མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཇར་མན་ནང་བོད་དོན་གླེང་སློང་གནང་།  

བོད་ཀྱི་དུས་བབ།
༢༠༢༢/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་འཇར་མན་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་མུས་ཡིན་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

ཟླ་འདིའི་ཕྱི་ཚེས་ ༧ ནས་ ༡༩ བར་འཇར་མན་གུ་ཡངས་ལྟ་གྲུབ་དར་སྤེལ་ཚོགས་པའི་ (Friedrich Naumann Foundation) གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འཇར་མན་དང་སྦེལ་ཇམ། སུད་ཝེ་ཌན་བཅས་ཀྱི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་པ་ལྟར། ཐེངས་འདིའི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ཁག་ཅིག་ལས་གྲུབ་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་དེ། ཟླ་འདིའི་ཕྱི་ཚེས་ ༩ ཉིན་འཇར་མན་གྱི་གྲོང་ཁྱེར་མུ་ནིག་གནམ་ཐང་དུ་འབྱོར་ཞིང་། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་གྲོང་ཁྱེར་མུ་ནིག་བོད་རིགས་ཚོགས་པས་ཁོང་རྣམ་པར་ཕེབས་བསུའི་སྣེ་ལེན་ཞུས་གྲུབ་མཚམས། སྲིད་སྐྱོང་མཆོག་གི་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་དེས། འཇར་མན་གྱི་བྷ་ཝེ་རི་ཡ་ (Bavaria) མངའ་སྡེའི་གྲོས་ཚོགས་ཀྱི་ལས་ཐོག་ཚོགས་གཞོན་དང་། མངའ་སྡེའི་རིག་གཞུང་དང་གསར་འགྱུར་ཚན་པའི་བློན་ཆེན་ཟུར་བ་སྐུ་ཞབས་ (Dr. Wolfgang Heubisch) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་ཅིང་། དེ་རྗེས་སྲིད་སྐྱོང་མཆོག་གིས་གྲོང་ཁྱེར་མུ་ནིག་ཁུལ་དུ་གནས་སྡོད་རང་རིགས་བོད་མི་རྣམས་ལ་མཇལ་འཕྲད་དང་བཀའ་སློབ་སྩལ་གྲུབ་མཚམས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་འཇར་མན་རྒྱལ་ས་བྷར་ལིན་ལ་ཕེབས་ཐོན་གནང་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༩ ཉིན་གྱི་དགོང་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་དེས། རྒྱལ་ས་བྷར་ལིན་ནང་རྟེན་གཞི་བྱས་པའི་རང་དབང་མང་གཙོ་སྲིད་དོན་ཚོགས་པའི་ (Free Democratic Party) ཁོངས་གཏོགས་འཇར་མན་གྱི་གུ་ཡངས་གཞོན་སྐྱེས་ཚོགས་པ་ཆེ་ཤོས་ཀྱི་སྐུ་ཚབ་གཞོན་སྐྱེས་རྣམས་དང་ཐུག་འཕྲད་གནང་ཡོད་ཅིང་། ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོར་ཚོགས་ཆུང་དེས། རྒྱལ་ས་བྷར་ལིན་དུ་རྟེན་གཞི་བྱས་པའི་འཇར་མན་རོགས་ཚོགས་ (FNF) ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་ཨ་ནེ་ཊི་ཝེ་ཊི་ (Annett Witte) ལགས་དང་རྒྱལ་སྤྱིའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་རཱ་ནེ་ཀཱ་ལབ་ (Dr Rene Klaff) ལགས། དེ་བཞིན་ཚོགས་པ་དེའི་རྒྱལ་སྤྱིའི་དངུལ་ཁང་གི་ལས་དོན་ཚན་པའི་འགན་འཛིན་ལྕམ་མཱ་ཁཱེ་ལ་ལི་སའོ་སི་ཀི་ (Dr Michaela Lissowski) ལགས། ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་སྐུ་ཞབས་སཱ་ལུམ་ཨ་མིན་ (Dr Salim Amin) ལགས། ཚོགས་པའི་ཨེ་ཤ་ཡའི་སྡེ་ཚན་འགན་འཛིན་སྐུ་ཞབས་ཆཱར་ལེ་སི་ཌུ་ཝི་ན་ཇི་ (Charles du Vinage) ལགས་བཅས་དང་མཇལ་འཕྲད་གནང་ཡོད་འདུག

ད་དུང་ཕྱི་ཚེས་ ༡༠ ཡི་ཉིན་གུང་སྐུ་ཚབ་ཚོགས་ཆུང་དེས་འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝ་ལཱན་ཊིན་ (Valentin Abel) མཆོག་དང་ཁོང་གི་ཕྱག་རོགས་ཨན་ཌིར་ལེ་མན་ (Andre Lehmann) ལགས། ཉིན་རྒྱབ་ཏུ་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རོགས་སྐྱོར་ཚན་པའི་མགྲིན་ཚབ་པ་སྐུ་ཞབས་པེ་ཊར་ཧེ་ཌི་ (Peter Heidt)མཆོག་དང་། འཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་དང་། ཨེ་ཤ་ཡ་དང་རྒྱ་ནག་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཧྥི་རན་ཀུ་མའོ་ལཱར་ (Frank Muller-Rosentritt) མཆོག་བཅས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་པ་རེད།

པར་དབང་། བོད་མིའི་སྒྲིག་འཛུགས།

ཁ་སང་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོར་སྲིད་སྐྱོང་མཆོག་གིས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་དེས། འཇར་མན་གྲོས་ཆོགས་འཐུས་མི་སྐུ་ཞབས་མེ་ཁལ་བྷ་རན་ཌི་ (Michael Brand) མཆོག་དང་གྲོས་ཚོགས་འཐུས་མི་པེ་ཊར་( Klaus-Peter Willsch ) མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། དེ་རྗེས་འཇར་མན་དུ་ཡོད་པའི་ཐའེ་ཝན་གྱི་གཞུང་ཚབ་མོ་སྐུ་ཞབས་ཤུས་ཊི་ཝེ་ (Dr Shieh Jhy-Wey) ལགས་དང་ལྷན་དུ་མཇལ་འཕྲད་གནང་ཡོད་འདུག

ཐེངས་འདིའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཞུང་འབྲེལ་ཕྱོགས་ཕེབས་མཉམ་དུ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས་དང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་ལགས། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་ལགས་དང་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། སྲིད་སྐྱོང་མཆོག་གི་སྒེར་དྲུང་བསྟན་འཛིན་གསལ་སྒྲོན་ལགས་བཅས་ཀྱིས་མཉམ་བཅར་ཞུས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༢༢ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༢༢ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese