མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཉི་ཤུ་པའི་བཀག་སྡོམ་བཙན་གནོན།

བོད་ཀྱི་དུས་བབ།
༢༠༢༢/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

གནངས་ཉིན་ནས་བདུན་ཕྲག་གཅིག་རིང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ པ་པེ་ཅིན་དུ་འཚོག་རྒྱུ་ཡིན་པས་ཆོས་ཕྱོགས་ཀྱི་མཛད་སྒོ་སོགས་མི་མང་འདུ་འཛོམས་རིགས་གཏན་ནས་མི་ཆོག་པ་མ་ཟད་སྤྱི་ཚོགས་དྲ་ལམ་དུ་ཆོས་ལུགས་དང་འབྲེལ་བ་ཡོད་པའི་ཡི་གེ་དང་པར་རིས་སོགས་སྤེལ་མི་ཆོག་པའི་བཀའ་བཏང་འདུག

བོད་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་འབྲོག་ཁུལ་དུ་ཉེན་རྟོག་པས་འབྲོག་མང་ལ་འདྲི་རྩད་དང་ཞིབ་བཤེར་བྱས་པ། དྲ་ལམ་གྱི་པར།

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་འཚོག་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་གཙང་སེལ་གྱི་སྲིད་ཇུས་ཟེར་བ་ཞིག་སྤེལ་ནས། མི་རྣམས་ཀྱི་འགྲོ་འདུག་ལ་དམ་དྲག་དང་དྲག་གནོན་ཤུགས་ཆེན་བྱེད་མུས་ཡིན་པ་ལྟར། ཉེ་ལམ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་མངའ་རིས། དཀར་མཛེས། རྔ་བ། མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་དང་། རྨ་ལྷོ་ཁུལ། མཚོ་བྱང་ཁུལ། མཚོ་ཤར་ཁུལ་སོགས་སུ་དམག་མི་སྔར་ལས་མང་བ་ཞིག་འགྲེམས་འཇོག་བྱས་ཏེ། རིམས་ནད་ལ་ཁ་གཡར་ནས་བོད་རིགས་མང་ཚོགས་ཀྱི་འགྲོ་འདུག་ལ་བཀག་སྡོམ་དང་ཁ་པར་སོགས་ཀྱི་ནང་ཞིབ་བཤེར་ནན་མོ་བྱེད་བཞིན་ཡོད་སྟབས། སྐད་འཕྲིན་ཚོགས་པ་ཁག་གི་ནང་ཆོས་ཕྱོགས་ཀྱི་པར་རིས་དང་། སངས་རྒྱས་ཀྱི་སྐུ་པར། མ་ཎི་ཡིག་དྲུག་སོགས་ཕན་ཚུན་བསྐུར་མི་ཆོག་པ་དང་། གལ་སྲིད་བསྐུར་བ་ཡིན་ན་དྲ་ལམ་དུ་དཀྲོག་གཏམ་སྤེལ་བའི་ཉེས་ཆད་གཅད་རྒྱུ་ཡིན་པས་ཚང་མས་ཡིད་གཟབ་དགོས་པའི་འབོད་སྐུལ་བྱས་འདུག

གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་འགོད་པར།  ད་ལྟའི་ཆར་བོད་ནང་གི་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་ཁུལ་དང་རྫོང་། གྲོང་བརྡལ། ཐ་ན་སྡེ་བ་སོ་སོར་ཉེན་རྟོག་པ་དང་ལས་བྱེད་མི་སྣས་ཆེད་མངག་གི་ཞིབ་བཤེར་ས་ཚིགས་བཙུགས་ཏེ། མང་ཚོགས་ཀྱི་འགྲོ་སྐྱོད་ལ་བཀག་སྡོམ་བྱེད་མུས་ཡིན་པ་མ་ཟད།  བདུན་ཕྲག་རེ་རེ་བཞིན་དགོན་པའི་ནང་དུ་ཉེན་རྟོག་པ་ཡོང་ནས་ཆོས་ར་ཚོགས་པར་བཀག་འགོག་བྱེད་ཀྱི་འདུག་ལ། ཏོག་དབྱིབས་གཉན་རིམས་ལ་འགོག་སྲུང་དང་མང་ཚོགས་ཀྱི་འཕྲོད་བསྟེན་ཆེད་དུ་ཡིན་ཟེར་གྱི་འདུག་ཀྱང་། དོན་དངོས་སུ་དེ་འདྲ་ཞིག་གཏན་ནས་མ་རེད། འགོག་སྲུང་ས་ཚིགས་ཀྱི་ལས་བྱེད་དང་དམག་མི་དེ་དག་གིས། ཡར་མར་འགྲོ་འོང་བྱེད་པའི་བོད་མི་རྣམས་ཀྱི་ཁ་པར་ནང་སྔོག་བཤེར་བྱེད་ཀྱི་ཡོད་པ་མ་ཟད། ག་བར་འགྲོ་ཡི་ཡོད་པ་དང་གང་དུ་བསྡད་རྒྱུ་ཡིན་མིན་སོགས་འདྲི་རྩད་བྱས་ཏེ་ཐོ་འགོད་བྱེད་ཀྱི་ཡོད་ཀྱང་། དོན་དངོས་སུ་ལས་བྱེད་དང་ཉེན་རྟོག་པ་ཁོ་རང་ཚོས་ཀྱང་ཁ་རས་གྱོན་མེད་སྐོར་དང་། ཞིབ་བཤེར་ས་ཚིགས་སུ་ཡོད་པའི་དམག་མི་དེ་དག་གིས། ཏང་གི་ཚོགས་ཆེན་གྲོལ་རྗེས་རིམས་ནད་ཀྱི་བཀག་སྡོམ་གློད་རྒྱུ་ཡིན་པས། ཏང་གི་ཚོགས་ཆེན་མ་གྲོལ་བར་དུ་རང་ཁྱིམ་ལས་ས་གནས་གཞན་ལ་འགྲོ་མི་ཆོག་པ་མ་ཟད། གལ་ཏེ་ཁོང་ཚོས་བཤད་པ་བཞིན་མ་བྱས་ན། རིམས་ནད་སྐབས་སུ་ཁྲིམས་འགལ་ཚབས་ཆེན་བྱས་པའི་ནག་ཉེས་འོག་བཀག་ཉར་བྱ་རྒྱུ་ཡིན་ལུགས་ཀྱི་འཇིགས་སྐུལ་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

ཉེ་ལམ་ནས་རྒྱ་ནག་གཞུང་གིས་བོད་མཚོ་སྔོན་ཞིང་ཆེན་གྱི་ས་གནས་མང་པོར་རྒྱ་སྐད་དུ་(村警)དང་བོད་སྐད་དུ་སྡེ་དམག་ཞེས་པའི་དམག་མི་རེ་རེ་མངག་གཏོང་བྱས་ཏེ། གྲོང་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་རྟོག་ཞིབ་དང་། གྲོང་སྡེ་སོ་སོའི་ནང་ཕྱི་ནས་ཡོང་མཁན་སུ་སུ་ཡོད་མེད་ཞིབ་འཇུག་བྱས་ཏེ། ས་གནས་ཉེན་རྟོག་ཁང་དུ་འབོད་འགུག་བྱས་ནས་ཐོ་འགོད་འདྲི་རྩད་བྱེད་དགོས་ཀྱི་ཡོད་འདུག གནས་ཚུལ་མཁོ་སྤྲོད་པས་སྡེ་དམག་ཅེས་པ་དེ་མངགས་ནས་མི་གསུམ་ཙམ་མཉམ་དུ་འགྲོ་ཡི་ཡོད་ནའང་ལྟ་ཞིབ་དོགས་གཟོན་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང་།

པེ་ཅིན་མཁར་ཧའེ་ཏིན་ཁུལ་གྱི་སི་ཐོང་ཟམ་ཆེན་ཐོག་ངོ་རྒོལ་ཕྲེད་དར་དཔྱངས། ༢༠༢༢།༡༠།༡༣ དྲ་ལམ་གྱི་པར།

ཁ་སང་རྒྱ་ནག་པེ་ཅིན་མཁར་གྱི་ཆེས་སྟོབས་འབྱོར་ཅན་དུ་ངོས་འཛིན་བྱེད་བཞིན་པའི་ནུབ་བྱང་ཁུལ་གྱི་ཧའེ་ཏིན་ཁུལ་གྱི་སི་ཐོང་ཟམ་པའི་ཐོག་ཏུ་དུ་ནག་ལང་ལོང་དུ་འཕྱུར་ཞིང་། ངོ་རྒོལ་འཕྲེད་དར་རིང་པོ་གཉིས་དཔྱངས་ཏེ་ཞི་ཅིན་ཕིང་དང་དམར་ཤོག་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་ཡུལ་དངོས་ཀྱི་གནས་ཚུལ་ཞིག་འཛམ་གླིང་གང་སར་ཁྱབ་སྟེ། པེ་ཅིན་དུ་ལྕགས་འཁྲབ་འཁོར་ལོའི་མདུན་འགོག་མཁན་གསར་པ་(New Tank man)ཞིག་བསླེབས་འདུག་ཅེས་གླེང་གཞི་ཆེན་པོ་ཆགས་ཡོད་པ་རེད། ད་ལྟའི་ཆར་རྒོལ་གཏམ་སྒྲོག་མཁན་དེ་སུ་ཡིན་མིན་དང་ད་ལྟ་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་གོ་རྒྱུ་མེད་ཀྱང་། ཁ་སང་ཕྱི་དྲོར་དེ་མ་ཐག་འཕྲེད་དར་གཉིས་མར་བླངས་ཏེ་དུ་ནག་འཕྱུར་བའི་མེ་བསད་པ་དང་ཁུལ་དེར་ཉེན་རྟོག་དམག་མི་མང་པོ་འགྲེམས་འཇོག་བྱས་ཡོད་པ་རེད། 

ཞི་ཅིན་ཕིང་དང་དམར་ཤོག་ཚོགས་པར་ངོ་རྒོལ་གྱི་འཕྲེད་དར་གཅིག་གི་ནང་དུ། ང་ཚོར་ནད་དུག་བརྟག་དཔྱད་མི་དགོས་ཁ་ཟས་དགོས། ཐེམ་སྤང་བཀག་རྒྱ་མི་དགོས་རང་དབང་དགོས།  རིག་གནས་གསར་བརྗེ་མི་དགོས་བསྒྱུར་བཅོས་དགོས། མགོ་ཁྲིད་མི་དགོས་འོས་ཤོག་དགོས།  བྲན་གཡོག་མ་བྱེད། མི་མང་བྱོས། ཞེས་བྲིས་ནས་ཡོད་པ་དང་། ཡང་འཕྲེད་དར་གཞན་དེའི་ནང་སློབ་མཚམས་འཇོག ལས་མཚམས་འཇོག སྲིད་དབང་སྒེར་གཅོད་པ་ཞི་ཅིན་ཕིང་མེད་པ་བཟོ་དགོས། ཞེས་བྲིས་ཡོད་པ་མ་ཟད། འགྲམ་དུ་སྐྱེས་པ་ཞིག་གིས་རྒྱང་བསྒྲགས་ནང་རྒོལ་གཏམ་དེ་ཚོ་སྒྲོག་སྦྱངས་བྱེད་བཞིན་འདུག 

ཉེ་ཆར་ནས་རྒྱ་ནག་གི་གྲོང་ཁྱེར་ཁག་ ༧༠ ལྷག་གི་ནང་ཏོག་དབྱིབས་གཉན་རིམས་འགོག་སྲུང་གི་མིང་ཐོག་ནས་ཐེམ་སྤང་བཀའ་རྒྱ་ལག་བསྟར་བྱེད་བཞིན་ཡོད་འདུག་ལ། ལྷག་པར་དུ་པེ་ཅིན་མཁར་གྱི་ཕྱི་མི་དང་གཏན་སྡོད་མི་མང་བཅས་ལ་རྒྱལ་སྟོན་དུས་ཆེན་སྐབས་ས་གནས་གཞན་དུ་ཕྱིན་པ་དང་ཕྱིར་ལོག་བྱས་པར་བསྙད་དེ། ཉུང་མཐར་བདུན་ཕྲག་གཅིག་རིང་རང་ཁྱིམ་དུ་སྡོད་དགོས་པའི་བཀའ་རྒྱ་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། དམངས་གཙོ་དོན་གཉེར་བ་དང་རང་དབང་འཐབ་རྩོད་པ་སོགས་རང་ཁྱིམ་ལ་བཟང་བཙོན་དུ་བཞག་ནས་ལྟ་རྟོག་བྱེད་མུས་ཡིན་འདུག 

 གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༦ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese