མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་ ༢༢༠༥༩ མི་འབོར་གྲངས་བཤེར་གྱི་ལས་གཞིའི་ནང་ཞུགས།

བོད་ཀྱི་དུས་བབ།
༢༠༢༢/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྐུ་ཚབ་དོན་གཅོད་ལས་ཁུངས་བཅུ་དང་པེར་རི་སི་འབྲེལ་མཐུད་ལས་ཁུངས་གཅིག་བཅས་ཀྱི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མིའི་མི་འབོར་ཁྱོན་བསྡོམས་ ༥༢༡༧༠ ཡིན་པ་དང་། དེའི་ཁྲོད་ཀྱི་མི་གྲངས་  ༢༢༠༥༩  མི་འབོར་གྲངས་བཤེར་ནང་མཉམ་ཞུགས་བྱས་པ་དང་མི་གྲངས་ ༣༠༡༡༡ ཐོ་འགོད་ནང་སླེབས་མེད་པ་རེད་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་གསར་འགོད་པ་རྣམས་ལ། སྐབས་བཅུ་དྲུག་པའི་བཀའ་ཤག་གི་མི་འབོར་གྲངས་བཤེར་གྱི་ལས་གཞིའི་ཁྲོད། ད་སྔ་བར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མིའི་གྲངས་བཤེར་གྱི་གནས་སྟངས་ཅི་ཡིན་སྐོར་གསལ་བཤད་ལན་འདེབས་གནང་སྐབས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་ལས་ཁུངས་བཅུ་དང་པེར་རི་སི་འབྲེལ་མཐུད་ལས་ཁུངས་གཅིག་བཅས་ཀྱི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཁྱོན་བསྡོམས་མི་འབོར་གྲངས་ ༥༢༡༧༠ ཡིན་པ་དང་། དེའི་ཁྲོད་ཀྱི་མི་གྲངས་  ༢༢༠༥༩  མི་འབོར་གྲངས་བཤེར་ནང་ཐོ་འགོད་ཟིན་པ་དང་མི་གྲངས་ ༣༠༡༡༡ ཐོ་འགོད་ནང་སླེབས་མེད་པ་རེད་འདུག

སྐབས་དེར་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། ཉེ་བའི་ཆར་ང་ཚོས་མི་འབོར་གྲངས་བཤེར་གྱི་ལས་གཞི་ཞིག་མགོ་བཙུགས་ཡོད་པ་དང་རྒྱ་བལ་འབྲུག་གསུམ་ནང་གི་མི་འབོར་གྲངས་བཤེར་གྱི་གནས་སྟངས་དེ་ནང་སྲིད་ལས་ཁུངས་བརྒྱུད་རྣམ་པ་ཚོས་མཁྱེན་རྟོགས་བྱུང་ཡོད་པ་རེད།  ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ང་ཚོ་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་ཡིན་སྟབས། སྤྱིར་བཏང་ནས་ཁ་འཐོར་དང་མི་འབོར་མང་སར་ས་གནས་བོད་རིགས་ཚོགས་པ་བརྒྱུད་ནས་བྱེད་དགོས་དུས། དུས་འགྱང་ཅུང་ཙམ་བྱེད་དགོས་བྱུང་བ་རེད། ད་ལྟ་རྣམ་པ་ཚོར་ང་ཚོའི་དོན་གཅོད་སོ་སོའི་ཁྱབ་ཁོངས་སུ་སྤྱི་ཡོངས་ཀྱི་མི་འབོར་ག་ཚོད་ཡོད་པ་དང་དེའི་ནང་ནས་གྲངས་བཤེར་ནང་མཉམ་ཞུགས་གནང་མཁན་ག་ཚོད་ཅིག་བྱུང་ཡོད་མེད་སྐོར་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཀརྨ་ཆོས་དབྱིངས་ལགས་ཀྱིས་གསུངས་པ་ལྟར་ན། ད་སྔ་བར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དུ། ཨོ་གླིང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་མི་འབོར་ཁྱོན་ ༢༦༡༩ ཡོད་པ་དང་། མི་འབོར་གྲངས་བཤེར་ནང་ཐོ་འགོད་ཟིན་པ་མི་ ༢༢༩༣། གྲངས་བཤེར་ནང་ཐོ་འགོད་བྱས་མེད་པའི་མི་ ༣༢༦ ། ཐའེ་ཝན་དོན་གཅོད་ཁྱབ་ཁོངས་སུ་ཁྱོན་བསྡོམས་མི་འབོར་ ༥༠༠ དང་། གྲངས་བཤེར་ནང་ཐོ་འགོད་མཁན་མི་ ༡༩༩ དང་གྲངས་བཤེར་ནང་མེད་པ་  ༣༠༡།  སུད་སི་དོན་ཁོངས་སུ་མི་འབོར་ཁྱོན་ ༧༤༧༠ ཡོད་ཅིང་། གྲངས་བཤེར་ནང་མི་གྲངས་ ༣༠༤༣  ཆ་ཤས་བླངས་པ་དང་མི་གྲངས་ ༤༤༢༧ གྱིས་ཐོ་འགོད་བྱས་མེད། བྱང་ཨ་རིའི་སྐུ་ཚབ་དོན་ཁོངས་སུ་ཁྱོན་མི་གྲངས་ ༢༦༣༨༥ དང་། གྲངས་བཤེར་ནང་ ༡༡༦༧༡ གིས་མཉམ་ཞུགས་བྱས།  གྲངས་བཤེར་ནང་མེད་པའི་མི་གྲངས་ ༡༤༧༡༤། ཉི་ཧོང་དོན་གཅོད་ཁོངས་སུ་མི་གྲངས་ཁྱོན་ ༡༦༣ དང་། མི་འབོར་གྲངས་བཤེར་ནང་མི་ ༡༢༡ དང་གྲངས་བཤེར་ནང་མེད་པ་ ༤༢ བྱུང་ཡོད་འདུག

དེ་བཞིན། དབྱིན་ཡུལ་དོན་ཁང་ཁྱབ་ཁོངས་འོག་ཁྱོན་མི་ ༨༤༨ ཡོད་ཅིང་། གྲངས་བཤེར་ནང་མི་གྲངས་ ༣༩༧ དང་གྲངས་བཤེར་ནང་མེད་པ་ ༤༥༡། སྦལ་ཇམ་དོན་ཁང་འོག་ཁྱོན་མི་  ༥༥༥༨ ཡོད་ཅིང་། མི་འབོར་གྲངས་བཤེར་ནང་  ༡༣༩༠ དང་གྲངས་བཤེར་ནང་མེད་པ་  ༤༡༦༨།  རུ་སོག་དོན་གཅོད་ལས་ཁུངས་ཁྱབ་ཁོངས་སུ་མི་ ༡༢༠ ཡོད་པའི་ཁྲོད་གྲངས་བཤེར་ནང་ ༡༠༤ དང་གྲངས་བཤེར་ནང་མེད་པའི་མི་ ༡༦ བྱུང་། ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ལས་ཁུངས་འོག་མི་ ༥ དང་གྲངས་བཤེར་ནང་མི་ ༥ ཆ་ཤས་བླངས།  ལྷོ་ཨ་མེ་རི་ཁའི་དོན་གཅོད་ལས་ཁུངས་སུ་མི་ ༢ དང་གྲངས་བཤེར་ནང་མི་ ༢ །  སྦར་སི་དོན་ཁོངས་ཀྱི་པེ་རི་སི་འབྲེལ་མཐུད་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་ཁྱོན་མི་གྲངས་ ༨༥༠༠ ཡོད་པའི་ཁྲོད། མི་གྲངས་ ༢༨༣༤ ཡིས་གྲངས་བཤེར་ནང་ཐོ་འགོད་བྱས་པ་དང་མི་གྲངས་  ༥༦༦༦ གིས་ཐོ་འགོད་བྱས་མེད་པ་བཅས།  བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་ལས་ཁུངས་བཅུ་དང་པེ་རི་སི་འབྲེལ་མཐུད་ལས་ཁུངས་གཅིག་བཅས་ཀྱི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཁྱོན་བསྡོམས་མི་འབོར་གྲངས་ ༥༢༡༧༠ ཡིན་པ་དང་། དེའི་ནང་གི་མི་གྲངས་  ༢༢༠༥༩  མི་འབོར་གྲངས་བཤེར་ནང་ཐོ་འགོད་ཟིན་པ་དང་མི་གྲངས་ ༣༠༡༡༡ ཐོ་འགོད་བྱས་མེད་པ་རེད་འདུག

བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གྱི་ལས་གཞི་ཐེངས་བཞི་པ་དེ། སྐབས་ ༡༧ པའི་བཀའ་ཤག་གིས་འདི་ལོའི་ཕྱི་ཟླ་ ༦ ནང་ཡོངས་ཁྱབ་ཏུ་བསྒྲགས་ཤིང་། ཕྱི་ཟླ་ ༧ ཚེས་མགོ་ནས་དངོས་སུ་མང་ཚོགས་ཁྲོད་འགེང་ཤོག་བཀྲམས་ཏེ་དབུ་འཛུགས་ཞུས་ཡོད་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལས་དོན་གང་ཞིག་གྲུབ་འབྲས་ལྡན་པ་ཡོང་བར་སྔོན་ལ་འཆར་གཞི་འཆར་འགོད་ཡག་པོ་དགོས་པ་དང་འཆར་གཞི་འཆར་འགོད་ཆེད་གྲངས་ཐོ་ཚད་ལྡན་ཞིག་དགོས་ཀྱི་ཡོད་སྟབས། བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གྱི་ལས་གཞི་དེ་ཉིད་ལག་བསྟར་བྱས་པ་ཞིག་སྐོར་གསུངས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

སྐར་མ ༣ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༤ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 1

  1. སྐྱབས། says:
    ལོ་ 3 སྔོན།

    དྲ་རྒྱའི་ནང་ཡར་དཀྲུག་མར་དཀྲུག་བྱེད་མཁན་དང་། ཡུ་ཊུབ་བརྙན་བཟོ་མཁན། སྐད་འཕྲིན་ཚོགས་པ་འཛུགས་མཁན་དང་ཚོགས་མི་མང་ཤོས་བཅས་ནི་ཕྱི་རྒྱལ་དུ་སྡོད་མཁན་བོད་རིགས་ཚོ་རེད། གཞུང་གིས་གྲངས་ཐོ་བསྡུ་དུས་འདི་ཚོ་བྲེལ་བ་ཚ་མདོག་གིས་ཆ་ཤས་ལེན་གྱི་མེད། རང་མགོ་ཐོན་གྱི་ཡོད་པའི་རྣམ་གྱུར་རེད། མ་འོངས་པར་འདི་ཚོར་ལྟ་རྟོག་བྱེད་དགོས་གང་ཡང་མི་འདུག བཙན་བྱོལ་བོད་གཞུང་གིས་ལྟ་དགོས་ས་དེ་གཞིས་ཆགས་ཉམས་ཆུང་མི་སེར་ཚོ་ཡིན་པ་གསལ་པོ་ཆགས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese