མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དང་འབྲེལ་བའི་གཏམ།

བོད་ཀྱི་དུས་བབ།
༢༠༢༢/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཌཱ་ཝེ་ཌི་བྷི་རོན། David Brown
བོད་འགྱུར། བོད་ཀྱི་དུས་བབ།
རྩོམ་ཁུངས། བྷི་བྷི་སི།

རྒྱ་ནག་དམར་ཤོག་ཚོགས་པས་མ་འོངས་པའི་ལོ་ལྔ་ཡི་སྲིད་དབང་ཡང་བསྐྱར་ཞི་ཅིན་ཕིང་གི་ལག་ཏུ་འཇོག་རྩིས་ཡོད་པ་དང་། དེ་ལྟར་ན་ཞི་ནི་ཕྱི་ལོ་ ༡༩༧༠ ནང་གི་རྒྱ་ནག་གི་མགོ་འཁྲིད་མའོ་ཙེ་ཏུང་གི་རྗེས་ཀྱི་ཆེས་དབང་ཐང་ཅན་གྱི་མགོ་འཁྲིད་དེ་རེད་ཅེས་བརྗོད་ཆོག་པ་རེད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་། དྲ་ལམ་གྱི་པར།

དེ་ལྟ་བུའི་ཐག་གཅོད་དེ་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་དམར་ཤོག་གཞུང་གི་མགོ་འཁྲིད་ཀྱི་ལས་ཡུན་བསྟུད་མར་ཐེངས་གཉིས་བདམས་ཐོན་ཆོག་པའི་ལམ་སྲོལ་དེ་མེད་པ་བཟོས་རྗེས་བྱུང་བ་ཞིག་ཡིན་ལ། དེ་ཡིས་ཞི་ཅིན་ཕིང་གིས་སྔར་ལྷག་རྒྱ་ནག་ལ་སྟངས་འཛིན་བྱེད་པའི་སྟོབས་ཤུགས་བསྐྲུན་ཡོད་པ་མ་ཟད། རང་ལོ་ ༦༩ ཡིན་པའི་ཞི་ཅིན་ཕིང་གིས་མ་ཤི་བར་དུ་སྲིད་དབང་རྒྱུན་སྐྱོང་བྱེད་སྲིད་པ་རེད། ལོ་རྒྱུས་རང་བཞིན་ལྡན་པའི་འགུལ་སྐྱོད་ཅིག་སྟེ། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་རྒྱ་ནག་པེ་ཅིན་དུ་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༢༠ པ་མགོ་འཛུགས་རྒྱུ་ཡིན་ལ། དེ་ནི་དམར་ཚོགས་ཀྱི་ལོ་རྒྱུས་ནང་གི་ཆེས་གལ་གནད་ཆེ་བའི་ཚོགས་ཆེན་ཞིག་ཡིན་པ་རེད།

ཞི་ཅིན་ཕིང་གིས་གོ་གནས་མཐོ་ཤོས་གསུམ་བདག་བཟུང་བྱེད་ཀྱི་ཡོད།

  • ཚོགས་མི་ས་ཡ་ ༩༦ ལྷག་ཡོད་པར་གྲགས་པའི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་མགོ་འཁྲིད།
  • རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན།
  • རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན།

དེས་ཀྱང་ག་ལ་ཚད་དེ་ཁོ་ནི་བླ་ན་མེད་པའམ་གོང་ན་མེད་པའི་གནམ་བསྐོས་གོང་མ་དེའང་ཡིན་པ་རེད།

ད་ལྟ་ཞི་ཅིན་ཕིང་གིས་ཐོག་མའི་གོ་གནས་གཉིས་ཏེ་དམག་ཤོག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དང་། དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཉིས་མུ་མཐུད་དུ་ཉར་སྲིད་པ་རེད། གོ་གནས་དེ་ལོ་ལྔ་རེའི་མཚམས་སུ་བརྗེ་ལེན་གཏན་འབེབས་བྱེད་དགོས་པ་ཞིག་རེད། གོ་གནས་གསུམ་པ་སྟེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ནི། ཕྱི་ལོ་ ༢༠༢༣ ལོའི་དཔྱིད་དུས་ཀྱི་རྒྱལ་ཡོངས་མི་མང་འཐུས་མིའི་ལོ་འཁོར་ཚོགས་ཆེན་ཐོག་བརྗེ་ལེན་གཏན་འབེབས་བྱ་དགོས་པ་ཞིག་རེད།

རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་ཐོག་ག་རེ་འབྱུང་གི་རེད།

རྒྱལ་ཡོངས་ནས་བསྡུས་ཡོང་བའི་འཐུས་མི་ ༢༣༠༠ ཙམ་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་གི་མི་མང་ཚོགས་ཁང་ཆེན་མོའི་ནང་བདུན་ཕྲག་གཅིག་རིང་འཚོག་རྒྱུ་དང་། ཚོགས་ཐོག་ཏུ་འཐུས་མི་ ༢༠༠ ཡས་མས་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་དང་། འཐུས་མི་ ༡༧༠ བརྗེ་ལེན་སྒུག་ཐོའི་ཁོངས་སུ་འདེམས་དགོས་པ་རེད། དབུས་རྒྱུན་གྱི་འཐུས་མིའི་ཁོངས་ནས་མི་ ༢༥ དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་མི་རུ་འདེམས་དགོས། དེ་ནས་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ཚོའི་ཁོངས་ནས་ཆབ་ལྷན་གྱི་རྒྱུན་ལས་རྣམས་འདེམས་སྒྲུག་བྱེད་དགོས།  ད་ལྟའི་ཆར་ཞི་ཅིན་ཕིང་གིས་སྣེ་འཁྲིད་པའི་ཆེས་མཐོའི་སྐྱེས་པ་ ༧ དེ་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཡིན་ལ། མི་སྣ་དེ་དག་ནི་རྩེ་ཕུད་ནང་གི་ཡང་ཕུད་དེ་ཆགས་ཀྱི་ཡོད་པ་རེད། 

 རྒྱ་ནག་གི་ཆེས་མཐོའི་མགོ་འཁྲིད་བདུན། (ཆབ་སྲིད་ལྷན་ཁང་གི་རྒྱུན་ལས།)

ད་ལྟའི་རྒྱ་ནག་ཆབ་སྲིད་ལྷན་ཁང་གི་མགོ་འཁྲིད་བདུན། པར་དུས་བབ་ཀྱིས་སྒྲིག་བཟོ་བྱས།

མགོ་འཁྲིད་འདི་དག་འདེམས་སྒྲུག་གི་བྱ་རིམ་ཡོད་ཚད་ཚོགས་ཆེན་ཐོག་བྱེད་ཀྱི་མེད། ཚོགས་ཆེན་གྲོལ་རྗེས་ཀྱི་ཉིན་གཉིས་པ་དེར་དབུས་རྒྱུན་ཚང་འཛོམས་ཐོག་བྱ་རྒྱུ་ཡིན་པ་རེད།

ཚོགས་ཆེན་དེ་ག་རེ་བྱས་ནས་གལ་གནད་ཆེན་པོ་རེད།  

ཞི་ཅིན་ཕིང་གིས་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་གཉིས་པ་དང་དམག་དོན་སྟོབས་ཤུགས་ཆེས་ཆེན་པོ་ཅན་ཞིག་གི་མགོ་འཁྲིད་རྒྱུ་ཡིན་པ་རེད། གནད་དོན་དཔྱད་བརྗོད་པ་ཁག་ཅིག་གིས་ལས་ཡུན་ཐེངས་གསུམ་པའི་སྐབས་སུ་ཞི་ཅིན་ཕིང་གིས་རྒྱ་ནག་དེ་དབང་ཆ་གཅིག་སྡུད་ཀྱི་ཆབ་སྲིད་ལམ་ལུགས་ཐོག་སྔར་ལྷག་སྐུལ་འདེད་གཏང་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ལུན་ཏུན་གཙུག་ལག་སློབ་ཆེན་གྱི་ཤར་ཕྱོགས་དང་ཨ་ཧྥེ་རུ་ཁ་སྐོར་གྱི་རིག་གནས་སློབ་གཉེར་ཁང་གི་སློབ་དཔོན་སི་ཊི་ཝི་ཚང་(Steve Tsang)ལགས་ཀྱིས། ཞི་ཅིན་ཕིང་གི་སྟངས་འཛིན་འོག་རྒྱ་ནག་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་ངན་པའི་ཕྱོགས་སུ་འགྲོ་བཞིན་ཡོད་པ་རེད་ལ། དེ་སྔོན་མའོ་ཙེ་ཏུང་གི་བཀོད་ཇུས་འོག་རྒྱ་ནག་དབང་ཆ་གཅིག་སྡུད་ལམ་ལུགས་ཐོག་ཕྱིན་པ་རེད། ང་ཚོ་གནས་བབ་དེར་བསླེབས་མེད་ཀྱང་དེའི་ཕྱོགས་སུ་འགྲོ་བཞིན་ཡོད་པ་རེད། ཅེས་བརྗོད་འདུག

སློབ་དཔོན་ཆེན་མོ་སི་ཊི་ཝི་ཚང་ལགས་ཀྱིས། ཐེངས་འདིའི་འཐུས་མིའི་ཚོགས་ཆེན་ཐོག་ཚོགས་པའི་བཅའ་ཁྲིམས་ལ་བསྒྱུར་བཅོས་བཏང་བ་ཁག་ཅིག་དང་། ཞི་ཅིན་ཕིང་གི་དགོངས་པར་སྔར་ལས་གཟབ་ནན་གྱིས་སློབ་སྦྱོང་བྱས་ཏེ་དམག་ཤོག་ཚོགས་པའི་བསམ་བློའི་མཛུབ་སྟོན་དུ་འཛིན་དགོས་པའི་སྲིད་ཇུས་དེ་མཐོང་གི་རེད། ཞི་ཅིན་ཕིང་གི་དགོངས་པ་ཞེས་པ་དེ་ནི་ཞི་ཅིན་ཕིང་གི་རྒྱ་ནག་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རྟགས་དེ་ཡིན་ལ། བདག་ཏུ་བཟུང་བའི་མི་རིགས་རིང་ལུགས་ཀྱི་སེམས་ཁམས་རིག་པ་དེ་ནི་སྒེར་གཉེར་ཁེ་ལས་ལ་ཡིད་ཆེས་དཀའ་བ་དེའོ།།

ཞི་ཅིན་ཕིང་གི་མགོ་འཁྲིད་འོག་རྒྱ་ནག་གི་དཔལ་འབྱོར་འཁོར་རྒྱུག་ཁྲོད་ཀྱི་སྟོབས་ལྡན་ཚོང་གཉེར་ཁང་མང་པོ་ཞིག་ལ་བཙན་པོའི་གཉའ་གནོན་བྱས་ཡོད་སྟབས། སློབ་དཔོན་ཆེན་མོ་ཚང་ལགས་ཀྱིས་ཞི་ཡིས་མུ་མཐུད་དེ་ལྟར་བྱས་ཚེ། ཁོ་ཚོས་ཞི་ཅིན་ཕིང་དབང་ཆ་གཅིག་སྡུད་རིང་ལུགས་པ་ཞིག་ཡིན་པ་ནུས་པ་དང་ལྡན་པའི་ཐོག་ནས་བསྒྲུབ་ངེས་རེད་ཅེས་བརྗོད་འདུག

རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་ཟུར་པ་ཝང་ཡོ་ཧའེ་(Wang Huiyao)ཡིས། ཞི་ཅིན་ཕིང་གིས་མ་འོངས་པར་རྒྱ་ནག་རླབས་ཆེ་བའི་དེང་རབས་ཅན་གྱི་སྤྱི་ཚོགས་ཤིག་ཏུ་འཛུགས་སྐྲུན་བྱ་རྒྱུ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། ཝང་གིས་རྒྱ་ནག་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བྱེད་ཐབས་ཡོད། པེ་ཅིན་གྱིས་གོ་བསྡུར་ཅན་གྱི་དམངས་གཙོ་ཞིག་འཛུགས་ཐབས་བྱེད་ཀྱི་ཡོད་པ་ལས། ཨ་རིའི་གཟེངས་ཐོན་རིང་ལུགས་ལྟར་མིན། ཞེས་བརྗོད་ཡོད།

ཐེངས་འདིའི་འཐུས་མིའི་ཚོགས་ཆེན་ཐོག་རྒྱ་ནག་གི་ཆེས་མཐོའི་མགོ་འཁྲིད་ཀྱི་ཤོག་ཁག་ཅིག་གིས་སྲིད་ཇུས་མང་པོ་ཞིག་གཏན་འབེབས་བྱ་ངེས་རེད་ལ། འཛམ་གླིང་ཡུལ་ཕྱོགས་གང་ས་ནས་རྒྱ་ནག་གི་མ་འོངས་པའི་ཁ་ཕྱོགས་ལ་དོ་དབྱིངས་ཆེན་པོ་བྱ་རྒྱུ་ཡིན་པ་མ་ཟད། ལྷག་པར་དུ་དཔལ་འབྱོར་དང་ཆབ་སྲིད། ཕྱི་འབྲེལ། ཁོར་ཡུག་བཅས་གལ་ཆེའི་འཐབ་རྩོད་དེ་དག་གི་ཐོག་ལ་དོ་འཁུར་བྱ་ངེས་རེད།

རྒྱ་ནག་གི་དཔལ་འབྱོར་གདོང་ལེན།

རྒྱ་ནག་གི་འདས་པའི་སྲིད་འཛིན་གསུམ་གྱི་དཔལ་འབྱོར་གནས་བབ། འཛམ་གླིང་དངུལ་ཁང་གི་པར།

འདས་པའི་ལོ་ངོ་བཅུའི་རིང་རྒྱ་ནག་གི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཀྱང་། ད་ལྟ་ཏོག་དབྱིབས་རིམས་ནད་ཀྱི་བཀག་རྒྱའི་དབང་གིས་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་ཐེབས་ཡོད་པ་མ་ཟད། ཕྱོགས་ཡོངས་ནས་ཅ་དངོས་ཀྱི་རིན་གོང་འཕར་ཏེ་དཀའ་ངལ་འཕྲད་མུས་རེད་ལ། ཡུ་ཁེ་རིན་དུ་དམག་འཁྲུག་གི་ཡོ་ལང་འཚུབ་སྟེ་གོ་ལ་ཡོངས་སུ་འཇིགས་སྣང་འཕར་མ་ཞིག་བསླངས་ཡོད་སྟབས། མི་རྣམས་ཀྱི་གདེང་སྤོབས་ལའང་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་པ་རེད། ཞི་ཅིན་ཕིང་གིས་མགོ་ཁྲིད་པའི་རྒྱ་ནག་གི་དཔལ་འབྱོར་གྱི་འཕེལ་རྒྱས་ནི་རྒྱ་ནག་གི་མགོ་ཁྲིད་སྔ་མ་ཅང་ཙེ་མིན་(Jiang Zemin) དང་ཧུའུ་ཅིན་ཐའོ་ ( Hu Jintao) ལས་ཞན་པར་གྱུར་ཡོད།

 གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། འདས་པའི་ལོ་རྒྱུས་ཁྲོད་རྒྱ་ནག་གཞུང་གིས་ཡོང་འབབ་ཕོན་ཆེན་བསགས་པ་དང་མི་མང་ལ་ལས་ཀ་སྟེར་ཐུབ་པའི་ནུས་པ་ལ་བརྟེན་ཡོད་ཀྱང་། ཞི་ཅིན་ཕིང་གིས་འབྱུང་འགྱུར་མི་ལོ་ལྔའི་ནང་དཔལ་བྱོར་གྱི་ཐད་ལ་གྲུབ་འབྲས་ཡག་པོ་མ་བྱུང་ཚེ། ཁོའི་ཆབ་སྲིད་ཀྱི་གོ་གནས་ལའང་རྙོག་གླེང་བྱུང་སྲིད་པ་རེད། ཐེངས་འདིའི་ཚོགས་ཆེན་ཐོག་དབུས་དངུལ་ཁང་ཆེན་མོའི་འགན་འཛིན་དང་སྲིད་བློན་(རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་བབ་ཐོག་འགན་འཁུར་གཙོ་བོ་ལེན་དགོས་པ)སོགས་དཔལ་འབྱོར་གྱི་རྨང་གཞིའི་གཙོ་གནད་ཁག་ཅིག་ཐོག་བསྒྱུར་བཅོས་གཏོང་གི་རེད།

རིམས་ནད་གཙང་སེལ།

Medical staff testing residents in Guiyang, Guizhou Province

རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་གཙང་སེལ་གྱི་སྲིད་ཇུས་དེ་ནི་ཞི་ཅིན་ཕིང་གི་མཚོན་བྱེད་རང་བཞིན་ལྡན་པའི་སྲིད་ཇུས་ཤིག་ཡིན་པ་རེད། འཛམ་གླིང་གི་རྒྱལ་ཁབ་ཕལ་ཆེ་བའི་གནས་སྟངས་སྔར་རྒྱུན་ལྟར་ཆགས་ཀྱི་ཡོད་པའི་སྐབས་འདིར། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་བཀག་སྡོམ་སྔར་ལས་ཤུགས་ཆེ་རུ་བཏང་སྟེ། གཞི་རྒྱ་ཆེན་པོའི་ཐོག་ནས་ཏོག་དབྱིབས་བརྟག་དཔྱད་དང་དུས་ཡུན་རྒྱས་བཅད་ཀྱིས་ཟུར་འཇོག་བྱེད་བཞིན་ཡོད་པ་རེད།

དེ་འབྲེལ་སྙན་ཐོའི་ནང་། ཉེ་བའི་གཟའ་འཁོར་ཁ་ཤས་ནང་དུ་ཧྲིན་ཀྲིན་དང་ཁྲིན་ཏུའུ་སོགས་གྲོང་ཁྱེར་ ༧༠ ལྷག་གི་ནང་དུ་ཐེམ་སྤང་བཀག་རྒྱའི་དུས་ཡུན་འདྲ་མིན་བཟོས་པས་མི་མང་པོར་སྡོད་ཁང་གི་དཀའ་ངལ་དང་། ཚོང་ལས་ཀྱི་གྱོང་གུད་ཆེན་པོ་ཕོག་པ་སོགས་ཀྱིས་མང་ཚོགས་ནང་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་པོ་བསྐྲུན་ཏེ། ཐེངས་འདིའི་ཚོགས་ཆེན་ལའང་བར་ཆད་དང་ཞི་ཅིན་ཕིང་གི་དབང་ཆའི་འཐབ་རྩོད་ལའང་འགོག་རྐྱེན་ཆེན་པོ་ཞིག་ཏུ་འགྱུར་ཉེན་ཡོད་པ་རེད།

ཐའེ་ཝན་དང་ནུབ་ཕྱོགས་རྒྱལ་ཁབ།

ཞི་ཅིན་ཕིང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ལངས་ཕྱོགས་མཁྲེགས་པོ་འཛིན་བཞིན་པ་དང་། ལྷག་པར་དུ་ཐའེ་ཝན་གྱི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་སྲིད་ཇུས་མཁྲེགས་པོ་འཛིན་བཞིན་པ་དེ་ནི་བསྔགས་བརྗོད་བྱེད་ཡུལ་ཞིག་ཆགས་ཡོད་ངེས་རེད། འདི་ལོའི་ཕྱི་ཟླ་ ༨ པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སེ་ཐའེ་ཝན་ནང་གཟིགས་སྐོར་དུ་ཕེབས་པར་བརྟེན། རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་ཁུལ་དུ་མེ་ཤུགས་འཕུར་མདའ་ཐད་གཏོང་བྱས་པ་སོགས་ཚུད་པའི་གཞི་རྒྱ་ཆེ་བའི་དྲག་པོའི་དམག་ཤུགས་ངོམས་ཡོད་པ་རེད། རྒྱ་ནག་གིས་ཐའེ་ཝན་ནི་ཁ་འབྲལ་ཐབས་མེད་པའི་ཁོངས་གཏོགས་ཞིང་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱིས་སྔ་ཕྱི་མ་གཏོགས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཚུད་དགོས་པ་ཞིག་ཏུ་སེམས་ཀྱི་ཡོད། ཡིན་ནའང་། ཐའེ་ཝན་གྱིས་རང་ཉིད་རྒྱ་ནག་དང་ཐ་དད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། 

རྒྱ་ནག་དང་ཐའེ་ཝན། སྟབས་བདེའི་ལམ་སྟོན་ཞིག

ཞི་ཅིན་ཕིང་གིས་ཕྱི་ལོ་ ༢༠༤༩ ལོར་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་ ༡༠༠ འཁོར་བའི་ནང་ཚུན་དུ་ཐའེ་ཝན་དང་གཅིག་གྱུར་གྱི་བྱ་བ་ངེས་པར་དུ་མངོན་འགྱུར་བྱུང་དགོས་པ་དང་། དེ་ཡང་དྲག་པོའི་སྟོབས་ཤུགས་བཀོལ་མི་དགོས་པར་ལེགས་འགྲུབ་བྱུང་དགོས་སྐོར་བརྗོད་ཡོད་པ་རེད། བདེ་འཇགས་དཔྱད་བརྗོད་པ་ཚོས་རྒྱ་ནག་གིས་ཐའེ་ཝན་བདག་བཟུང་བྱས་ཚེ་ནུབ་ཞི་བདེ་རྒྱ་མཚོའི་ཁུལ་དང་དེ་མིན་གྱི་ས་ཁུལ་ཁག་གི་ཨ་རིའི་སྟོབས་ཤུགས་ལ་གཏོར་སྐྱོན་ཐེབས་སྲིད་སྐོར་བརྗོད་ཀྱི་ཡོད་པ་རེད།

ནུབ་ཕྱོགས་པར་མཚོན་ན། ཐའེ་ཝན་ནི་ཐབས་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ཞིག་སྟེ། གླིང་ཕྲན་གྱི་འབྲེལ་ཐག་དང་པོ་(first island chain)ཞེས་རྗོད་ཀྱི་ཡོད་ལ། དེའི་ཁོངས་སུ་དུས་ཡུན་རིང་པོར་ཨ་རི་དང་མནའ་འབྲེལ་བཙུགས་པའི་མངའ་ཁུལ་མང་པོའི་ཐོ་གཞུང་ཡང་ཚུད་ཡོད་པ་རེད།

 

 

 

 

 

མ་རྩོམ་གྱི་འབྲེལ་ཐག།https://www.bbc.com/news/world-asia-62970531

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese