོད་བཅས་མཛད་གནང་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། མི་མང་མཆོག་དམན་དབྱེ་བ་མེད་པར་ཚང་མ་ལ་ཕན་ཐོགས་ཆེན་པོ་ཡོད། དེར་བརྟེན། ངོས་ནས་བདེ་ལེགས་སྨན་ཁང་ལ་བསྟེན་གཏུགས་བྱེད་མཁན་གྱི་མི་ཚང་མའི་ཚབ་བྱས་ནས། ཁྱེད་རང་ཚོར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ད་དུང་ང་ཚོའི་བདེ་ལེགས་སྨན་ཁང་གི་སྨན་པ་ལ་བསྟེན་ཏེ་ཕན་ཐོགས་ཞེ་དྲགས་བྱུང་ཟེར་ནས་དགའ་མོས་བྱེད་མཁན་མང་པོ་ཞེ་དྲགས་ཡོང་གི་འདུག སྤྱིར་ས་ཆ་གང་སར་ཡོད་པའི་སྨན་ཁང་གཅིག་པ་རེད་དེ། ངོས་རང་གི་སྡོད་ས་དང་འཕགས་པ་ཝ་ཏི་བཟང་པོའི་སྐུ་འདིར་བཞུགས་ཡོད་པས། འདི་གར་ཡོད་པའི་སྨན་ཁང་འདི་དམིགས་བསལ་ཆགས་ཀྱི་ཡོད། ཁྱེད་རང་ཚོས་དེ་ལུགས་ཀྱིས་ནད་པ་ལ་ལྟ་རྟོགས་བྱ་རྒྱུ་སོགས་སྔར་བཞིན་དུ་ཧུར་ཐག་བྱོས་ཤོག་ཨ། ངོས་རང་གིས་སྨོན་ལམ་བརྒྱབ། ཁྱེད་རང་ཚོས་སྒྲོལ་མའི་སྐུ་འདི་རྟེན་ལ་ཉར་བ་དང་། ནད་པ་ལ་ལྟ་སྐབས་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ་ཞེས་པའི་སྒྲོལ་མའི་གཟུངས་སྔགས་འདི་རྒྱུན་དུ་དྲངས་ཚེ་ཕན་ཐོགས་ཡོད་ལ། ངོས་ཀྱིས་སྨོན་ལམ་བརྒྱབ། སེམས་སྐྱིད་པ་བྱོས་ནས་སྡོད་ཨ། ཞེས་གསུངས།

མགོན་པོ་གང་ཉིད་མཆོག་གིས་མུ་མཐུད་དུ། སེམས་ཀྱི་གདིང་དེར་ང་ཚོ་བཙན་བྱོལ་དུ་སྡོད་པའི་སྐབས་བདེ་ལེགས་སྨན་ཁང་དུ་ལས་ཀ་བྱས་ནས་ལས་དགེ་བ་ཤུགས་ཆེན་པོ་བསགས་ཡོད་བསམ་པ་ཞིག་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་འདི་ནི་སྐུ་རློན་པའི་བཟོ་འདྲ་བོ་རེད། དེའི་དྲུང་དུ་ཡོད་པའི་ས་གནས་ཀྱི་ནད་པ་ལ་ལྟ་རྟོགས་བྱེད་དུས། ཁོ་རང་ཚོར་དམིགས་བསལ་གྱི་ཁྱད་ཆོས་ཞིག་ཡོད་པ་རེད། ཤེས་སོང་ངམ། འཕགས་པ་སྤྱན་རས་གཟིགས་ཀྱིས་དུས་རྟག་ཏུ་གཟིགས་ཀྱི་ཡོད་བསམ་པ་ཞིག་བྱེད་དེ་བློ་བདེ་བོ་བྱོས་ནས་སྡོད་ཨ། ངོས་རང་འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་བཟོ་འདྲ་བོ་ཆགས་བསྡད་ཡོད་རེད། ཝ་ཏི་བཟང་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དངོས་ཆགས་བསྡད་ཡོད་རེད། ཤེས་སོང་ངམ། ངོས་འདིར་ཝ་ཏི་བཟང་པོའི་སྐུ་གཉེར་བཟོ་འདྲ་བོ་བསྡད་བསྡད་ཀྱི་ཡོད། གང་ལྟར་ཝ་ཏི་བཟང་པོས་བྱིན་རླབས་གནང་རྒྱུ་མ་གཏོགས་གསུང་བྱོན་རྒྱུ་ཡོད་མ་རེད། ངོས་རང་འདིར་ཝ་ཏི་བཟང་པོའི་སྐུ་ཚབ་བྱས་ནས་སྐད་ཆ་ཤོད་མཁན་ཆགས་བསྡད་ཡོད། ཤེས་སོང་ངམ། ཁྱེད་རང་ཚོ་ཚང་མ་སེམས་སྐྱིད་པོ་བྱོས། བློ་བདེ་བོ་བྱོས། ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་གི་རེད་བསམ་པ་བྱོས།

ད་ལྟ་ང་ཚོའི་བོད་ཀྱི་གནས་སྟངས་འདི་དཀའ་ངལ་ཡོད་པ་ཞིག་རེད་དེ། འགྱུར་བ་ཏན་ཏན་འགྲོ་ཡི་རེད། ངོས་རང་གིས་ངོ་ཤེས་པ་དེ་འདྲའི་བོད་ནང་ནས(University)ཡི་སློབ་ཕྲུག་དེ་འདྲའི་ངོས་ལ་བཤད་མྱོང་། ད་ལྟ་ཆབ་སྲིད་ཀྱི་ཐོག་ནས་བོད་རྒྱ་མིས་དབང་བསྒྱུར་ནས་བསྡད་ཡོད། མ་འོངས་པར་ང་ཚོས་ཆོས་ཕྱོགས་ཀྱི་ཐོག་ནས་རྒྱ་ནག་དབང་བསྒྱུར་ཐུབ་པ་ཞིག་ཆགས་ཀྱི་རེད། འདི་ཡིན་པའི་བཟོ་འདྲ་བོ་ཞིག་འདུག དེ་རིང་ཁ་སང་རྒྱ་ནག་ནང་དུ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་ཆེ་རུ་འགྲོ་བསྡད་ཀྱི་འདུག་པཱ། ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཚོས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཟེར་ནས་དམིགས་བསལ་གྱིས་དགའ་པོ་འདྲ་བོ་བྱེད་ཀྱི་འདུག་ག གང་ལྟར་བོད་ཀྱི་བདེན་མཐའ་སེལ་རྒྱུ་ཏན་ཏན་ཡོང་གི་རེད། ཁྱེད་རང་ཚོ་བཙན་བྱོལ་དུ་ཡོད་པའི་སྐབས་སུ་བྱས་རྗེས་བཞག་པའི་བོད་མི་ཆགས་བསྡད་ཡོད་རེད། ཕྱིན་ཆད་ང་ཚོ་གཟི་བརྗིད་ལྡན་པའི་ཐོག་ནས་བོད་ནང་དུ་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་ཤར་བའི་སྐབས། ཁྱེད་རང་ཚོ་སྤོབས་པ་བྱས་ནས་བོད་ནང་ནས་ཐུག་ཆོག་པ་བྱས། ཤེས་སོང་ངམ། བློ་བདེ་བོ་བྱས་ནས་སྡོད་ཨ། ཞེས་བཀའ་སློབ་སྩལ་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་དང་བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 1

  1. asanga says:
    ལོ་ 4 སྔོན།

    THANKS TO ALL OF YOU! 🙂

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese