མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་ཞིག་སྐུ་གྲོངས་པར་ཐུགས་གསོ་ཞུས།

བོད་ཀྱི་དུས་བབ།
༢༠༢༢/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་རྒྱ་རི་སྒྲོལ་མ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་མུ་ལ་ཡམ་སིངྒ་ཡ་དྷེབ་མཆོག་སྐུ་གྲོངས་བར་ཁོང་གི་ཤུལ་ལུས་ནང་མི་བཅས་ལ་ཐུགས་གསོ་ཞུས་འདུག

རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་མུ་ལ་ཡམ་སིངྒ་ཡ་དྷེབ་མཆོག པར་ཟེ་གསར་འགྱུར་ཁང་(zeenews)

ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་མུ་ལ་ཡམ་སིངྒ་ཡ་དྷེབ་ (Shri Mulayam Singh Yadav)མཆོག་དགུང་གྲངས ༨༢ ཐོག་སྐུ་གྲོངས་ཡོད་སྟབས། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་དམ་པ་ཁོང་གི་བུ་ཨ་ཀ་ལི་སི་ཡ་དྷ་ཝུ་( Shri Akhilesh Yadav) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོ་ཞུས་པའི་ནང་། སྲིད་ཚབ་མཆོག་གིས་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་བྱས་ནས། ཁྱེད་ཀྱི་ཡབ་ཆེན་དམ་པ་སྐུ་འདས་གྲོངས་སུ་གྱུར་བར་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་ལ། བཀའ་ཤག་ནས་དམ་པ་ཁོང་གིས་རྒྱ་གར་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་དང་ཞུ་གཏུགས་གནང་བའི་བཀའ་དྲིན་ཚོར་གྱིན་ཡོད། སྐུ་ཞབས་མུ་ལ་ཡམ་སིངྒ་ཡ་དྷེབ་ (Shri Mulayam Singh Yadav) ལགས་ནི་རྒྱ་གར་གྱི་གཟེངས་སུ་ཐོན་པའི་ཆབ་སྲིད་པ་ཞིག་དང་བོད་ཀྱི་གྲོགས་པོ་ཞིག་ཡིན་པ་མ་ཟད། ཁོང་ནས་བོད་དོན་རྒྱབ་སྐྱོར་ཚད་ལྡན་གནང་བར་བཀྲིན་དྲན་གྱིན་ཡོད། ཅེས་གསུངས་འདུག

ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཐུགས་གསོ་ཞུས་པའི་ནང་།  ཕྱི་ལོ ༢༠༡༧ ཟླ ༡༢ ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཁྱེད་ཀྱི་ཡབ་ཆེན་དམ་པ་(མུ་ལ་ཡམ་སིངྒ་ཡ་དྷེབ) མཇལ་བའི་གོ་སྐབས་ཤིག་བྱུང་། ངས་བོད་མི་ཡོངས་ཀྱི་ཚབ་བྱས་ནས་དམ་པ་ཁོང་གིས་རྒྱུན་དུ་བོད་དོན་འཐབ་རྩོད་ཀྱི་ལས་སུ་ཞུགས་ནས་རྒྱ་གར་གྲོས་ཚོགས་སུ་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་བའི་བཀའ་དྲིན་ཞུ་འདོད་བྱུང་ལ། ང་ཚོས་དམ་པ་ཁོང་གི་རླབས་ཆེ་བའི་ལྟ་གྲུབ་དང་རིན་ཐང་ལྟ་ཚུལ་རྣམས་རྒྱུན་སྐྱོང་བྱ་རྒྱུ་ནི་ཁོང་ལ་རྗེས་དྲན་ཞུ་སྟངས་ཆེས་ཡག་ཤོས་ཤིག་ཡིན། ཞེས་དང་། ཚོགས་གཙོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་ཡོངས་ཀྱི་ཚབ་གནང་སྟེ་དམ་པ་ཁོང་གི་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུས་འདུག

དམ་པ་མུ་ལ་ཡམ་སིངྒ་ཡ་དྷེབ་ (Shri Mulayam Singh Yadav) མཆོག་ནི་ཕྱི་ལོ ༡༩༣༩ ཟླ ༡༡ ཚེས ༢༢ ཉིན་རྒྱ་གར་ཨུ་ཊར་པ་ཌེ་ཤི (Uttar Pradesh) ཡི་ས་ཧྥི་( Safai) ཞེས་པའི་གྲོང་སྡེ་ཆུང་ཆུང་ཞིག་ཏུ་སྐྱེས་ཤིང་། ཕྱི་ལོ ༡༩༧༧ ལོར་ཁོང་ཉིད་ཨུ་ཊར་པ་ཌེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བདམས།  ཕྱི་ལོ ༡༩༨༠ ལོར་མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་གཙོར་འདེམས་ཐོན་བྱུང་། ཁོང་གིས་སྔ་རྗེས་སུ་རྒྱ་གར་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་ཐེངས་བདུན་དང་། ཕྱི་ལོ་ ༡༩༩༦ ལོར་རྒྱ་གར་གྱི་བདེ་སྲུང་བློན་ཆེན་གནང་ཡོད་པ་མ་ཟད། ཁོང་ནི་རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་མཁན་ཞིག་ཀྱང་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༢༤ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese