མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་སྒོ་ཕྱུགས་ཀྱི་འབྲུམ་ནད་ཅིག་འགོས་ཁྱབ་ཏུ་འགྲོ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་མངའ་སྡེ་ ༡༦ ལྷག་གི་ནང་སྒོ་ཕྱུགས་གྲངས་ས་ཡ་ ༢ ལྷག་ལ་པགས་པའི་འབྲུམ་ནད་(Lumpy Skin Disease)ཞེས་པ་ཞིག་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་ཀྱང་སེམས་ཅན་ནས་མི་ལ་འགོས་པའི་གནས་ཚུལ་ད་ལྟ་ཐོན་མི་འདུག

པགས་པའི་འབྲུམ་ནད་འགོས་པའི་བ་གླང་། Photo:downtoearth.org

རྒྱ་གར་གྱི་གུ་ཇཱ་རཱ་ཐི་དང་རཱ་ཇཱ་སི་ཐན། ཧ་རི་ཡ་ན། པན་ཇབ། ལྡི་ལི། ཨུ་ཊར་པར་ཌེ་ཤི། ཧི་མ་ཅལ་སོགས་མངའ་སྡེ་ཁག་ ༡༦ ལྷག་གི་ནང་དུ་བ་གླང་དང་མ་ཧེ་སོགས་སྒོ་ཕྱུགས་སེམས་ཅན་ས་ཡ་ ༢ ལྷག་ལ་པགས་པའི་འབྲུམ་ནད་(Lumpy Skin Disease )ཞེས་པ་ཞིག་འགོས་ཁྱབ་ཏུ་འགྲོ་མུས་ཡིན་འདུག་ལ། ད་ལྟ་བར་དུ་ཉུང་མཐར་སེམས་ཅན་གྲངས་ ༩༧༠༠༠ ལྷག་ལ་འཆི་སྐྱོན་བྱུང་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༣༡ ཉིན་རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དེ་འབྲེལ་ཉན་ཞིབ་ཅིག་འཚོག་རྒྱུ་ཡིན་འདུག

འདི་ལོའི་ཕྱི་ཟླ་ ༥ པའི་ནང་གུ་ཇཱ་རཱ་ཐི་མངའ་སྡེའི་ནང་འབྲུམ་ནད་དེ་ཁྱབ་པའི་མགོ་བཙུགས་ཏེ་ད་ལྟའི་ཆར་མངའ་སྡེ་ཁག་ ༡༦ ལྷག་གི་ནང་ཁྱབ་ཡོད་པའི་ཁྲོད་ནས་གུ་ཇཱ་རཱ་ཐི་དང་རཱ་ཇཱ་སི་ཐན། པན་ཇབ། ཧི་མ་ཅལ། ཨུ་ཊར་པར་ཌེ་ཤི་བཅས་ནི་འགོས་ཁྱབ་ཆེ་ཤོས་ཀྱི་མངའ་སྡེ་ལྔ་ཆགས་ཡོད་འདུག་ལ། པགས་པའི་འབྲུམ་ནད་འདི་ནི་དུག་སྦྲང་དང་སྦྲང་ནག གཏེ་ཁེ་སོགས་ཀྱིས་སེམས་ཅན་མང་པོའི་ཁྲག་འཇིབ་པ་ནས་ཕན་ཚུན་འགོས་ཁྱབ་འབྱུང་གི་ཡོད་པ་མ་ཟད། སྒོ་ཕྱུགས་ཀྱི་ཟན་ཆས་དང་ཆུ་སོགས་ལས་ཀྱང་འགོས་ཀྱི་ཡོད་འདུག ནད་ཡམས་དེ་འགོས་ན་སེམས་ཅན་གྱི་ལུས་ཡོངས་སུ་ཚ་བ་རྒྱས་པ་དང་འབྲུམ་འབུར་ཐོན་པ། མིག་ཆུ་བཞུར་བ། ཟུངས་ཤུགས་ཉམས་པ། འོ་མ་སྐམ་པ། མངལ་ཤོར་བ་སོགས་ཀྱི་ནད་རྟགས་ཡོང་གི་ཡོད་འདུག་ལ། ཟླ་འདིའི་ཚེས ༧ ཉིན་རྒྱ་གར་སྒོ་ཕྱུགས་ཉམས་ཞིབ་ཁང་(Indian Veterinary Research institute)གིས་སྒོ་ཕྱུགས་ ༨༥༠ ལ་བརྟག་དཔྱད་བྱས་ཏེ་དེའི་ཁྲོད་ཀྱི་སྒོ་ཕྱུགས་ ༣༠༠ ལ་འགོས་ནད་དེ་ཕོག་མེད་པའི་བརྟག་འབྲས་ཐོན་ཡོད་ཀྱང་། མི་ལ་འགོས་པའི་གནས་ཚུལ་གང་ཡང་ཐོན་མེད་འདུག

པགས་པའི་འབྲུམ་ནད་ཀྱིས་བ་གླང་མང་པོར་འཆི་སྐྱོན་བྱུང་བ། Photo:downtoearth.org

དེའི་ཐད་རྒྱ་གར་ཕྱུགས་ནད་ཉམས་ཞིབ་ཁང་(IVRI))་གི་འགན་འཛིན་ཨ་ཤོ་ཀ་ཀུ་མཱར་མོ་ཧན་ཌི་(Ashik Kumar Mohanty)ཡིས། པགས་པའི་འབྲུམ་ནད་འགོས་པའི་སེམས་ཅན་གྱི་འོ་མ་བསྐོལ་དང་མ་བསྐོལ་གང་ཡིན་ཡང་དེ་འཐུང་ན་མི་ལ་འགོས་ཀྱི་མེད་སྐོར་བརྗོད་འདུག ཡིན་ནའང་། ཉམས་ཞིབ་ཁང་དེའི་ཚན་རིག་པ་ཞིག་གིས་བེའུ་ཡིས་འབྲུམ་ནད་འགོས་པའི་བ་འོ་འཐུང་ན་ནད་ཡམས་འགོས་སྲིད་པ་རེད་ཅེས་བརྗོད་འདུག

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་དུ་ད་ལྟའི་ཆར་རྒྱ་གར་ནང་བ་གླང་། མ་ཧེ། ར་མ། ལུག་སོགས་སྒོ་ཕྱུགས་ཁྱོན་བསྡོམས་ས་ཡ་ ༡༩༠ ལྷག་ཡོད་པའི་ཁྲོད་ནས། སྒོ་ཕྱུགས་གྲངས་ས་ཡ་ ༡༠ ལྷག་ཅིག་ལ་འགོག་ཁབ་བརྒྱབ་ཟིན་ཡོད་པའི་གནས་ཚུལ་སྤེལ་འདུག་ལ། རྒྱ་གར་གྱི་ཕྱུགས་རིགས་གསོ་སྐྱོང་ལྷན་ཁང་(Department of Animal Husbandry and Dairying)གི་དྲུང་ཡིག་ཇཱ་ཏིན་རྡི་རཱ་སཱ་ཐ་སི་ཝིན་(Jatindra Nath Swain)་ལགས་ཀྱིས། ད་ལྟ་བར་ར་མའི་འབྲུམ་ནད་(goat pox)སྔོན་འགོག་སྨན་ཁབ་བེད་སྤྱོད་བྱས་ཏེ་འབྲུམ་ནད་འདི་སྟངས་འཛིན་བྱེད་ཐབས་གནང་གི་ཡོད་པ་དང་། མ་འོངས་བའི་ཟླ་བ་གསུམ་དང་བཞིའི་ནང་དུ་རྒྱ་གར་ཞིང་ལས་ཞིབ་འཇུག་ཁང་(ICAR)་དང་མཉམ་འབྲེལ་སྒོས་བཟོ་སྐྲུན་བྱས་པའི་སྒོ་ཕྱུགས་པགས་ནད་གཉན་རིམས་(Lumpi-ProVscLnd) ཀྱི་སྔོན་འགོག་སྨན་ཁབ་བེད་སྤྱོད་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྔོན་འགོག་བྱ་བ་བསྒྲུབ་རྒྱུ་ཡིན་སྐོར་བརྗོད་འདུག

སྒོ་ཕྱུགས་སེམས་ཅན་གྱི་པགས་པའི་འབྲུམ་ནད་དེ་ཐོག་མར་ཕྱི་ལོ་ ༡༩༢༩ ལོར་ཨ་ཧྥེ་རི་ཁའི་ཟིན་བྷབ་ཝེ་རྫོང་ཁོངས་ནས་ངོས་འཛིན་བྱུང་ཡོད་པ་དང་། དེ་ནས་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༩ པའི་ནང་རྒྱ་གར་ཨོ་ཌི་ཤ་མངའ་སྡེའི་ནང་ཤེས་རྟོགས་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༨ བར་དུ་ཀེ་རཱ་ལ་དང་ཨ་སཱམ་མངའ་སྡེའི་ནང་དུ་འབྲུམ་ནད་དེ་འགོས་པའི་སེམས་ཅན་ ༤༠ ཙམ་བྱུང་ཡོད་ཀྱང་། སྐབས་དེར་མངའ་སྡེ་གཞན་དུ་འགོས་ཁྱབ་ཕྱིན་མེད་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

སྐར་མ ༣༨ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

ཆུ་ཚོད་ ༢༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese